\id PRO – NTB \h ལེགས་བཤད། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \mt1 ༄༅།།ལེགས་བཤད་ཀྱི༌མདོ། \imt1 ལེགས་བཤད་ཀྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi དམ་པའི་གསུང་རབ་ཀྱི་ལེགས་བཤད་མང་ཆེ་ཤོས་བསྡུས་བརྗོད་བྱས་ཡོད་པར་མ་ཟད་ཞིབ་ཚགས་ལྡན་པ་ཞིག་ཀྱང་ཡིན། དེ་ཡང་མིའི་སྤྱོད་ལམ་གྱི་བདེན་ལུགས་སྐོར་ནན་གྱིས་བརྗོད་ཡོད། ལེགས་བཤད་ཀྱི་སྤྱིའི་ཁྱད་ཆོས་ཤིག་ནི་སྐད་ཡིག་གི་རྒྱན་ཚིག་བཀོལ་ཡོད་པ་དེ་རེད། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi གཞུང་འདིའི་འགོ་ནས་སོ་ལོ་མོན་གྱི་ལེགས་བཤད་ཅེས་གསུངས་ཡོད་ནའང་། ཁོང་ནི་གཞུང་འདི་ཡི་གེར་འགོད་མཁན་འབའ་ཞིག་མིན་པ་དེ་ལེའུ་ཕྱི་མ་རྣམས་སུ་གསལ་པོར་ངེས། ཡིན་ན་ཡང་གཞུང་འདིའི་ལེགས་བཤད་མང་ཆེ་ཤོས་ཡི་གེར་འགོད་མཁན་སོ་ལོ་མོན་ཡིན་པ་དང་། ལེགས་བཤད་དེ་དག་ཡེས་ར་ཨེལ་གྱི་རྒྱལ་ཁམས་གཅིག་གྱུར་ཡིན་པའི་དུས་སྐབས་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་པ་ནས་བྱུང་བ་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ལེའུ་དང་པོའི་ཚིག་རྐང་དང་པོ་ནས་བདུན་པའི་བར་གྱི་བརྗོད་གཞི་ལྟར་ན། ལེགས་བཤད་ཀྱི་གཞུང་ནི་གཞོན་སྐྱེས་བླུན་པོ་རྣམས་ལ་བློ་གྲོས་སྩོལ་བ་དང་། གཞོན་ནུ་རྣམས་ལ་ཤེས་བྱ་དང་རྣམ་དཔྱོད་རྒྱས་པའི་སྐོར་ཡིན། དེ་ནི་ལེའུ་དང་པོའི་ཚིག་རྐང་བཞི་པ་ནས་དྲངས་པ་དང་། མཁས་པ་རྣམས་ནི་ཤིན་ཏུ་མཁས་པར་བྱེད་པའི་ཆེད་དུ་ཡི་གེར་བཀོད་པ་བཅས་ཡིན། དེའི་སྐོར་ལེའུ་དང་པོའི་ཚིག་རྐང་ལྔ་པའི་ནང་གསལ། སྤྱིར་མཁས་པར་འགྱུར་བ་དང་རྨོངས་པའི་སེམས་ལ་ཇི་ལྟར་གཡོལ་བར་རྟོགས་པ་བཅས་ཀྱིས་བདེ་ཐང་དང་འཇོན་ཐང་ཅན་དུ་འཁྲིད་པར་འགྱུར། ལེགས་བཤད་ཀྱི་གཞུང་འདི་ནི་ཁ་ཡོད་ལག་ཡོད་ཀྱི་འཚོ་བ་དང་འབྲེལ་བའི་བསྟན་བཅོས་ཤིག་ཡིན་ནའང་། ཤེས་རབ་ཀྱི་རྩ་བ་ནི་དཀོན་མཆོག་ལ་གུས་ཤིང་འཇིགས་དགོས་པ་རེད། དེའི་སྐོར་ལེའུ་དང་པོའི་ཚིག་རྐང་བདུན་པའི་ནང་གསལ། \is1 འཆར་ཟིན། \ipi 1. དམིགས་ཡུལ་དང་བརྗོད་གཞིའི་སྐོར། ༼1:1-7༽ \ipi 2. ཁྱད་དུ་འཕགས་པའི་ཤེས་རབ་ཀྱི་སྐོར། ༼1:8-9:18༽ \ipi 3. རྒྱལ་པོ་སོ་ལོ་མོན་གྱི་ལེགས་བཤད་རྣམས། ༼10:1-22:16༽ \ipi 4. མཁས་པའི་ངག་རྒྱུན། ༼22:17-24:34༽ \ipi 5. རྒྱལ་པོ་སོ་ལོ་མོན་གྱི་ལེགས་བཤད་གཞན་དག ༼25:1—29:27༽ \ipi 6. ཨ་གུར་དང་ལེ་མུ་ཨེལ་ཞེས་བྱ་བ་གཉིས་ཀྱི་ངག་རྒྱུན་གྱི་སྐོར། ༼30:1-31:9༽ \ipi 7. ཕུལ་དུ་བྱུང་བའི་ཆུང་མའི་སྐོར། ༼31:10-31༽ \c 1 \cl ལེའུ་དང༌པོ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ལེགས་བཤད་ཀྱི་རིན༌ཐང༌། \p \v 1 ཡེས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་སྲས་སོ་ལོ་མོན་གྱི་ལེགས་བཤད་ནི་འདི་ལྟ༌སྟེ། \v 2 མི་ལ་ཤེས་རབ་འཐོབ་ཆེད༌དང༌། །དེ་ནས་གདམས་ངག་རྟོགས་ཕྱིར༌དང༌། །གཞན་ཡང་བརྗོད་པའི་ལེགས་ཉེས༌ཀྱི། །དབྱེ་བ་གསལ་ཞིང་གསལ་ཕྱིར༌དང༌།། \v 3 དྲང་བདེན་དྲང་གཞག་གཟུ་བོའི་བློར་གནས༌ཏེ། །ཤེས་རབ་བསླབ་བྱ་དང་དུ་ལེན་ཆེད༌དང༌།། \v 4 བླུན་པོ་དག་ནི་ཧ་ཅང་བློ་གྲོས་ལྡན་པ༌དང༌། །གཞོན་ནུ་རྣམས་ལ་ཤེས་བྱ་རྣམ་དཔྱོད་འཐོབ་ཕྱིར༌རོ།། \v 5 མཁས་པས་ཐོས་ན་ཤིན་ཏུ་མཁས་པར་འགྱུར་བ་དང༌། །བློ་གྲོས་ཅན་གྱིས་ཇུས་བཟང་རྙེད་པར་འགྱུར་ངེས༌ཡིན།། \v 6 ལེགས་པར་བཤད་དང་དཔེ་ཡི་འགྲེལ་བ༌དང༌། །མཁས་པའི་གསུང་དང་གབ་ཚིག་རྟོགས་ཕྱིར༌རོ།། \v 7 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ཤེས་ཡོན་ཀུན་གྱི་ཐོག་མ་ཡིན༌པ་འོ། །འོན་ཀྱང་བླུན་པོ་དག་གིས་ཤེས་རབ༌དང༌། །གདམས་ངག་གཉིས་པོ་ཁྱད་དུ་གསོད་པར༌བྱེད།། \s1 ན་གཞོན་རྣམས་ལ་གནང་བའི་བསླབ༌བྱ། \p \v 8 ཀྱེ་ཀྱེ་བདག་གི་བུ་ཁྱོད༌ཀྱིས། །རང་གི་ཕ་ཡི་བཀའ་ལ༌ཉོན། །མ་ཡི་བསླབ་བྱ་འདོར་མི༌བྱ།། \v 9 འདི་གཉིས་ཁྱོད་ཚོའི་མགོ་ཐོག༌གི །ཐུགས་རྗེའི་ཟིལ་ལྡན་གཙུག་རྒྱན༌དང༌། །མཇིང་པའི་མགུལ་རྒྱན་ཡིན་ལགས༌སོ།། \v 10 ཀྱེ་ཀྱེ་བདག་གི་བུ་ཁྱོད༌ཀྱིས། །གལ་སྲིད་སྡིག་ཅན་རྣམས་ཀྱིས༌ཁྱོད། །བསླུ་བར་བྱེད་ན་དེར་མ༌བསྟུན།། \v 11 གལ་ཏེ་ཁོ་ཚོས་འདི་ལྟར༌དུ། །ངེད་དང་མཉམ་དུ་ཤོག་ཅིག༌དང༌། །གཞན་གྱི་ཁྲག་ནི་བཞུར་བའི༌ཕྱིར། །ལྐོག་ནས་སྒུག་སྟེ་སྡོད་པར༌བྱ། །ཉེས་མེད་མི་ལ་དོན་མེད༌དུ། །འཚེ་བའི་ཕྱིར་དུ་འཇབ་པར༌བྱ།། \v 12 དེ་དག་གཤིན་ཡུལ་ཚུལ་དུ༌དང༌། །དོང་ནང་འགྲིལ་མཁན་དང་མཚུངས༌པར། །ཡོངས་སུ་གསོན་པོར་ཁྱུར་མིད༌གཏོང༌།། \v 13 དེ་ནས་རིན་ཆེན་སྣ་ཚོགས༌ནི། །ང་ཚོར་འཐོབ་ཅིང་རང་ཁྱིམ༌ལ། །བཅོམ་ནོར་གྱིས་ནི་འགེང་བར༌བྱ།། \v 14 ཁྱོད་རང་ང་ཚོའི་གྲས་སུ༌ཞུགས། །རང་ཅག་ཀུན་པོས་དངུལ་ཁུག༌གཅིག །སྤྱོད་པར་འགྱུར་རོ་ཞེས་ཟེར༌ན།། \v 15 ཀྱེ་ཀྱེ་བདག་གི་བུ་ཁྱོད༌རང༌། །དེ་ཚོར་གཤིབ་སྟེ་མི་འགྲོ༌ཞིང༌། །རྐང་པ་ལམ་དེར་སྤོ་མི༌བྱ།། \v 16 དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །དེ་དག་ངན་པའི་ཕྱོགས་སུ༌རྒྱུག །དེ་དག་མི་ཁྲག་བཞུར་བར༌རྔམ།། \v 17 འདབ་ཆགས་བྱ་ཡི་མཐོང་ངོ༌རུ། །དྲ་རྒྱ་བཙུགས་ཀྱང་ཅི་ལ༌ཕན།། \v 18 དེ་རྣམས་རང་གི་ཁྲག་ནི་བཞུར་བར༌སྒུག །འཇབ་ནས་རང་སྲོག་འཚེ་བར་བྱེད་པ༌འོ།། \v 19 རྒྱུ་ནོར་མི་གཙང་བ་ལ་ཆགས་པ་རྣམས། །འགྲོ་བའི་ལམ་ནི་ཐམས་ཅད་དེ་ག༌ཡིན། །རྒྱུ་དེས་ནོར་རྔམ་ཅན་གྱི་ཚེ་སྲོག༌འཇོམས།། \s1 ཤེས་རབ་ཀྱི་འབོད༌སྐད། \p \v 20 སྲང་ལམ་དུ་ནི་ཤེས་རབ་ཀྱིས་སྐད༌རྒྱག །ཐང་ཆེན་དུ་ནི་ཁོ་མོས་འབོད་སྒྲ༌སྒྲོག། \v 21 ཁོ་མོས་འདུ་འཛིའི་ལམ་མདོ་དག་ནས་འབོད། །མཁར་སྒོ་རྣམས་སུ་འདི་ལྟར་གཏམ་གླེང༌སྟེ།། \v 22 ཁྱོད་ཅག་བླུན་པོ་རྣམས་ནི་རྨོངས་པར༌ཆགས། །ཁྱོད་ཅག་འཕྱ་མཁན་རྣམས་ནི་འཕྱ་བར༌དགའ། །གླེན་པ་ཤེས་བྱར་སྡང་ནས་ནམ་དུས༌བར།། \v 23 ང་ཡི་བཀྱོན་ཚིག་དབང་གིས་ཕྱིར་འཁོར༌ཤོག །ཀྱེ་ཀྱེ་ང་ཡི་སེམས་ཉིད་ཁྱོད་ཚོར༌གཏོང༌། །བཀའ་མཆིད་ཀྱང་ནི་ཁྱོད་ཚོར་མཛུབ་སྟོན༌བྱ།། \v 24 ང་ཡིས་འབོད་དུས་ཁྱོད་ཚོས་རྣ་མ༌གཏད། །ང་ཡིས་ལག་པ་བརྐྱངས་མོད་སུ་ཡིས༌ཀྱང༌། །དོ་སྣང་ཙམ་ཡང་བྱེད་པ་མ་བྱུང༌ངོ༌།། \v 25 ང་ཡི་བསླབ་བྱ་ཐམས་ཅད་སྣང་མེད༌བསྐྱུར། །ང་ཡི་བཀྱོན་ཚིག་ཀྱང་ནི་མ་བརྩིས༌པས།། \v 26 ཁྱོད་ཅག་ཉོན་རེ་མོངས་པའི་དུས་སུ༌ནི། །ང་རང་དགོད་ཅིང་ཁྱོད་ཅག་འཇིགས་སྣང༌དུ། །ལྟུང་བའི་སྐབས་སུ་ངས་ཀྱང་འཕྱ་བར༌བྱ།། \v 27 འཇིགས་སྣང་རླུང་དམར་བཞིན་དུ་ཁྱོད་ཚོར༌འབབ། །ཆག་སྒོ་དྲག་རླུང་བཞིན་དུ་བསླེབ་པར༌འགྱུར། །སྡུག་བསྔལ་དང་ནི་ཟུག་རྔུ་འབྱུང་དུས༌སུ།། \v 28 དེ་ཚོས་ང་ལ་ཞུ་འབོད་བྱེད་མོད༌ཀྱང༌། །བདག་གིས་དེ་ལ་ཨ་ལན་འདེབས་པ༌མིན། །ནན་གྱིས་ང་རང་བཙལ་ཡང་རྙེད་མི༌འགྱུར།། \v 29 རྒྱུ་མཚན་དེ་རྣམས་ཤེས་བྱར་སྡང་བ༌དང༌། །ཡ་ཝཱེར་གུས་ཤིང་འཇིགས་པ་མ་བདམས༌སོ།། \v 30 བདག་གི་ཁ་ཏ་དང་དུ་མ་བླངས༌ཤིང༌། །བདག་གི་བཀའ་བཀྱོན་ཁྱད་དུ་བསད་པ༌འོ།། \v 31 དེའི་ཕྱིར་ཁོ་ཚོས་རང་གི་འབྲས་ངན༌བཟའ། །རང་གི་ཇུས་ཀྱིས་ཡོངས་སུ་འཚེ་བར༌འགྱུར།། \v 32 བླུན་པོ་རྣམས་ཀྱི་ཕྱིན་ལོག༌གིས། །རང་ཉིད་འཆི་བའི་ལམ་དུ༌འཇུག །གླེན་པ་རྣམས་ཀྱི་བདེ་བ༌ཡིས། །རང་ཉིད་སྲོག་དང་འབྲལ་བར༌འགྱུར།། \v 33 འོན་ཀྱང་སུ་ཡིས་ང་ལ་མཉན་གྱུར༌ན། །ཉེ་ཞོ་མེད་པར་བདེ་བར་གནས་པ༌དང༌། །ཆག་སྒོ་འབྱུང་བའི་འཇིགས་པ་དང་གྱེས༌ཏེ། །བློ་བདེ་བག་ཕེབས་ངང་ནས་འཚོ་བར༌འགྱུར།། \c 2 \cl ལེའུ་གཉིས༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཤེས་རབ་ཀྱི་གནང༌སྦྱིན། \p \v 1 ཀྱེ་ཀྱེ་བདག་གི་བུ་ལགས་ཁྱོད་ཀྱིས༌ནི། །ཅི་སྟེ་བདག་གི་ཚིག་རྣམས་དང་བླངས༌ཏེ། །བཀའ་རྒྱ་རྣམས་ནི་སེམས་སུ་འཛིན་པ༌དང༌།། \v 2 རྣ་བ་བླགས་ཏེ་ཤེས་རབ་ལ་མཉན༌ཞིང༌། །བློ་དང་རིག་པ་འཚོལ་བར་གཞོལ་བ༌དང༌།། \v 3 རྣམ་དཔྱོད་འཚོལ་ཕྱིར་འབོད་པ་དང་། །བློ་གྲོས་ཕྱིར་ནི་སྐད་བཏོན་ཏེ།། \v 4 དངུལ་ནི་འཚོལ་བ་བཞིན་དུ་དེ་འཚོལ༌ཞིང༌། །རིན་ཆེན་གཏེར་བཞིན་དེ་ནི་བསྔོག་གྱུར༌ན།། \v 5 ཁྱོད་ཀྱིས་ཡ་ཝཱེར་གུས་ཤིང་འཇིགས་པ༌རྟོགས། །དཀོན་མཆོག་ཁོང་ཉིད་ཤེས་པར་འགྱུར་བ༌འོ།། \v 6 དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །ཡ་ཝཱེས་ཤེས་རབ་གནང་བ༌དང༌། །ཤེས་བྱ་དང་ནི་བློ་གྲོས༌ཀུན། །ཁོང་གི་ཞལ་ལས་ཐོན་ཕྱིར༌རོ།། \v 7 དྲང་པོའི་དོན་དུ་ཤེས་རབ་གཅེས་ཉར༌མཛད། །སྤྱོད་བཟང་ཅན་གྱི་ཕུབ་ཀྱང་ཁོང་ཉིད༌ཡིན།། \v 8 དྲང་གཞག་བགྲོད་ལམ་བསྲུང་ཞིང་སྐྱོབ་པ༌དང༌། །དད་གུས་ལྡན་པའི་ལམ་ནི་བསྲུང་བར༌མཛད།། \v 9 དེ་ནས་དྲང་བདེན་དྲང་གཞག་གཟུ་བོ༌དང༌། །ལམ་བཟང་མཐའ་དག་ཁྱོད་ཀྱིས་རྟོགས་འགྱུར༌ཏེ།། \v 10 ཤེས་རབ་ཁྱོད་ཀྱི་སེམས་སུ་ཞུགས་པ༌དང༌། །ཤེས་བྱས་ཁྱོད་ཀྱི་སེམས་ནི་སྐྱིད་པར༌བྱ།། \v 11 ཤན་འབྱེད་ནུས་པས་ཁྱོད་རང་བསྲུང་བ༌དང༌། །བློ་གྲོས་ཀྱིས་ནི་ཁྱོད་ལ་གཟིགས་སྐྱོང༌མཛད།། \v 12 ཁྱོད་རང་ངན་པའི་ལམ་ནས་སྐྱོབ་པ༌དང༌། །ཁུངས་མེད་འཆལ་གཏམ་སྨྲ་མཁན་མི་རྣམས༌ལས། །ཐར་བར་མཛད་པའི་ཆེད་དུ་ཡིན་ལགས༌ཤིང༌།། \v 13 དེ་རྣམས་དྲང་པོའི་ལམ་འདོར༌ཞིང༌། །མུན་ནག་ལམ་དུ་ཞུགས་པ༌འོ།། \v 14 དེ་དག་ངན་པ་བྱེད་པར་ཡིད་མོས༌ཤིང༌། །ངན་པའི་ནོར་འཛོལ་ལ་ཡང་དགའ་བ༌ཡིན།། \v 15 དེ་དག་འགྲོ་བའི་ལམ་ནི་འཁྱོག་པོ༌དང༌། །བགྲོད་པའི་ལམ་ཡང་ལོག་པའི་ལམ་ཡིན༌ནོ།། \v 16 ཤེས་རབ་ཀྱིས་ནི་ཁྱོད་རང་བྱི་མོ༌དང༌། །གཡོ་ཟོལ་བསླུ་བྲིད་ཚིག་རྣམས་སྨྲ་བ༌ཡི། །སྨད་འཚོང་མ་ལས་སྐྱོབ་ཅིང་ཐར་བར༌མཛད།། \v 17 དེ་ཚོས་རང་ཉིད་ན་གཞོན་ཡིན་དུས༌ཀྱི། །བཟའ་ཟླ་སྤང་བར་བྱས་ཤིང་དཀོན་མཆོག༌གི །ཞལ་ཆད་ཀྱང་ནི་བརྗེད་པར་གྱུར་པ༌འོ།། \v 18 དེ་ནི་གང་གི་ཕྱིར་དུ་ཡིན་ཞེ༌ན། །ཁོ་མོའི་ཁྱིམ་ནི་འཆི་བའི་གནས་སུ༌ལྷུང༌། །ཁོ་མོའི་ལམ་ནི་གཤིན་པོའི་ཡུལ་དུ༌ཕྱོགས།། \v 19 ཁོ་མོའི་གམ་དུ་ཕྱིན་པ༌ཀུན། །ཕྱིར་ལོག་འོང་བ་སུ་ཡང༌མེད། །སྲོག་གི་ལམ་ཡང་ཐོབ་པ༌མེད།། \v 20 དེ་བས་ཁྱོད་ཀྱི་བགྲོད་ལམ༌ནི། །བཟང་པོའི་ལམ་ལ་བསྐྱོད་དགོས༌ཤིང༌། །དྲང་བདེན་ལམ་དང་མ་འབྲལ༌ཞིག། \v 21 གང་ལ་ཞེ་ན་གཟུ་བོ༌རྣམས། །ཡུལ་འདིར་བདེ་བར་གནས་པ༌དང༌། །ཕུལ་དུ་བྱུང་བའི་མི་རྣམས༌ནི། །འདི་ཡི་སྟེང་དུ་སྡོད་པར༌འགྱུར།། \v 22 མི་ངན་ཡུལ་འདིར་འཕྲལ་བྱེད༌ཅིང༌། །གཡོ་སྒྱུའི་སྦྱོར་བ་སྤེལ་མཁན༌ནི། །འདི་ལས་རྩ་མེད་གཏོང་ཕྱིར༌རོ།། \c 3 \cl ལེའུ་གསུམ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ན་གཞོན་རྣམས་ལ་གནང་བའི་བསླབ༌བྱ། \p \v 1 བདག་གི་བུ་ལགས་ང་ཡི་བསླབ་བྱ་བརྗེད་མི༌རུང༌། །ཁྱོད་ཀྱི་སེམས་ཀྱིས་ང་ཡི་བཀའ་རྒྱ་ནན་གྱིས་རྩིས།། \v 2 གང་ལ་ཞེ་ན་དེ་དག༌གིས། །ཚེ་རིང་ན་སོ་ཆེ་བ༌དང༌། །ཞི་བདེ་ཁྱོད་ལ་སྣོན་པར༌འགྱུར།། \v 3 བྱམས་བརྩེ་དང་ནི་བདེན་པ༌ཉིད། །ཁྱོད་དང་འབྲལ་བར་མི་བྱ༌ཞིང༌། །དེ་གཉིས་རང་གི་སྐེར་བཏགས༌ནས། །སྙིང་གི་བྱང་བུའི་སྟེང་དུ༌ཕྲིས།། \v 4 དེ་ནས་དཀོན་མཆོག་དང་ནི་མི་གཉིས༌ཀའི། །སྤྱན་སྔར་ཐུགས་རྗེ་མཚན་སྙན་ཁྱོད་ལ༌འཐོབ།། \v 5 ཁྱོད་ཀྱིས་བློ་གཅིག་སེམས་གཅིག༌གིས། །ཡ་ཝཱེ་ཁོང་ལ་བློ་གཏོད༌ཅིག །རང་གི་རིག་པར་མ་བརྟེན༌ཞིག། \v 6 རང་ཉིད་འགྲོ་བའི་ལམ་ཀུན༌དུ། །ཁོང་ཉིད་ཁས་ནི་ལེན་པར༌གྱིས། །ཁོང་གིས་ཁྱོད་ཀྱི་བགྲོད་ལམ༌ནི། །བདེ་ཞིང་དྲང་བར་མཛད་ངེས༌ཡིན།། \v 7 རང་ཉིད་མཁས་པ་ཡིན་པར་མ་འདོད༌ཅིག །ཡ་ཝཱེ་ལ་ནི་གུས་ཤིང་འཇིགས་པར༌གྱིས། །ངན་པའི་ལས་དང་རིང་དུ་བྲལ་གྱུར༌ཅིག། \v 8 དེས་ནི་ཁྱོད་ཀྱི་ལུས་པོ་བདེ་བ༌དང༌། །ཁྱོད་ཀྱི་རུས་ཟུངས་གསོ་བར་འགྱུར་བ༌འོ།། \v 9 ཁྱོད་ཀྱིས་རང་གི་རྒྱུ་ནོར༌དང༌། །ལོ་ཏོག་ཀུན་གྱི་ཐོག་ཕུད༌ཀྱིས། །ཡ་ཝཱེ་ལ་ནི་བསྙེན་བཀུར༌གྱིས།། \v 10 དེ་ནས་ཁྱོད་ཀྱི་བང་མཛོད་བལྟམ་ངེས་ཤིང་། །རྒུན་ཆང་གསར་པས་འཚིར་གཞོང་གང་བར༌འགྱུར།། \v 11 ངའི་བུ་ཡ་ཝཱེའི་འཆུན་འདོམས་ཁྱད་མ་གསོད། །ཁོང་གི་བཀའ་བཀྱོན་ལ་ཡང་སུན་མི༌རུང༌།། \v 12 དེ་ནི་གང་གི་ཕྱིར་དུ་ཡིན་ཞེ༌ན། །ཕ་ཡིས་རང་གི་གཅེས་པའི་བུ་ལ༌ནི། །གཤེ་གཤེ་གཏོང་བ་ནང་བཞིན་ཡ་ཝཱེས༌ཀྱང༌། །གཅེས་པ་རྣམས་ལ་བཀའ་བཀྱོན་གནང་ཕྱིར༌རོ།། \v 13 ཤེས་རབ་རྙེད་པའི་སྐྱེས་བུ༌དང༌། །བློ་གྲོས་ཐོབ་མཁན་བདེ་ཞིང༌སྐྱིད།། \v 14 དེ་ནི་ཅིའི་ཕྱིར་ཡིན་ཞེ༌ན། །ཤེས་རབ་ལས་ཐོབ་ཁེ་སྤོགས༌ནི། །དངུལ་གྱི་ཁེ་སྤོགས་ལས་ཀྱང༌མཆོག །ཁོ་མོ་ \f + \ft འདིར་ཁོ་མོ་ཞེས་པ་ནི་གོང་གི་ཤེས་རབ་ལ་གོ་བ་དང་། ཞོལ་ནས་འབྱུང་བའི་ཁོ་མོ་ཞེས་པ་ཡང་དེ་བཞིན་ཡིན། \f*ལས་ཐོབ་ཡོང་འབབ༌ནི། །གསེར་གྱི་ཡོང་འབབ་ལས་ཀྱང༌འཕགས།། \v 15 པད་མ་ར་ག་ལས་ཀྱང་ཁོ་མོ་རིན་ཐང༌ཆེ། །ཁྱོད་ཀྱིས་གང་འདོད་ཐམས་ཅད་དེ་དང་མཚུངས་ཟླ༌བྲལ།། \v 16 ཁོ་མོའི་ཕྱག་གཡས་སྐུ་ཚེ་རིང་བ༌དང༌། ཁོ་མོའི་ཕྱག་གཡོན་རྒྱུ་དང་བཀུར་སྟི༌མངའ།། \v 17 ཁོ་མོའི་གཤེགས་ལམ་རྣམས་ནི་དགའ་བདེའི༌ལམ། །ཁོ་མོའི་ཕེབས་ལམ་ཐམས་ཅད་ཞི་བདེ༌ཡིན།། \v 18 ཁོ་མོ་དམ་པོར་འཛིན་པ་རྣམས་ལ༌ནི། །ཁོ་མོ་སྲོག་གི་ལྗོན་ཤིང་ཡིན་པ༌དང༌། །ཁོ་མོ་དམ་པོར་འཆིང་བ་ཐམས་ཅད༌བདེ།། \v 19 ཡ་ཝཱེས་ཤེས་རབ་ཀྱིས་ནི་ས་གཞིའི་རྨང་བཏིངས་ཤིང་། །མཁྱེན་རབ་ཀྱིས་ནི་ནམ་མཁའ་བརྟན་པོར་མཛད་པ༌ལགས།། \v 20 ཁོང་གི་མཁྱེན་པས་རྒྱ་མཚོའི་གཏིང་འོག༌ཕྲལ། །ནམ་མཁའ་ལས་ཀྱང་བདུད་རྩི་འབབ་པ༌ཡིན།། \v 21 ངའི་བུ་ཁྱོད་ཀྱིས་ཤེས་རབ་དངོས་མ༌དང༌། །ཤན་འབྱེད་བློ་ནི་ནན་གྱིས་བསྲུངས་ནས༌ནི། །དེ་དག་རང་གི་མཐོང་རྒྱར་འབྲལ་མི༌བྱ།། \v 22 དེ་ནས་དེ་དག་ཁྱོད་ཀྱི་ཚེ་སྲོག༌དང༌། །མགུལ་གྱི་རྒྱན་དུ་ཡང་ནི་འགྱུར་ངེས༌ཤིང༌།། \v 23 ཁྱོད་རང་ལམ་དུ་བདེ་བར་འགྲོ་བ༌དང༌། །གོམ་པ་ཡང་ནི་འཁྱོར་བར་མི་འགྱུར༌རོ།། \v 24 ཁྱོད་རང་སྙེ་བའི་དུས་སུ་འཇིགས་མི༌འགྱུར། །མལ་དུ་ཉལ་དུས་བདེ་བའི་གཉིད་དུ༌ཡུར།། \v 25 གློ་བུར་བྱུང་བའི་འཇིགས་པར་མ་སྐྲག༌ཅིག །མི་ངན་རྩ་མེད་གཏོང་དུས་མ་དངངས༌ཤིག། \v 26 ཡ་ཝཱེ་ཁོང་ཉིད་ཁྱོད་ཀྱི་བརྟེན་ས༌ཡིན། །ཁྱོད་ཀྱི་རྐང་པ་རྙི་རྒྱར་མི་ཚུད༌ཆེད། །ཁོང་གིས་བསྲུང་བར་འགྱུར་བའི་ཕྱིར་དུ༌ཡིན།། \v 27 ཁྱོད་ཀྱི་ལག་པའི་ནང་དུ་དྲིན་བྱེད༌པའི། །དབང་ཡོད་རིང་ལ་གཡོལ་ཐབས་མི་བྱེད༌པར། །རོགས་རམ་མཁོ་བ་རྣམས་ལ་དྲིན་གཟོས༌ཤིག། \v 28 ཅི་སྟེ་ཁྱོད་ཀྱི་ལག་ཏུ་ཡོད་དུས༌སུ། །རང་གི་ཁྱིམ་མཚེས་ལ་ནི་ད་སོང༌ཞིག །སང་ཉིན་ཤོག་དང་ངས་ཁྱོད་སྦྱིན་མ༌ཟེར།། \v 29 ཁྱིམ་མཚེས་ཁྱོད་རྩར་བདེ་བར་སྡོད་པའི༌ཚེ། །ཇུས་ངན་བཏབ་ནས་དེ་ལ་འཚེ་མི༌རུང༌།། \v 30 ཁྱོད་ལ་གནོད་པ་བསྐྱལ་བ་མིན་ན༌ནི། །སུ་ཞིག་ལ་ཡང་དོན་མེད་འཁྲུག་མི༌བྱ།། \v 31 གདུག་རྩུབ་ཅན་ལ་ཕྲག་དོག་མ་བསྐྱེད༌ཅིག །དེ་ཡི་ལམ་ནི་གང་ཡང་འདེམས་མི༌རུང༌།། \v 32 དེ་ནི་ལོག་ལམ་ཕྱིན་པ༌ལ། །ཡ་ཝཱེ་ཐུགས་ནས་ཞེན་ལོག༌ཅིང༌། །གཞུང་རྒྱུད་དྲང་བའི་མི་རྣམས༌ལ། །ཁོང་གིས་སྙིང་ནས་བརྩེ་ཕྱིར༌རོ།། \v 33 མི་ངན་ཁྱིམ་ལ་ཡ་ཝཱེའི་དམོད་པ༌ཐེབས། །དྲང་པོའི་ཁྱིམ་ལ་ཁོང་གིས་བྱིན་རླབས༌གནང༌།། \v 34 འཕྱ་མཁན་རྣམས་ལ་ཁོང་གིས་འཕྱ་བར༌མཛད། །འོན་ཀྱང་སྙེམས་ཆུང་མི་ལ་ཐུགས་རྗེས༌གཟིགས།། \v 35 ཤེས་རབ་ཅན་ལ་བཀུར་སྟི་མངའ་འགྱུར༌ཡང༌། །གླེན་པ་རྣམས་ནི་ངོ་ཚར་ལྷུང་བར༌འགྱུར།། \c 4 \cl ལེའུ་བཞི༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཤེས་རབ་ཀྱི་ཕན༌ཡོན། \p \v 1 ཀྱེ་ཀྱེ་བུ་རྣམས་ཕ་ཡི་བསླབ་བྱར༌ཉོན། །གོ་བ་རྟོགས་པར་གཟབ་གཟབ་བྱས་ནས༌བརྩོན།། \v 2 བདག་གིས་ཁྱོད་ཚོར་སློབ་སྟོན་བཟང་པོ༌བྱེད། །དེའི་ཕྱིར་ང་ཡི་བསླབ་བྱ་འདོར་མི༌བྱ།། \v 3 ང་ནི་རང་གི་ཕ་ཡི་དྲུང་དུ་བུ་ཆུང༌དང༌། །མ་ཡི་མདུན་དུ་གཅེས་ཕྲུག་གཅིག་པུ་ཡིན་དུས༌སུ།། \v 4 ཕ་ཡིས་ང་ལ་བསླབ་བྱ་འདི་སྐད༌གནང༌། །ཁྱོད་ཀྱིས་སེམས་ནས་ང་ཡི་ཚིག་རྣམས༌རྩིས། །ང་ཡི་བཀའ་རྒྱ་སྲུངས་དང་གསོན་པར༌འགྱུར།། \v 5 ཤེས་རབ་དང་ནི་གོ་རྟོགས་ལེན་པ༌དང༌། །ང་ཡི་ཚིག་རྣམས་བརྗེད་པར་མི་བྱ༌ཞིང༌། །དེ་ལས་ལམ་ཡན་དུ་ཡང་འཁོར་མི༌བྱ།། \v 6 ཤེས་རབ་མ་སྤང་ཁོ་མོས་\f + \ft འདིར་ཁོ་མོ་ཞེས་པ་ནི་གོང་གི་ཤེས་རབ་ལ་གོ་བ་དང་། ཞོལ་ནས་འབྱུང་བའི་ཁོ་མོ་ཞེས་པ་ཡང་དེ་བཞིན་ཡིན། \f*ཁྱོད་ལ༌གཟིགས། །ཁོ་མོར་གཅེས་ན་ཁོ་མོས་ཁྱོད་རང༌བསྲུང༌།། \v 7 ཤེས་རབ་གཙོ་བོ་ཡིན་པས་ཤེས་རབ༌ལོངས། །རང་ལ་ཡོད་པ་ཀུན་གྱིས་གོ་རྟོགས༌འཚོལ།། \v 8 ཤེས་རབ་མཐོན་པོར་བསྒྲེངས་ན་ནི། །ཁོ་མོས༌ཁྱོད་རང་མཐོ་སར་འཇོག །ཁྱོད་ཀྱིས་ཤེས་རབ་པང་དུ་ལོངས། །ཁོ་མོས་ཁྱོད་ལ་བཀུར་སྟི་སྦྱིན།། \v 9 ཁོ་མོས་ཁྱོད་ཀྱི་མགོ་ལ་ནི། །ཐུགས་རྗེའི་གཙུག་རྒྱན༌བསྐོན་བྱེད་ཅིང་། །ཟིལ་གྱི་ཅོད་པན་ཁྱོད་ལ་གནང་།། \v 10 བདག་གི་བུ་ཡིས་ངའི་གཏམ་ལ། །མཉན་ནས་དང་དུ་ལོངས་ཤིག༌དང༌། །ཁྱོད་ནི་ཚེ་ཐག་རིང་པོར་གནས།། \v 11 ང་ཡིས་ཁྱོད་རང་ཤེས་རབ་ལམ་དུ༌དྲངས། །དྲང་པོའི་ལམ་དུ་སྐྱོད་པར་ལམ་སྟོན༌བྱས།། \v 12 ཁྱོད་རང་ལམ་ལ་བགྲོད་དུས༌སུ། །རྐང་པ་བཀག་རྒྱར་མི་ཐོགས༌ཤིང༌། །རྒྱུག་དུས་ས་ལ་འགྱེལ་མི༌འགྱུར།། \v 13 གདམས་ངག་དམ་པོར་བསྲུངས་ནས་ལྷོད་མི༌རུང༌། །ཁོ་མོ་ཚེ་སྲོག་ཡིན་པས་ནན་གྱིས༌སྲུངས།། \v 14 ངན་རུལ་ཅན་གྱི་ལམ་དུ་མི་ཞུགས༌ཤིང༌། །ངན་པའི་ལམ་དུ་འགྲོ་བར་མི་བྱ༌འོ།། \v 15 དེ་ལ་གཡོལ་ཞིང་དེའི་ནང་མ་འགྲོ༌ཞིག །ཁ་ཕྱིར་འཁོར་ནས་དེ་ལས་ཕར་སོང༌ཞིག། \v 16 ཅིའི་ཕྱིར་ཞེ་ན་དེ་རྣམས༌ཀྱིས། །ལས་ངན་མ་བྱས་གཉིད་མི༌ཐུབ། །སུ་ཞིག་བསྒྱེལ་བར་མ་བྱས༌ན། །དེ་རྣམས་གཉིད་ཀྱང་མི་ཁུག༌གོ། \v 17 དེ་ཚོའི་བཟའ་རྒྱུ་ངན་པའི་བག་ལེབ༌ཡིན། །དེ་ཚོའི་བཏུང་བ་གདུག་རྩུབ་རྒུན་ཆང༌ཡིན།། \v 18 དྲང་པོའི་བགྲོད་ལམ་སྐྱ་མདའ་ཤར་བ༌འདྲ། །ཉིན་གུང་བར་དུ་ཇེ་གསལ་འགྲོ་བ༌ཡིན།། \v 19 ངན་པའི་ལམ་ནི་སྨག་རུམ་དང་མཚུངས༌ཤིང༌། །རང་ཉིད་འགྱེལ་བའི་རྒྱུ་ཡང་རྟོགས་པ༌མིན།། \v 20 བདག་གི་བུ་ཡིས་བདག་གི་ཚིག་ལ༌སོམས། །ང་ཡི་གཏམ་ལ་རྣ་བ་གཏད་ནས༌ཉོན།། \v 21 དེ་རྣམས་རང་གི་མིག་དང་འབྲལ་མ༌འཇུག །གཟབ་ནན་བགྱིས་ནས་རང་གི་སེམས་ལ༌ཟུངས།། \v 22 འདི་དག་ཐོབ་པར་ཚེ་སྲོག་ཐོབ་པ༌དང༌། །ཁོ་ཚོའི་ལུས་ཁམས་བདེ་བར་འགྱུར་ཕྱིར༌རོ།། \v 23 བསྲུང་བྱ་ཀུན་ལས་རང་སེམས་ལྷག་པར་སྲུངས། །རྒྱུ་མཚན་དེ་ནི་སྲོག༌གི་འབྱུང་གནས་ཡིན།། \v 24 ལོག་པར་སྨྲ་བའི་ཁ་ནི་འདོར་བ༌དང༌། །སླུ་བྲིད་གཏམ་གྱི་མཆུ་སྒྲོས་རིང་དུ༌སྤོངས།། \v 25 ཁྱོད་ཀྱི་མིག་གིས་མདུན་ལ༌ལྟོས། །མིག་གིས་དྲང་མོར་བལྟ་བར༌གྱིས།། \v 26 རང་གི་རྐང་པའི་གོམ་སྟབས༌ལ། །གཟབ་གཟབ་གྱིས་དང་རང་གི༌ལམ། །ཐམས་ཅད་བརྟན་པོར་འགྱུར་བ༌འོ།། \v 27 གཡས་སམ་གཡོན་དུ་མི་གཡོ༌བར། །རང་གི་རྐང་པ་ངན་ལས༌སྲུངས།། \c 5 \cl ལེའུ་ལྔ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ལོག་གཡེམ་ལ་འཛེམ་པར་གདམས༌པ། \p \v 1 ངའི་བུ་བདག་གི་ཤེས་རབ༌ལ། །གཟབ་གཟབ་བྱས་ནས་མཉན་པ༌དང༌། །ང་ཡི་ཤེས་བྱར་རྣ་བ༌གཏོད།། \v 2 དེ་ནས་ཁྱོད་ཀྱིས་ལེགས་ཉེས་འབྱེད་པ༌ཡི། །རྣམ་འགྱུར་འཛིན་ཞིང་རང་གི་མཆུ་སྒྲོས༌ཀྱིས། །ཅི་ལྕོགས་ཀྱིས་ནི་ཤེས་བྱ་བསྲུང་བར༌བྱ།། \v 3 བྱི་མོའི་མཆུ་ལས་སྦྲང་རྩི༌ཐིགས། །ཁོ་མོའི་ཁ་ནི་སྣུམ་ལས༌འཇམ།། \v 4 མཐར་མཇུག་མཁན་པ་ལས་ཀྱང༌ཁ། །རལ་གྲི་ཁ་གཉིས་ལས་ཀྱང༌རྣོ།། \v 5 ཁོ་མོའི་རྐང་པ་འཆི་བའི་ཕྱོགས་སུ༌སྤོ། །ཁོ་མོའི་གོམ་སྟབས་གཤིན་པོའི་ཡུལ་དུ༌བསྒྱུར།། \v 6 ཁོ་མོས་ཚེ་སྲོག་ལམ་ནི་སྣང་མེད༌བསྐྱུར། །ཁོ་མོའི་བགྲོད་ལམ་ཀྱག་ཀྱོག་ངེས་མེད༌ཡིན། །འོན་ཀྱང་དེ་ནི་རང་གིས་མི༌རྟོགས་སོ།། \v 7 ཀྱེ་ཀྱེ་བདག་གི་བུ་རྣམས་བདག་ལ༌ཉོན། །བདག་གི་ཁ་ཡི་གཏམ་ལ་མ་གཡོལ༌ཞིག། \v 8 ཁྱོད་ཀྱི་ལམ་ནི་ཁོ་མོར་རིང་དུ༌གྱེས། །ཁོ་མོའི་ཁྱིམ་གྱི་སྒོ་དང་བཅར་མི༌རུང༌།། \v 9 ཁྱོད་ཀྱི་སྟོབས་ཤུགས་གཞན་པར་མི་སྟེར༌ལ། །ལོ་ཟླ་གཏུམ་དྲག་ཅན་ལ་མི་སྤྲོད༌ཅིང༌།། \v 10 ཁྱོད་ཀྱི་རྒྱུ་ནོར་གཞན་ལ་མི་དབང༌ཞིང་། །ངལ་བའི་འབྲས་བུ་གཞན་ལ་མི་འཐོབ༌ཕྱིར།། \v 11 རྗེས་སུ་ཁྱོད་ཀྱི་ཚེ་ཟད༌ནས། །ཤ་དང་ལུས་པོ་རྒས་དུས༌སུ། །འཁུན་སྒྲ་འབྱིན་ཞིང་འདི་ལྟར༌དུ།། \v 12 ང་ནི་ཅིའི་ཕྱིར་འཆུན་འདོམས་ལ་སྡང༌ཞིང༌། །ང་ཡི་སེམས་ཀྱིས་བཀའ་བཀྱོན་ཅི་ལ༌དོར།། \v 13 རང་གི་སློབ་དཔོན་སྐད་ལ་མ་མཉན༌ཞིང༌། །བཤེས་གཉེན་ཚོར་ཡང་རྣ་བ་བཏུད་པ༌མིན།། \v 14 མི་ཚོགས་ཁྲོམ་པའི་དཀྱིལ་དབུས༌སུ། །བདག་ནི་རྒུད་པའི་མཐའ་རུ༌སླེབས། །དེ་བཞིན་ཁྱོད་ཀྱིས་སྨྲ་བར༌འགྱུར།། \v 15 ཁྱོད་ཀྱིས་རང་གི་རྫིང་བུའི་ཆུ་འཐུང༌ཞིང༌། །རང་གི་ཆུ་མགོའི་བཞུར་ཆུ་འཐུང་བར༌གྱིས།། \v 16 ཁྱོད་ཀྱི་ཆུ་མགོ་རྣམས་ནི་ཕྱི་རོལ༌དང༌། །གཙང་པོ་རྣམས་ནི་སྲང་དུ་བཞུར་རུང༌ངམ།། \v 17 དེ་རྣམས་ཁྱོད་རང་ཁོ་ནར་དབང་བ༌ཡིན། །ཕྱི་མི་དང་ནི་མཉམ་དུ་སྤྱོད་མི༌རུང༌།། \v 18 ཁྱོད་ཀྱི་ཆུ་མགོར་བྱིན་རླབས་འཐོབ་པ༌དང༌། །རང་གི་གཞོན་དུས་ཆུང་མར་དགའ་བར༌གྱིས།། \v 19 ཁོ་མོ་གཅེས་སུ་འོས་པའི་ཤྭ་མོ༌དང༌། །དགའ་བར་རུང་བའི་གནའ་མོ་ཇི་བཞིན༌ཡིན། །ཁོ་མོའི་ནུ་མས་དུས་རྒྱུན་ཁྱོད་ཚིམ༌ཞིང༌། །བརྩེ་བས་རྟག་ཏུ་ཁྱོད་ཡིད་འཕྲོག་པར༌ཤོག། \v 20 ངའི་བུ་ཁྱོད་རང་བྱི་མོར་གདུང་བ༌དང༌། །ཕྱི་མོའི་པང་དུ་འབྱར་བ༌ཅི་ཡིན་ནམ།། \v 21 ཅི་ལ་ཞེ་ན་མི་ཡི་བགྲོད་ལམ༌ཀུན། །ཡ་ཝཱེའི་སྤྱན་སྔར་ལྷང་ངེར་གསལ་བ༌དང༌། །ལམ་བུ་ཀུན་ལ་ཁོང་གིས་ཞིབ་ཏུ༌གཟིགས།། \v 22 སྡིག་སྤྱོད་ཅན་ནི་རང་གི་ནག་ཉེས༌འཛིན། །དེ་ནི་རང་གི་སྡིག་པའི་ཐག་པས༌འཆིང༌།། \v 23 འཆུན་འདོམས་མེད་པས་འཆི་བར༌འགྱུར། །རང་གི་བླུན་རྨོངས་ཆེན་པོ༌ཡིས། །ལོག་པའི་ལམ་དུ་འཁྲིད་པར༌འགྱུར།། \c 6 \cl ལེའུ་དྲུག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཉེན་བརྡ་ཆེན༌པོ། \p \v 1 གལ་སྲིད་བདག་གི་བུ་ཁྱོད་རང་ཉིད༌ཀྱི། །མཛའ་བོའི་འགན་ལེན་བྱས་ཤིང་ཕྱི་མིའི༌ཚབ། །ལག་པ་འཇུས་ནས་གཏའ་མར་བཞག་པ༌དང༌།། \v 2 རང་ཁའི་གཏམ་གྱི་རྙིར་བཙུད༌ཅིང༌། །རང་གི་ཚིག་གིས་བཟུང་གྱུར༌ན།། \v 3 ངའི་བུ་རང་གི་མཆེད་གྲོགས༌ཀྱི། །ལག་ཏུ་ཚུད་པར་གྱུར་པས༌ན། །འདི་ལྟར་གྱིས་ལ་རང་ཉིད༌སྐྱོབས། །མྱུར་དུ་སོང་ལ་ཁེངས་སྐྱུང༌གིས། །གྲོགས་དེར་ཞུ་བ་ཕུལ་ཞིག༌ཀྱེ།། \v 4 རང་གི་མིག་ཟུང་གཉིད༌པ་འམ། །མིག་ལྕིབས་གཉིད་ལ་ཡུར་མ༌འཇུག། \v 5 དགོ་བ་རྔོན་པའི་ལག་དང་འདབ་ཆགས༌ནི། །བྱ་པའི་ལག་ནས་སྐྱོབ་བཞིན་རང་ཉིད༌སྐྱོབས།། \v 6 ལེ་ལོ་ཅན་ཁྱོད་གྲོག་མའི་རྩར་སོང༌ལ། །དེ་ཡི་སྤྱོད་པ་རྣམས་ལ་ཞིབ་བལྟ༌གྱིས། །ཁྱོད་རང་ཤེས་རབ་དང་ནི་ལྡན་པར༌བྱོས།། \v 7 གྲོག་མར་ལྡིང་དཔོན་དང་ནི་འགོ་དཔོན༌དང༌། །དབང་དུ་སྒྱུར་མཁན་བཅས་ནི་མེད༌ན་ཡང་།། \v 8 དབྱར་དུས་ཁ་ཟས་གྲ་སྒྲིག་བྱེད་པ༌དང༌། །སྟོན་ཀར་བཟའ་བཅའ་བསྡུ་གསོག་རྒྱག་པ༌ཡིན།། \v 9 ཀྱེ་ཀྱེ་ལེ་ལོ་ཅན་ཁྱོད༌ནི། །ག་ཚོད་བར་དུ་གཉིད་ལ༌ཡུར། །ནམ་ཞིག་གཉིད་ལས་སད་པར༌འགྱུར།། \v 10 ད་དུང་ཡུད་ཙམ་གཉིད་ཅིག་དང༌། །སྐད་ཅིག་ཙམ་ལ་གཉིད་དུ༌ཡུར། །ལག་པ་འཁུམས་ལ་ཨེན་ཙམ༌སྡོད།། \v 11 དེ་ནས་ཁྱོད་ཀྱི་དབུལ་ཕོངས༌ནི། །ཆོམ་པོ་བཞིན་དུ་བསླེབ་ཡོང༌ཞིང༌། །དགོས་འདོད་མཚོན་ཐོགས་ཚུལ་དུ༌བསླེབ།། \v 12 ཁྲེལ་མེད་དང་ནི་མི་ངན༌གྱིས། །ཕྱོགས་བཞིར་ངག་འཁྱལ་སྤེལ་བ༌དང༌།། \v 13 དེ་ཡི་མིག་གིས་ལྐོག་བརྡ༌གཏོང༌། །རྐང་པས་བསམ་ཚུལ་བརྗོད་པ༌དང༌། །མཛུབ་མོས་བཀོད་འདོམས་བྱེད་པ༌ཡིན།། \v 14 སེམས་སུ་གཡོ་སྒྱུ་བཅངས་པ༌དང༌། །བྱ་བ་ངན་པ་ཇུས་འགོད༌བྱེད། །རྟག་ཏུ་རྩོད་པའི་ས་བོན༌འདེབས།། \v 15 དེའི་ཕྱིར་ཆག་སྒོ་དེ་འཕྲལ༌འབྱུང༌། །ཁོ་རང་གློ་བུར་མེད་པར༌འགྱུར། །སྐྱོབ་ཐབས་མེད་པར་དེ་བཞིན༌འབྱུང༌།། \v 16 ཡ་ཝཱེ་སྡང་བའི་དོན་དྲུག༌དང༌། །དེའི་ཁར་ཐུགས་ནས་ཞེན་ལོག༌པའི། །དོན་ནི་བསྡོམས་པས་བདུན་ཡོད༌དེ།། \v 17 ཁེངས་དྲེགས་ཅན་གྱི་མིག་ཟུང༌དང༌། །རྫུན་གཏམ་སྨྲ་བའི་ལྕེ་དང༌ནི། །ཉེས་མེད་བསད་པའི་ལག་པ༌དང༌།། \v 18 དོན་ངན་ཇུས་འགོད་བྱེད་པའི༌སེམས། །ངན་པར་བྲེལ་བའི་རྐང་པ༌དང༌།། \v 19 རྫུན་གཏམ་སྨྲ་བའི་རྫུན་དཔང༌དང༌། །སྤུན་གྱི་ཁྲོད་དུ་རྩོད་པ༌ཡི། །ས་བོན་འདེབས་མཁན་བཅས་ཡིན༌ནོ།། \s1 གཡེམ་སྦྱོར་ལ་རིང་དུ་གྱེས་པར་གདམས༌པ། \p \v 20 ངའི་བུ་ཕ་ཡི་བཀའ་ལ༌ཉོན། །མ་ཡི་བསླབ་བྱ་འདོར་མི༌རུང༌།། \v 21 དེ་རྣམས་རྟག་ཏུ་སེམས་ལ༌ཆོངས། །མཇིང་ལ་འདོགས་པར་གྱིས་ཤིག༌དང༌།། \v 22 དེ་ཡིས་ཁྱོད་རང་འགྲོ་དུས་ལམ་སྟོན༌ཞིང༌། །གཉིད་ལ་ཡུར་དུས་སྲུང་སྐྱོབ་བྱེད་པ༌དང༌། །གཉིད་ལས་སད་དུས་ཁྱོད་ལ་གཏམ་གླེང༌བྱེད།། \v 23 དེ་ཡི་རྒྱུ་མཚན་གང་ལ་ཡིན་ཞེ༌ན། །བཀའ་ནི་སྒྲོན་མེ་བསླབ་བྱ་འོད་ཡིན༌ཞིང༌། །གཅུན་པའི་ཚིག་ནི་སྲོག་གི་ལམ་ཡིན༌ལ།། \v 24 དེ་ཡིས་ཁྱོད་རང་བུད་མེད་ངན་པ༌དང༌། །བྱི་མོ་ངག་འཇམ་ལྕེ་ལས་བསྲུང་བར༌འགྱུར།། \v 25 ཁྱོད་ཀྱི་སེམས་ནི་ཁོ་མོའི་སྒེག་ཉམས་ལ་མ༌ཆགས། །ཁོ་མོའི་མིག་ལྕིབས་ལ་ཡང་ཁྱོད་རང་འཛིན་མ༌འཇུག། \v 26 རྒྱུ་མཚན་སྨད་འཚོང་མ་ཡི་རིན་གོང་ནི། །བག་ལེབ་རྡོག་རྡོག་གཅིག་ཙམ་ཡིན་མོད་ཀྱང་། །གཞན་གྱི་ཆུང་མས་རིན་ཆེན་ཚེ་སྲོག་རྔོན།། \v 27 གལ་སྲིད་མི་ཡིས་པང་ལ་མེ་བཟུང༌ན། །གྱོན་གོས་མེ་ཡིས་མི་སྲེག་དཔེ་མི༌སྲིད།། \v 28 སུ་ཞིག་སོལ་བའི་མེའི་སྟེང་འགྲོ་བ༌ཡི། །རྐང་པ་མེ་ཡིས་མི་འཚིག་དཔེ་མི༌སྲིད།། \v 29 གཞན་གྱི་ཆུང་མར་འགྲོགས་མཁན་དེ་བཞིན༌ཡིན། །སུ་དེའི་ཉེ་བར་བཏུད་ན་ཉེས་ཆད༌འཕོག། \v 30 ལྟོགས་སྐོམ་མྱངས་ནས་ཁོག་པ་འགྲང་ཕྱིར༌དུ། །རྐུ་བར་བྱེད་པའི་རྐུན་མར་སྨད་པ༌མིན།། \v 31 འོན་ཀྱང་ཁོ་རང་བཟུང་གྱུར༌ན། །སྐྱིན་ཚབ་ལྡབ་བདུན་འཇལ་དགོས༌ཞིང༌། །ཁྱིམ་གྱི་རྒྱུ་ནོར་ཀུན་སྤྲོད༌དགོས།། \v 32 སྐྱེས་མར་ལོག་གཡེམ་བྱེད་པ༌དེ། །དངོས་གནས་བློ་གྲོས་མེད་པ༌ཡིན། །སུ་ཡིས་དེ་འདྲ་བྱེད་པ༌ཡིས། །རང་སྲོག་རང་གིས་བརླག་པ༌ཡིན།། \v 33 དེ་ལ་རྨས་སྐྱོན་དང་ནི་དམའ་འབེབས༌འཕོག །དེ་ཡི་ངོ་ཚ་ནམ་ཡང་ཡལ་མི༌འགྱུར།། \v 34 དེ་ཡི་རྒྱུ་མཚན་གང་ལ་ཡིན་ཞེ༌ན། །ཕྲག་དོག་གིས་ནི་སྐྱེས་པའི་ཁོང་ཁྲོ༌སློང༌། །དགྲ་ཤ་ལེན་དུས་སྙིང་རྗེ་བསྐྱེད་མི༌འགྱུར།། \v 35 སྐྱིན་ཚབ་གང་ཡང་དེ་ཡིས་ལེན་པ༌མིན། །ལེགས་སྐྱེས་ཅི་འདྲ་མང་པོ་ཕུལ་ན༌ཡང༌། །དེ་ཡིས་ཅིས་ཀྱང་བསྐྱུར་བར་མི་བྱ༌འོ།། \c 7 \cl ལེའུ་བདུན༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ལོག་གཡེམ་མའི༌སྐོར། \p \v 1 ངའི་བུ་ང་ཡི་ཚིག་ནི་བརྩི་བ༌དང༌། །ང་ཡི་བཀའ་རྒྱ་ཡིད་ལ་འཛིན་པར༌གྱིས།། \v 2 ང་ཡི་བཀའ་རྒྱ་སྲུངས་དང་གསོན་པར༌འགྱུར། །ང་ཡི་བསླབ་བྱ་མིག་འབྲས་བཞིན༌དུ་སྲུངས།། \v 3 དེ་དག་མཛུབ་མོ་རྣམས་ལ་དཀྲི་བ༌དང༌། །སྙིང་གི་བྱང་བུ་སྟེང་དུ་བརྐོ་བར༌གྱིས།། \v 4 ཤེས་རབ་ལ་ནི་ལྕམ་སྲིང་ཡིན་ཞེས༌བརྗོད། །བློ་གྲོས་ལ་ནི་ཉེ་འབྲེལ་ཞེས་ཐོགས༌ཤིག། \v 5 དེ་ལྟར་བྱས་ན་ཁྱོད་རང་བྱི་མོ༌དང༌། །གཡོ་ཟོལ་བསླུ་བྲིད་ཚིག་རྣམས་སྨྲ་བ༌ཡི། །སྨད་འཚོང་མ་ལས་སྲུང་ཞིང་ཐར་བར༌མཛད།། \p \v 6 བདག་གིས་རང་གི་ཁྱིམ་གྱི་སྒེའུ་ཁུང༌གི། །དྲ་མིག་དག་ལས་ཕྱི་རུ་བལྟས་པ༌དང༌།། \v 7 གླེན་པ་རྣམས་དང་ན་གཞོན༌ཁྲོད། །ཞིབ་ཏུ་མིག་གིས་བལྟས་ཙ༌ན། །གཞོན་ནུ་བླུན་པོ་ཞིག་མཐོང༌ཞིང༌།། \v 8 ཁོ་རང་སྲང་ལམ་བརྒྱུད་ནས༌ནི། །འཆལ་མོའི་སྡོད་སར་བཏུད་པ༌དང༌། །ཁོ་མོའི་ཁྱིམ་གྱི་ཕྱོགས་སུ༌སྐྱོད།། \v 9 དེའི་དུས་ཉི་མ་ནུབ་ནས་ས་རུབ༌ཅིང༌། །མཚན་མོར་མུན་ནག་འཐིབས་པའི་དུས་སུ༌ཡིན།། \v 10 ལྟོས་ཤིག་བུད་མེད་ཁོ་རང་བསུ་རུ༌ཐོན། །སྨད་འཚོང་མ་ཡི་གྱོན་ཆས་ལུས་ལ༌གྱོན། །དེ་ཡི་སེམས་སུ་གཡོ་སྒྱུས་ཁེངས་པ༌འོ།། \v 11 ཁོ་མོ་སྐད་གདངས་མཐོ་ལ་ཚོད་མི༌ཟིན། །རང་གི་ཁྱིམ་དུ་ཁོ་མོ་སྡོད་མི༌ཚུགས།། \v 12 ཁོ་མོ་སྐབས་འགར་སྲང་ལམ་དག་རྒྱུ༌ཞིང༌། །ལན་རེར་ཐང་ཆེན་རྣམས་སུ་ཡོད་པ༌དང༌། །གྲུ་ཟུར་གང་རུང་ལ་ཡང་འཇབ་ནས༌འདུག། \v 13 ཁོ་མོས་གཞོན་ནུ་དམ་པོར་བཟུང་ནས་མཆུ་སྒྲོས་སྦྱར། །ངོ་ཚ་མེད་པར་ཁོ་ལ་འདི་ལྟར་སྨྲས་པ༌སྟེ།། \v 14 ཞི་བདེའི་མཆོད་པ་ཕུལ་བ་བདག་གི་ཁྱིམ་དུ་ཡོད། །དེ་རིང་རང་གི་དམ་བཅའ་བཞིན་དུ་བསྒྲུབས་པ༌ཡིན།། \v 15 དེའི་ཕྱིར་བདག་ནི་ཁྱོད་རང་བསུ་རུ༌འོངས། །ཞིབ་ཏུ་བཙལ་ཞིང་མཐར་མཇུག་ཁྱོད་རང༌རྙེད།། \v 16 བདག་གིས་ཨེ་ཅིབ་སྐུད་པས་བཏགས་པ༌ཡི། །རས་ཁྲའི་མལ་སྟེན་གྱིས་ནི་མལ་ཁྲི༌བཀབ།། \v 17 བྱུགས་རྫས་གུ་གུལ་དང་ནི་ཨ་ག་རུ། །ཤིང་ཚ་བཅས་ཀྱིས་མལ་ཁྲིར་བདུགས་པ༌ཡིན།། \v 18 ཤོག་དང་ཞོགས་པའི་བར་དུ་འུ་གཉིས་ཀྱིས། །ལུས་འབྲེལ་སྐྱིད་ལ་ཚིམ་པར་རོལ་བར༌བྱ། །བྱམས་པ་དང་བཅས་དགའ་བདེའི་དཔལ་ལ༌རོལ།། \v 19 གང་ལ་ཞེ་ན་ང་ཡི་ཁྱོ་ག༌ནི། །ས་ཐག་རིང་པོར་སོང་བས་ཁྱིམ་དུ༌མེད།། \v 20 ཁོས་ནི་དངུལ་གྱི་ཁུག་མ་ཁུར་ནས༌སོང༌། །ཉ་གང་དུས་སུ་ད་གཟོད་ཕྱིར་ལོག༌འོང༌།། \v 21 འཆལ་མོས་ཁ་ཡག་ཚིག་གིས་ཁོ་རང༌བསླུས། །ངག་འཇམ་མཆུ་ཡིས་ལོག་པའི་ལམ་དུ༌བརྫངས།། \v 22 དེ་ནི་གླང་གོག་བཤན་པའི་དྲུང་དུ་འགྲོ༌བ་འམ། །བླུན་པོ་ལྕགས་སྒྲོག་དང་བཅས་ཉེས་ཆད་དང་ལེན༌དུ། །འགྲོ་བཞིན་གཞོན་ནུ་ཁོ་མོའི་རྗེས་སུ་ཤར་སེ༌འགྲོ།། \v 23 མདའ་མོས་དེ་ཡི་མཆིན་མ་བརྟོལ་བའི༌བར། །འདབ་ཆགས་རྙི་རྒྱའི་ནང་དུ་མཆོང་བ༌བཞིན། །རང་སྲོག་འཆོར་བར་འགྱུར་བ་ཚོར་མ༌ཡིན།། \v 24 དེ་བས་བུ་རྣམས་ཁྱོད་ཚོས་བདག་ལ༌ཉོན། །བདག་གི་ཁ་ཡི་གཏམ་ལ་མ་གཡེངས༌ཉོན།། \v 25 ཁྱོད་སེམས་འཆལ་མོའི་ལམ་དུ་ཕྱོགས་མི༌རུང༌། །ཁོ་མོའི་བགྲོད་ལམ་ལ་ཡང་ཞེ་མ༌ཆགས།། \v 26 ཁོ་མོས་མང་པོ་ས་ལ་བརྡབས་པ༌དང༌། །སྲོག་དང་ཕྲལ་བ་གྲངས་ལས་འདས་པས༌སོ།། \v 27 ཁོ་མོའི་ཁྱིམ་ནི་གཤིན་ཡུལ་འགྲོ་བའི༌ལམ། །འཆི་བའི་ནང་དུ་འདྲུད་པའི་ཁང་མིག༌ཡིན།། \c 8 \cl ལེའུ་བརྒྱད༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཤེས་རབ་ཀྱི་བསྟོད༌པ། \p \v 1 ཤེས་རབ་ཀྱིས་ནི་འབོད་སྐད་མི་སྒྲོག༌གམ། །གོ་རྟོགས་ཀྱིས་ནི་སྐད་སྒྲ་མི་འདོན༌ནམ།། \v 2 ཁོ་མོ་ལམ་འགྲམ་གནས་ཀྱི་མཐོ་ས༌དང༌། །རྒྱ་ལམ་བཞི་མདོར་འགྲེང་ནས་སྡོད་པ༌དང༌།། \v 3 མཁར་སྒོའི་ཉེ་འགྲམ་དང་ནི་སྒོ་ཁ་དང་། །གྲོང་ཁྱེར་ནང་དུ་འཇུག་སའི་རྒྱལ་སྒོ་རུ། །སྐད་གསང་མཐོན་པོས་འབོད་སྒྲ་སྒྲོག་པ༌སྟེ།། \v 4 ཀྱེ་ཀྱེ་མི་རྣམས་བདག་གིས་ཁྱོད་རྣམས༌འབོད། །འཇིག་རྟེན་མི་རྣམས་ལ་ནི་སྐད་སྒྲ༌སྒྲོག། \v 5 ཀྱེ་ཀྱེ་བླུན་པོ་རྣམས་ཀྱིས་བློ་རིག༌སྦྱོངས། །གླེན་པ་དག་གིས་དོན་རྣམས་རྟོགས་པར༌གྱིས།། \v 6 ཁྱོད་ཚོས་ཉོན་ཅིག་གང་ལ་ཞེ་ན༌ནི། །ང་ཡིས་ཡིད་དུ་འོང་བའི་དོན་རྣམས༌གླེང༌། །མཆུ་སྒྲོས་བར་ནས་དྲང་པོའི་གཏམ་བརྗོད༌དོ།། \v 7 བདག་གི་ཁ་ནས་བདེན་པའི་ཚིག་སྨྲ༌ཞིང༌། །ང་ཡི་མཆུ་སྒྲོས་ངན་པར་ཞེན་ཁ༌ལོག། \v 8 ང་ཡི་གཏམ་ནི་ཐམས་ཅད་དྲང་བདེན༌ཡིན། །གཡོ་སྒྱུ་དང་ནི་ཕྱིན་ཅི་ལོག་པ༌མེད།། \v 9 གོ་བ་ཅན་ལ་དེ་རྣམས་དྲང་པོ༌ཡིན། །ཤེས་ཡོན་ཅན་ལ་ཐམས་ཅད་འཁྲུལ་མེད༌ཡིན།། \v 10 ཁྱོད་ཚོས་དངུལ་ལས་ང་ཡི་གདམས་ངག༌ལོངས། །བཙོ་མའི་གསེར་ལས་ཀྱང་ནི་ཤེས་ཡོན༌འདེམས།། \v 11 གང་ལ་ཞེ་ན་པདྨ་ར་ག༌ལས། །ཤེས་རབ་ཤིན་ཏུ་ལེགས་པོ་ཡིན་པ༌དང༌། །ཁྱོད་ཀྱི་འདོད་མོས་བསྐྱེད་པ་གང་ཡིན༌ཡང༌། །ཁོ་མོའི་དོ་ཟླར་འོས་པ་ཅི་ཡང༌མེད།། \v 12 ཤེས་རབ་བདག་ནི་བློ་གྲོས་མཉམ་དུ༌གནས། །བདག་ལ་ཤེས་ཡོན་དང་ནི་ཐབས་ཇུས༌ལྡན།། \v 13 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ངན་པ་ལ་ནི་སྡང་བ་དེ་ཡིན༌ཞིང༌། །བདག་ནི་ང་རྒྱལ་ཁེངས་དྲེགས་སྤྱོད་ངན༌དང༌། །སྨྲ་སྒོ་ཕྱིན་ཅི་ལོག་པ་བཅས་ལ༌སྡང༌།། \v 14 བདག་\f + \ft འདིར་བདག་ཅེས་པ་ནི་ཤེས་རབ་ལ་གོ་དགོས་པ་དང་། ལེའུ་འདིའི་ནང་གི་བདག་གམ་ང་རང་ཞེས་པ་དོན་གཅིག་ཡིན་ཏེ་ཤེས་རབ་ལ་གོ་དགོས། \f*ལ་གདམས་ངག་དང་ནི་ཐབས་མཁས༌མངའ། །བློ་གྲོས་དང་ནི་མཐུ་སྟོབས་ལྡན་པ༌ཡིན།། \v 15 ང་ལ་བརྟེན་ནས་རྒྱལ་པོས་སྲིད་སྐྱོང༌ཞིང༌། །དབང་སྒྱུར་མཁན་གྱིས་དྲང་གཞག་གཏན་ལ༌འབེབས།། \v 16 འགོ་དཔོན་སྐུ་དྲག་ཁྲིམས་དཔོན་དྲང་གཞག༌ཅན། །ཀུན་པོས་བདག་ལ་བརྟེན་ནས་རྒྱལ་སྲིད༌སྐྱོང༌།། \v 17 ང་རང་གཅེས་སུ་འཛིན་པར་ངས་ཀྱང༌གཅེས། །ང་རང་བཙལ་ན་ང་ནི་རྙེད་པར༌འགྱུར།། \v 18 རྒྱུ་ནོར་དང་ནི་བཀུར་སྟི་བདག་ལ༌དབང༌། །གཏན་གྱི་འབྱོར་བ་དྲང་བདེན་བདག་གི༌ཡིན།། \v 19 བདག་གི་འབྲས་བུ་གསེར་ལས་ལྷག་པ༌དང༌། །གསེར་སྦྱང་བཙོ་མ་ལས་ཀྱང་མཆོག་ཏུ༌གྱུར། །བདག་གི་ཐོབ་འབབ་དངུལ་རྐྱང་ལས་ཀྱང༌ལྷག། \v 20 བདག་ནི་དྲང་བདེན་ལམ་དུ༌སྐྱོད། །དྲང་གཞག་ལམ་དུ་བསྐྱོད་པ༌ཡིན།། \v 21 ང་རང་གཅེས་སུ་འཛིན་པར་རྒྱུ་ནོར༌གནང༌། །ཁོ་ཚོའི་གཏེར་མཛོད་གང་བར་བྱེད་པ༌འོ།། \v 22 ཡ་ཝཱེས་འགོད་པའི་འཕྲིན་ལས་རྩོམ་དུས༌དང༌། །གདོད་མར་ཅི་ཡང་མ་བཀོད་སྔོན་རོལ༌དུ། །ཁོང་གིས་ང་རང་གནས་པར་མཛད་པ༌འོ།། \v 23 གནའ་བོའི་དུས་དང་གདོད་མ་ཉིད་ཀྱི༌དུས། །ས་གཞི་མ་ཆགས་སྔོན་ལ་ང་རང༌བསྐོས།། \v 24 གཏིང་ཟབ་རྒྱ་མཚོ་དང་ནི་ཆུ་མོད༌པོའི། །ཆུ་མིག་མ་བྱུང་སྔོན་ལ་ང་རང༌སྐྱེས།། \v 25 རི་བོ་རྣམས་ནི་མ་ཚུགས་སྔ་རོལ༌དང༌། །དེའུ་འབུར་མ་བྱུང་གོང་ལ་བདག་ནི༌སྐྱེས།། \v 26 དེའི་དུས་ཡ་ཝཱེས་ས་ཡི་གོང་བོ༌དང༌། །ཐང་རྒོད་དང་ནི་ས་གཞིའི་ས་རྡུལ༌རྣམས། །ད་དུང་བཀོད་པར་མ་མཛད་སྔོན་རོལ༌ཡིན།། \v 27 ཁོང་གིས་ནམ་མཁའི་དབྱིངས་རྣམས་འགོད་པ༌དང༌། །གཏིང་ཟབ་མཐའ་མཚམས་རྣམས་སུ་དཀྱིལ་འཁོར༌ནི། །མཛད་པའི་དུས་སུ་ང་རང་དེ་རུ༌མཆིས།། \v 28 ཁོང་གིས་སྟེང་གི་དབྱིངས་རྣམས་བརྟན་པོ༌དང༌། །གཏིང་ཟབ་ཆུ་མིག་རྣམས་ནི་སྲ་བརྟན༌མཛད།། \v 29 ཆུ་རྣམས་ཁོང་གི་བཀའ་ལས་མི་བརྒལ༌ཕྱིར། །རྒྱ་མཚོ་ཆེན་པོའི་མཐའ་མཚམས་གཏན་ལ༌ཕབ། །ས་གཞིའི་རྨང་གཞི་རྣམས་ཀྱང་ཁོང་གིས༌བཏིངས།། \v 30 དེའི་དུས་ཁོང་དྲུང་ང་རང་ལག་ཤེས༌ཡིན། །ཉིན་རེ་བཞིན་དུ་དགའ་སྤྲོས་ཁེངས་པ༌དང༌། །ཁོང་གི་ཞལ་དྲུང་དུས་རྒྱུན་དགའ་མགུ༌རང༌།། \v 31 ཁོང་གི་ས་གཞི་སྟེང་དུ་དགའ་མགུ༌རང༌། །འཇིག་རྟེན་མི་རྣམས་ལྷན་ཅིག་སྐྱིད་ལ༌རོལ།། \v 32 ཀྱེ་ཀྱེ་བུ་རྣམས་ད་ལྟ་བདག་ལ༌ཉོན། །བདག་གི་ལམ་རྣམས་སྲུང་བར་བྱིན་རླབས༌འཐོབ།། \v 33 བསླབ་བྱར་མཉན་ཏེ་ཤེས་རབ་ལྡན་པར༌གྱིས། །དེ་ནི་ནམ་ཡང་སྤང་བར་མི་བྱ༌འོ།། \v 34 བདག་ལ་ཉན་ཞིང་ཉིན་རྒྱུན་ངའི་སྒོ༌ཁར། །གཟབ་གཟབ་བྱས་ནས་རེ་ལྟོས་བཅང་མཁན༌དང༌། །སྒོ་འགྲམ་སྒུག་པ་རྣམས་ལ་བྱིན་རླབས༌འཐོབ།། \v 35 གང་ལ་ཞེ་ན་ང་རང་རྙེད་པ༌ཡིས། །ཚེ་སྲོག་རྙེད་ཅིང་ཡ་ཝཱེའི་ཐུགས་རྗེ༌ཐོབ།། \v 36 བདག་དང་འགལ་ན་རང་ལ་འཚེ་བ༌ཡིན། །ང་ལ་སྡང་བ་འཆི་བར་དགའ་བ༌འོ།། \c 9 \cl ལེའུ་དགུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཤེས་རབ་དང་བླུན༌རྨོངས། \p \v 1 ཤེས་རབ་ཀྱིས་ནི་རང་གི་ཁང་པ༌བཟོས། །ཁོ་མོས་ \f + \ft འདིར་ཁོ་མོ་ཞེས་པ་ནི་མི་ཡི་གཟུགས་སུ་བཀོད་པ་སྟེ་གོང་གི་ཤེས་རབ་ལ་གོ་དགོས་པ་ཡིན། ལེའུ་འདིའི་ཚིག་རྐང་དང་པོ་ནས་གསུམ་པའི་བར་གྱི་ཁོ་མོ་ཞེས་པ་དེ་བཞིན་ཡིན། \f*ཀ་བ་བདུན་པོ་བཞོགས་པ༌འོ།། \v 2 ཁོ་མོས་སྒོ་ཕྱུགས་བཤས་ནས་རྒུན་ཆང༌སྦྱར། །དེ་ནས་གསོལ་ལྕོག་ཡང་ནི་བཤམས་པ༌འོ།། \v 3 ཞལ་ཏ་མ་རྣམས་ཕྱི་རུ་མངགས་པ༌དང༌། །ཁོ་མོས་མཁར་གྱི་མཐོ་སར་འབོད་སྒྲ༌སྒྲོག། \v 4 བླུན་རྨོངས་ཡིན་པ་ཀུན་ནི་ཚུར་ཤོག༌ཟེར། །ཤེས་དམན་རྣམས་ལ་ཡང་ནི་འདི་ལྟར༌དུ།། \v 5 ཁྱོད་རྣམས་ཤོག་ལ་ང་ཡི་བག་ལེབ༌ཟོ། །ང་ཡིས་སྦྱར་བའི་རྒུན་ཆང་འཐུང་བར༌གྱིས།། \v 6 བླུན་རྨོངས་རྣམས་ཀྱིས་རྨོངས་པའི་སེམས་དོར༌ཅིག །དེ་ནས་ཁྱོད་རྣམས་འཚོ་བར་འགྱུར་བ༌དང༌། །གོ་བ་ལྡན་པའི་ལམ་དུ་བསྐྱོད་པར༌གྱིས།། \v 7 འཕྱ་སྨོད་མཁན་ལ་ཡོ་བསྲང་བྱེད་པ༌ཡིས། །རང་གིས་རང་ལ་དམའ་འབེབས་གཏོང་བ༌ཡིན། །མི་ངན་ལ་ནི་བཀའ་བཀྱོན་གནང་བ༌ཡིས། །རང་གིས་རང་ཉིད་ངོ་ཚར་སྦྱོར་བ༌ཡིན།། \v 8 འཕྱ་བར་དགའ་བ་ཁྱོད་ལ་མི་སྡང༌ཕྱིར། །དེ་ལ་བཀའ་བཀྱོན་གནང་བར་མི༌བྱ་འོ། །ཤེས་རབ་ཅན་ལ་བཀྱོན་དང་དེ་ཁྱོད༌དགའ།། \v 9 ཤེས་རབ་ཅན་ལ་བསླབ་བྱ་གནང་ན༌ནི། །ཁོ་རང་དེ་ལས་མཁས་པར་འགྱུར་བ༌དང༌། །དྲང་བདེན་མི་ལ་སློབ་སྟོན་བྱས་ན༌ནི། །དེ་ཡི་ཤེས་ཡོན་གོང་དུ་འཕེལ་བར༌འགྱུར།། \v 10 ཡ་ཝཱེ་ཁོང་ལ་གུས་ཤིང་འཇིགས་པ༌ནི། །ཤེས་རབ་ཉིད་ཀྱི་ཐོག་མ་ཡིན་པ༌དང༌། །དམ་པ་ཉིད་དེ་རྟོགས་པ་བློ་གྲོས༌ཡིན།། \v 11 གང་ལ་ཞེ་ན་ང་རང་བརྒྱུད་ནས༌ནི། །ཁྱོད་ཀྱི་ཉི་མ་མང་དུ་འཕེལ་ངེས༌ཤིང༌། །ཁྱོད་རང་ཚེ་ཐག་རིང་བར་འགྱུར་བ༌འོ།། \v 12 གལ་སྲིད་ཁྱོད་ལ་ཤེས་རབ་ལྡན་ན༌ནི། །དེ་ཡིས་ཁྱོད་ལ་ཕན་ཡོན་བསྐྲུན་པ༌དང༌། །གལ་སྲིད་ཁྱོད་ཀྱིས་གཞན་ལ་འཕྱ་བྱེད༌ན། །དེ་ཡི་མཇུག་འབྲས་རང་གི་སྟེང་ལ༌འབབ།། \p \v 13 བུད་མེད་གླེན་པ་འདུ་འཛི་ཆེ་བ༌དང༌། །ཁོ་མོ་བླུན་ཞིང་ཅི་ཡང་མི་རྟོགས༌སོ།། \v 14 ཁོ་མོ་རང་གི་ཁྱིམ་གྱི་སྒོ་ཁ༌དང༌། །མཁར་གྱི་མཐོ་སའི་འདུག་སྟེགས་ལ་བསྡད༌ནས།། \v 15 ལམ་འགྲོ་བ་སྟེ་དྲང་མོར་སྐྱོད་མཁན༌ལ། །འབོད་སྐད་བསྒྲགས་ནས་འདི་ལྟར་སྨྲ་བ༌སྟེ།། \v 16 བླུན་རྨོངས་ཡིན་པ་ཀུན་ནི་ཚུར་ཤོག༌ཟེར། །ཤེས་དམན་རྣམས་ལ་ཡང་ནི་འདི་ལྟར༌དུ།། \v 17 བརྐུས་པའི་ཆུ་ནི་མངར་མོ་ཡིན་པ༌དང༌། །ལྐོག་ཏུ་ཟོས་པའི་ཟས་ནི་ཞིམ་ཞེས་སྨྲ།། \v 18 ཁོ་མོའི་གམ་དུ་འདས་པོ་རྣམས་ཡོད༌ཅིང༌། །ཁོ་མོའི་མགྲོན་པོ་གཤིན་ཡུལ་མཐིལ་དུ༌གནས། །དེ་ནི་ཁོ་ཡིས་རྟོགས་པ་མ་ཡིན༌ནོ།། \c 10 \cl ལེའུ་བཅུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 སོ་ལོ་མོན་གྱི་ལེགས༌བཤད། \p \v 1 སོ་ལོ་མོན་གྱི་ལེགས་བཤད་འདི་ལྟ༌སྟེ། །བུ་ལ་ཤེས་རབ་ལྡན་གྱུར༌ན། །རང་གི་ཕ་ནི་དགའ་བྱེད༌ཅིང༌། །བུ་ཞིག་གླེན་པ་ཡིན་ན༌ནི། །རང་གི་མ་ཡང་སྡུག་ལ༌སྦྱོར།། \v 2 མི་གཙང་ནོར་ལ་ཕན་ཐོགས་ཅི་ཡང༌མེད། །དྲང་བདེན་ཁོ་ནས་འཆི་བ་ཉིད་ལས༌སྐྱོབ།། \v 3 ཡ་ཝཱེས་དྲང་བདེན་མི་ནི་བཀྲེས་མི༌འཇུག །ངན་པའི་གང་ཞིག་འདོད་པ་དགག་པར༌བྱ།། \v 4 སྒྱིད་ལུག་གིས་ནི་ཕོང་བར་བྱེད་པ༌དང༌། །ལས་ལ་བརྩོན་པར་འབྱོར་ཕྱུག་ལྡན་འགྱུར༌རོ།། \v 5 དབྱར་དུས་གསོག་པ་ཤེས་རབ་ཅན་ཡིན༌ལ། །སྟོན་དུས་གཉིད་མཁན་ཞབས་འདྲེན་བུ་ཡིན༌ནོ།། \v 6 བྱིན་རླབས་དྲང་བདེན་མི་ཡི་ཅོད་པན༌ཡིན། །ངན་པའི་སྨྲ་སྒོར་གདུག་སྤྱོད་སྦས་པ༌འོ།། \v 7 དྲང་བདེན་མི་ཡི་མིང་ལ་བསྟོད་བསྔགས༌འབྱུང༌། །འོན་ཀྱང་ངན་པའི་མིང་ནི་རུལ་བར༌འགྱུར།། \v 8 སེམས་སུ་ཤེས་རབ་ལྡན་པའི་མི་དེ༌ཡིས། །བཀའ་རྒྱ་རྣམས་ནི་དང་དུ་ལེན་པར༌འགྱུར། །ངག་ཀྱལ་སྨྲ་མཁན་བླུན་པོས་རང་ཉིད༌བརླག། \v 9 ཀུན་སྤྱོད་ཕུལ་བྱུང་ཅན་ནི་བརྟན་པོར༌བགྲོད། །ལོག་ལམ་འགྲོ་མཁན་མངོན་པར་འགྱུར་བ༌ཡིན།། \v 10 མིག་བརྡ་གཏོང་བ་སྡུག་བསྔལ་འབྱུང་བའི༌རྒྱུ། །ངག་ཀྱལ་སྨྲ་མཁན་བླུན་པོས་རང་ཉིད༌འཕུང་།། \v 11 དྲང་པོའི་སྨྲ་སྒོ་སྲོག་གི་ཆུ་མིག༌ཡིན། །ངན་པའི་སྨྲ་སྒོར་གདུག་སྤྱོད་སྦས་པ༌འོ།། \v 12 སྡང་སེམས་ཀྱིས་ནི་རྩོད་གཞི་སློང་བར༌བྱ། །བྱམས་པས་ཉེས་སྐྱོན་མཐའ་དག་འགེབས་པ༌འོ།། \v 13 བློ་རིག་ཅན་གྱི་མཆུ་ལ་ཤེས་རབ༌མངའ། །གོ་བ་མེད་པའི་རྒྱབ་ལ་ཁྲིམས་དབྱུག༌ཡོད།། \v 14 ཤེས་རབ་ཅན་གྱིས་ཤེས་ཡོན་གསོག་པ༌དང༌། །བླུན་པོའི་ཁ་ཡིས་ཉམ་ཆག་བཟོ་བ༌ཡིན།། \v 15 ཕྱུག་པོའི་རྒྱུ་ནོར་དེ་ཡི་མཁར་རྫོང༌ཡིན། །དབུལ་པོའི་དབུལ་ཕོངས་ཁོ་རང་འཇིག་པའི༌རྒྱུ།། \v 16 དྲང་བདེན་མི་ཡི་འཐོབ་བྱ་ཚེ་སྲོག༌ཡིན། །འོན་ཀྱང་ངན་པར་ཉེས་ཆད་འཕོག་པ༌ཡིན།། \v 17 བསླབ་བྱ་ལེན་མཁན་སྲོག་གི་ལམ་དུ༌སྐྱོད། །བཀའ་བཀྱོན་འདོར་མཁན་འཁྲུལ་བའི་ལམ་དུ༌ཞུགས།། \v 18 སྡང་སེམས་སྦེད་མཁན་མཆུ་ལས་རྫུན་གཏམ༌འབྱུང༌། །དཀྲོག་གཏམ་རྒྱ་ཁྱབ་སྒྲོག་མཁན་གླེན་པ༌ཡིན།། \v 19 སྐད་ཆ་མང་ན་ཉེས་སྐྱོན་འབྱུང་བར༌ངེས། །རང་ཁ་གཅུན་པ་དེ་ནི་མཁས་པ༌ཡིན།། \v 20 དྲང་བདེན་མི་ཡི་ལྕེ་ནི་དངུལ་རྐྱང༌འདྲ། །ངན་པའི་སེམས་ལ་རིན་ཐང་ཅི་ཡང༌མེད།། \v 21 དྲང་པོའི་མཆུ་ཡིས་མང་པོ་གསོ་སྐྱོང༌བྱེད། །བླུན་པོ་གོ་བ་མེད་པས་འཆི་བ༌ཡིན།། \v 22 ཡ་ཝཱེ་ཁོང་གིས་གནང་བའི་བྱིན་རླབས༌ཀྱིས། །ཕྱུག་པར་བྱེད་ཅིང་སྡུག་བསྔལ་སྣོན་པ༌མིན།། \v 23 གླེན་པས་ལོག་པར་སྤྱོད་པ་རྩེད་མོར༌འཛིན། །བློ་རིག་ཅན་གྱིས་ཤེས་རབ་སྐྱིད་དུ༌བསམ།། \v 24 ངན་པ་གང་ལ་འཇིགས་པ་རང་སྟེང༌འབབ། །དྲང་བདེན་མི་ཡི་རེ་འདུན་བསྐང་བར༌འགྱུར།། \v 25 རླུང་དམར་གཡུགས་རྗེས་མི་ངན་རྩ་མེད༌འགྲོ། །དྲང་བདེན་མི་ནི་རྟག་ཏུ་བརྟན་པོར༌ཚུགས།། \v 26 སོ་ལ་སྐྱུར་ཁུ་མིག་ལ་དུ་བ༌བཞིན། །ལེ་ལོ་ཅན་གྱིས་ཁོ་རང་མངགས་མཁན༌ནི། །སྡུག་ལ་སྦྱར་བ་དེ་དང་དེ་བཞིན༌ཡིན།། \v 27 ཡ་ཝཱེར་གུས་ཤིང་འཇིགས་པས་ཚེ་རིང༌ཞིང༌། །མི་ངན་ཚེ་ཐག་ཐུང་བར་བྱེད་པ༌འོ།། \v 28 དྲང་པོའི་རེ་སྨོན་གྱིས་ནི་དགའ་བར༌བྱེད། །ངན་པའི་རེ་བ་མཇུག་མཐར་མེད་པར༌འགྱུར།། \v 29 ཡ་ཝཱེའི་གཤེགས་ལམ་དྲང་པོའི་བཙན་རྫོང༌དང༌། །ངན་པ་བྱེད་མཁན་འཕུང་བའི་རྒྱུ་ཡིན༌ནོ།། \v 30 དྲང་བདེན་མི་ནི་ནམ་ཡང་གཡོ་བ༌མེད། །འོན་ཀྱང་མི་ངན་ཡུལ་འདིར་སྡོད་མི༌ཚུགས།། \v 31 དྲང་པོའི་ཞལ་ལས་ཤེས་རབ་འབྱུང་བ༌དང༌། །ཕྱིན་ཅི་ལོག་པའི་ལྕེ་ནི་གཅོད་པར༌འགྱུར།། \v 32 དྲང་པོའི་མཆུ་ཡིས་འོས་འཚམ་གང་ཡིན༌ཤེས། །ངན་པའི་ཁ་ནས་ལོག་གཏམ་སྨྲ་བ༌འོ།། \c 11 \cl ལེའུ་བཅུ་གཅིག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 འཁྱོག་པའི་སྲང་ལ་ཡ་ཝཱེ་ཞེན་ལོག༌ཅིང༌། །རྒྱ་རྡོ་དྲང་པོར་ཁོང་ཉིད་ཐུགས་དགྱེས༌སོ།། \v 2 ང་རྒྱལ་སླེབ་དུས་ངོ་ཚ་མཉམ་དུ༌འོང༌། །ཁེངས་སྐྱུང་མི་ལ་ཤེས་རབ་ལྡན་པ༌ཡིན།། \v 3 དྲང་པོའི་དྲང་བ་ཉིད་ཀྱིས་རང་ལ་ལམ་སྟོན༌ཞིང༌། །ལོག་སྤྱོད་ཅན་གྱི་གཡོ་སྒྱུས་རང་ཉིད་བརླག་པར༌བྱེད།། \v 4 དཀོན་མཆོག་ཐུགས་ཁྲོའི་ཉིན་མོར་ནོར་གྱིས་ཕན་མི༌ཐོགས། །དྲང་བདེན་ཁོ་ནས་འཆི་བ་ཉིད་ལས་སྐྱོབ་པར༌བྱ།། \v 5 སྐྱོན་དང་བྲལ་བའི་མི་ཡི་དྲང་བདེན་གྱིས། །རང་གི་བགྲོད་ལམ་བདེ་ཞིང་དྲང་བར་བྱེད། །མི་ངན་རང་གི་ངན་པས་བསྒྱེལ་བ༌ཡིན།། \v 6 དྲང་པོའི་དྲང་བདེན་གྱིས་ནི་རང་ཉིད༌སྐྱོབ། །གདུག་སྤྱོད་ཅན་རྣམས་འདོད་པ་ངན་པས༌ཟིན།། \v 7 ངན་པ་འཆི་བའི་དུས་སུ་རེ་བ༌ཡལ། །ནུས་པ་ཅན་གྱི་འདུན་པའང་མེད་པར༌འགྱུར།། \v 8 དྲང་པོ་བསྐྱབས་ནས་སྡུག་བསྔལ་ལས་ཐར༌ཞིང༌། །ངན་པ་དེ་ཡི་ཚབ་ཏུ་ལྟུང་བར༌འགྱུར།། \v 9 དད་མེད་རྣམས་ཀྱིས་སྨྲ་སྒོས་ཁྱིམ་མཚེས༌བརླག །དྲང་པོ་ཤེས་ཡོན་དབང་གིས་དེ་ལས༌ཐར།། \v 10 དྲང་པོ་འཕེལ་དུས་གྲོང་ཁྱེར་ཡོངས་སུ༌སྤྲོ། །ངན་པ་འཆི་དུས་ཀུན་གྱིས་དགའ་འབོད༌བྱེད།། \v 11 དྲང་པོའི་བྱིན་རླབས་ཀྱིས་ནི་གྲོང་ཁྱེར༌འདེགས། །ངན་པའི་སྨྲ་སྒོས་གྲོང་ཁྱེར་བརླག་པ༌ཡིན།། \v 12 གོ་བ་མེད་པས་ཁྱིམ་མཚེས་ལ་སྨད༌ཅིང༌། །བློ་རིག་ཅན་གྱིས་ཅི་ཡང་སྨྲ་བ༌མིན།། \v 13 ངག་ཀྱལ་ཅན་གྱིས་གསང་གཏམ་ཕྱི་ལ༌འཆོར། །གཞུང་རྒྱུད་དྲང་པོས་དོན་རྣམས་གསང་བར༌བྱེད།། \v 14 ལམ་སྟོན་མེད་པའི་མི་རིགས་ལྟུང་བར༌འགྱུར། །གྲོས་མི་མང་ན་རྒྱལ་ཁ་ལོན་ངེས༌ཡིན།། \v 15 རྒྱུས་མེད་འགན་ལེན་བྱེད་པར་གོད་ཆེ༌ཡང༌། །ཁག་འཁུར་ལེན་པར་སྡང་མཁན་བདེ་འཇགས༌ཡིན།། \v 16 བུད་མེད་བྱམས་སེམས་ཅན་ལ་གུས་པ༌འཐོབ། །སྐྱེས་པ་གདུག་རྩུབ་ཅན་གྱིས་རྒྱུ་ནོར༌རྙེད།། \v 17 སྙིང་རྗེ་ཅན་གྱིས་རང་ལ་ཕན་འདོགས༌ཤིང༌། །གདུག་སྤྱོད་ཅན་གྱིས་རང་ལ་འཚེ་བ༌ཡིན།། \v 18 ངན་པས་རག་པའི་གླ་ཆ་རྫུན་མ༌ཡིན། །དྲང་བདེན་བྱེད་པར་ཏན་ཏན་རྔན་པ་འཐོབ།། \v 19 ཡུན་རིང་དྲང་བདེན་སྐྱོང་བར་ཚེ་སྲོག༌འཐོབ། །ངན་པ་སྙེག་མཁན་འཆི་བའི་གནས་སུ༌ལྷུང༌།། \v 20 གཡོ་སྒྱུའི་སེམས་ལ་ཡ་ཝཱེ་ཞེན་ལོག༌ཅིང༌། །སྤྱོད་པ་ཕུལ་བྱུང་ཅན་ལ་ཁོང་ནི༌དགྱེས།། \v 21 ངན་པར་ཉེས་ཆད་འཕོག་པ་གདོན་མི༌ཟ། །འོན་ཀྱང་དྲང་པོའི་བུ་རྒྱུད་ཐར་ངེས༌ཡིན།། \v 22 བུད་མེད་བྱད་བཟང་ཚུལ་དང་མི་མཐུན༌ན། །ཕག་གི་སྣ་བར་གསེར་གྱི་སྣ་གཅུ༌བཞིན།། \v 23 དྲང་པོའི་རེ་འདོད་ཐམས་ཅད་ཡིད་དུ༌འོང༌། །ངན་པའི་རེ་བས་ཁོང་ཁྲོ་སློང་བ༌འོ།། \v 24 གཏོང་ཕོད་ཅན་ལ་རྒྱུ་ནོར་འཕེལ་བ༌དང༌། །སེར་སྣ་ཚད་མེད་བྱེད་མཁན་དབུལ་བར༌འགྱུར།། \v 25 གཏོང་ཕོད་ཆེ་བའི་མི་ལ་འབྱོར་བ༌རྒྱས། །གཞན་ལ་ཕན་པར་བྱས་ན་རང་ལ༌ཕན།། \v 26 འབྲུ་རིགས་མཛོད་ལ་གསོག་པར་མི་ཡིས༌དམོད། །འབྲུ་རིགས་འཚོང་མཁན་མགོ་ལ་བྱིན་རླབས༌འཐོབ།། \v 27 འབད་པས་བཟང་པོ་བསྙེག་པར་བཟང་འཐོབ༌ཅིང༌། །ངན་པ་སྙེག་མཁན་ལ་ནི་ངན་པ༌འཁོར།། \v 28 རང་གི་ནོར་ལ་བརྟེན་མཁན་ཉམས་པར༌འགྱུར། །དྲང་པོ་ལོ་འདབ་སྔོན་པོ་བཞིན་དུ༌རྒྱས།། \v 29 རང་ཁྱིམ་སྡུག་ལ་སྦྱོར་བར་རླུང་ཙམ༌འཐོབ། །བླུན་པོ་མཁས་པའི་གཡོག་པོར་འགྱུར་བ༌འོ།། \v 30 དྲང་པོའི་འབྲས་བུ་སྲོག་གི་ལྗོན་ཤིང༌ཡིན། །ཤེས་རབ་ཅན་གྱིས་མི་སེམས་འགུག་པར༌ནུས།། \v 31 དྲང་པོར་འཇིག་རྟེན་འདི་རུ་ལན་འཕོག༌ན། །ངན་པ་དང་ནི་སྡིག་ཅན་ལྟ་ཅི༌སྨོས།། \c 12 \cl ལེའུ་བཅུ་གཉིས༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཁ་ཏར་དགའ་བ་ཤེས་ཡོན་ལ་དགའ༌ཞིང༌། །བཀའ་བཀྱོན་ལ་ནི་སྡང་བ་གླེན་པ༌ཡིན།། \v 2 བཟང་པོར་ཡ་ཝཱེའི་ཐུགས་རྗེ་འཐོབ་པ༌དང༌། །ཇུས་ངན་གཤོམ་པར་ཡ་ཝཱེས་ཉེས་ཆད༌གཅོད།། \v 3 ངན་པའི་ཐབས་ཀྱིས་སུ་ཡང་ཚུགས་མི༌ཐུབ། །དྲང་པོའི་རྩ་བར་ནམ་ཡང་གཡོ་འགུལ༌མེད།། \v 4 བུད་མེད་འཇོན་པོ་ཁྱོ་གའི་གཙུག་རྒྱན༌ཡིན། །ངོ་ཚར་སྦྱོར་མཁན་དེ་ཡི་རུས་མྱགས༌འདྲ།། \v 5 དྲང་པོའི་འཆར་བཀོད་དྲང་བདེན་ཡིན༌ན་ཡང༌། །ངན་པའི་ཐབས་ཇུས་གཡོ་སྒྱུའི་སྦྱོར་བ༌ཡིན།། \v 6 ངན་པའི་ཚིག་ནི་འཇབ་ནས་མི་གསོད༌ཀྱང༌། །དྲང་པོའི་སྨྲ་སྒོས་དེ་རྣམས་སྐྱོབ་པ༌ཡིན།། \v 7 མི་ངན་འགྱེལ་ན་རྩ་བ་ཉིད་ནས༌འཇིག །དྲང་པོའི་ཁྱིམ་གཞིས་བརྟན་པོར་གནས་པ༌འོ།། \v 8 ཤེས་རྒྱའི་དབང་གིས་མི་ལ་བསྟོད་བསྔགས༌འབྱུང༌། །བསམ་པ་གྱ་གྱུ་ཅན་ལ་སྨད་པར༌འགྱུར།། \v 9 རང་རློམ་བྱེད་ཀྱང་ཁ་ཟས་ཆད་པ༌ལས། །གཞན་གྱིས་སྨད་ཀྱང་གཡོག་པོ་ཡོད་མཁན༌ལེགས།། \v 10 དྲང་པོས་རང་གི་ཕྱུགས་ཀྱི་སྲོག་ལ༌གཅེས། །ངན་པས་སྙིང་རྗེ་བསྐྱེད་ཀྱང་གདུག་རྩུབ༌ཡིན།། \v 11 འབད་པས་སོ་ནམ་བྱེད་པར་ཟས་ཀྱིས༌མོད། །འཕྲུལ་སྣང་སྙེག་མཁན་དངོས་གནས་བླུན་རྨོངས༌ཡིན།། \v 12 སྡིག་སྤྱོད་ཅན་ནི་ངན་པའི་རྙི་རྒྱར༌ཆགས། །དྲང་པོའི་རྩ་བས་འབྲས་བུ་བསྐྱེད་པ༌ཡིན།། \v 13 མི་ངན་རང་གི་གཏམ་གྱི་རྙི་རུ༌འཚུད། །དྲང་པོ་དཀའ་སྡུག་ལས་ནི་ཐར་བར༌འགྱུར།། \v 14 མི་ཡིས་སྨྲ་སྒོའི་འབྲས་བུ་དེའི་རྐྱེན༌གྱིས། །རྫས་མཆོག་ལ་ནི་ཚིམ་པར་རོལ་བ༌དང༌། །མི་ཡིས་བྱས་པའི་ལས་ཀ་རང་སྟེང༌འབབ།། \v 15 བླུན་པོའི་མིག་ལ་རང་གི་སྤྱོད་པ༌དྲང༌། །ཤེས་རབ་ཅན་གྱིས་ཞལ་ཏར་ཉན་པ༌ཡིན།། \v 16 བླུན་པོའི་ཁོང་ཁྲོ་སྐད་ཅིག་ཉིད་ལ༌མངོན། །མཛངས་པས་ངོ་ཚ་གཟོད་པར་ནུས་པ༌ཡིན།། \v 17 དྲང་གཏམ་སྨྲ་བས་དྲང་བདེན་མངོན་པར༌བྱེད། །རྫུན་གྱི་དཔང་པོས་མགོ་སྐོར་གཏོང་བ༌འོ།། \v 18 གང་བྱུང་ཚིག་ནི་རལ་གྲིས་བསྣུན་འདྲ༌ཡིན། །མཁས་པའི་ལྗགས་ཀྱིས་མི་ནི་གསོ་བར༌མཛད།། \v 19 དྲང་གཏམ་སྨྲ་བའི་མཆུ་སྒྲོས་གཏན་དུ༌ཚུགས། །རྫུན་གྱི་ལྕེ་ནི་སྐད་ཅིག་ཉིད་ལ༌ཡལ།། \v 20 དོན་ངན་གཤོམ་པའི་སེམས་ལ་གཡོ་སྒྱུ༌བཅངས། །བར་འདུམ་པ་ཡི་སེམས་སུ་དགའ་མགུ༌རང༌།། \v 21 དྲང་པོའི་མགོ་ལ་བར་ཆད་མི་འབྱུང༌མོད། །འོན་ཀྱང་ངན་པས་དཀའ་སྡུག་ཚད་མེད༌མྱོང༌།། \v 22 རྫུན་གྱི་མཆུ་ལ་ཡ་ཝཱེ་ཞེན་ལོག༌ཅིང༌། །དྲང་པོར་སྤྱོད་པ་དག་ལ་ཁོང་ནི༌དགྱེས།། \v 23 མཛངས་པས་རང་གི་ཤེས་ཡོན་སྦ་བྱེད་ཀྱང༌། །གླེན་པའི་སེམས་ཀྱིས་གླེན་རྟགས་སྟོན་པ༌ཡིན།། \v 24 བརྩོན་འགྲུས་ཅན་གྱི་ལག་པས་སྲིད་སྐྱོང༌ཞིང༌། །ལེ་ལོ་ཅན་ནི་སྡུག་པོའི་ལས་ལ༌སྦྱོར།། \v 25 སེམས་པ་འཚབ་ན་མི་ནི་བག་འཁུམ༌ཞིང་། །གཏམ་སྙན་གྱིས་ནི་མི་དེ་སྤྲོ་བར༌བྱ།། \v 26 དྲང་པོས་ཁྱིམ་མཚེས་ལ་ནི་ལམ་སྟོན༌ཞིང༌། །ངན་པའི་ལམ་གྱིས་མི་རྣམས་ལོག་ལམ༌འཇུག། \v 27 ལེ་ལོས་རང་གི་རྔོན་ཤ་མེར་མི༌སྲེག །ཧུར་བརྩོན་ཅན་ལ་རིན་ཆེན་རྒྱུ་ནོར༌འཐོབ།། \v 28 དྲང་བདེན་ལམ་དུ་ཚེ་སྲོག་ཡོད་པ་དང༌། །ལམ་བུ་དེ་རུ་འཆི་བ་གཏན་ནས༌མེད།། \c 13 \cl ལེའུ་བཅུ་གསུམ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཤེས་ལྡན་བུ་ཡིས་ཕ་ཡི་ཞལ་གདམས༌ཉན། །འཕྱ་སྨོད་མཁན་གྱིས་བཀའ་བཀྱོན་སྣང་མེད༌བསྐྱུར།། \v 2 མི་ཡིས་སྨྲ་སྒོའི་འབྲས་བུ་དེའི་རྐྱེན༌གྱིས། །རྫས་མཆོག་ལ་ནི་ཚིམ་པར་རོལ་བ༌དང༌། །གཡོ་སྒྱུ་ཅན་གྱི་འདོད་པ་གདུག་རྩུབ༌ཡིན།། \v 3 སྨྲ་སྒོ་སྲུང་མཁན་གྱིས་ནི་རང་སྲོག༌སྲུང༌། །གང་བྱུང་སྨྲ་བས་རང་ཉིད་བརླག་པར༌འགྱུར།། \v 4 ལེ་ལོ་ཅན་གྱིས་བརྔམས་ཀྱང་ཅང་མི༌འཐོབ། །ཧུར་བརྩོན་ཅན་ནི་ཡོངས་སུ་ཚིམ་པར༌འགྱུར།། \v 5 དྲང་བདེན་མི་ནི་རྫུན་ལ་སྡང་བ༌དང༌། །ངན་པའི་ལས་ཀྱིས་སུན་སྣང་ངོ་ཚར༌སྦྱོར།། \v 6 དྲང་བདེན་གྱིས་ནི་ཉེས་མེད་སྲུང་བ༌དང༌། །ངན་པས་སྡིག་ཅན་འགྱེལ་དུ་འཇུག་པ༌ཡིན།། \v 7 གཅིག་གིས་ཅི་ཡང་མེད་ཀྱང་ཕྱུག་པོ་ཡིན་ཁུལ༌བྱེད། །གཅིག་ནི་རབ་ཏུ་ཕྱུག་ཀྱང་དབུལ་པོར་བརྫུས་པ༌འོ།། \v 8 མི་ཡི་རྒྱུ་ནོར་སྲོག་གི་བླུ་རིན༌ཡིན། །དབུལ་པོས་འཇིགས་སྐུལ་ཚིག་ནི་ཐོས་པ༌མེད།། \v 9 དྲང་པོའི་འོད་ཟེར་གསལ་ལེར་འཕྲོ་བ༌དང༌། །ངན་པའི་སྒྲོན་མེ་ཞི་བར་འགྱུར་བ༌འོ།། \v 10 ང་རྒྱལ་གྱིས་ནི་རྩོད་གླེང་སློང་བ༌དང༌། །གྲོས་ལ་ཉན་པར་ཤེས་རབ་ལྡན་པ༌ཡིན།། \v 11 སྐད་ཅིག་ཉིད་ལ་འབྱོར་བའི་རྒྱུ་ནོར༌ཟད། །རིམ་བཞིན་བསགས་པ་མང་དུ་འཕེལ་བར༌འགྱུར།། \v 12 རེ་ལྟོས་འགྱངས་ན་མི་ཡི་སྙིང་ལ༌གཟན། །བསམ་དོན་འགྲུབ་པ་སྲོག་གི་ལྗོན་ཤིང༌བཞིན།། \v 13 སློབ་སྟོན་ཁྱད་དུ་གསོད་པས་རང་ཉིད༌སྟོང༌། །བཀའ་རྒྱར་གུས་ཤིང་འཇིགས་པར་རྔན་པ༌འཐོབ།། \v 14 མཁས་པའི་སློབ་སྟོན་སྲོག་གི་ཆུ་མིག༌ཡིན། །འཆི་བའི་རྙི་ལས་ཐར་བར་མཛད་པ༌འོ།། \v 15 གོ་རྟོགས་ལེགས་པོས་ཐུགས་རྗེ་འཐོབ་པར༌བྱ། །གཡོ་སྒྱུ་ཅན་གྱི་བགྲོད་ལམ་ཀྱག་ཀྱོག༌ཡིན།། \v 16 མཛངས་པ་ཀུན་གྱིས་མཁས་པར་སྤྱོད་པ༌དང༌། །གླེན་པས་རང་གི་གླེན་རྟགས་ཕྱི་རུ༌འཕུད།། \v 17 བང་ཆེན་ངན་པ་ཆག་སྒོའི་ནང་དུ༌ལྟུང༌། །སྐུ་ཚབ་བློ་དཀར་གྱིས་ནི་གསོ་བར༌མཛད།། \v 18 ཁ་ཏ་སྣང་མེད་བསྐྱུར་བ་དབུལ་ཞིང༌ནོངས། །བཀའ་བཀྱོན་གཙིགས་སུ་འཛིན་པར་བཀུར་སྟི༌འཐོབ།། \v 19 བསམ་དོན་འགྲུབ་ན་སེམས་པ་མངར་མོ༌ཡིན། །གླེན་པ་ངན་དང་འབྲལ་བར་ཞེ་ལོག༌གོ། \v 20 མཁས་པ་མཉམ་དུ་སྐྱོད་ན་མཁས་པར༌འགྱུར། །གླེན་པའི་འགྲོགས་ཡ་བྱས་ན་གྱོང་གུད༌ཐེབས།། \v 21 སྡིག་ཅན་རྗེས་སུ་ཆག་སྒོ་ར་མདར༌རྒྱུག །དྲང་བདེན་མི་ལ་རྔན་པ་ལེགས་པོ༌འཐོབ།། \v 22 བཟང་པོས་བུ་རྒྱུད་ལ་ནི་ནོར་སྐལ༌འཇོག །སྡིག་ཅན་རྒྱུ་ནོར་དྲང་པོའི་ཆེད་དུ༌བསགས།། \v 23 དབུལ་པོའི་ཞིང་སར་ཁ་ཟས་འབོར་ཆེན༌ཐོན། །དྲང་གཞག་མིན་པས་ཐམས་ཅད་བརླག་པ༌ཡིན།། \v 24 དབྱུག་པས་མི་རྡུང་བུ་ལ་སྡང་བ༌ཡིན། །བུ་ལ་གཅེས་ན་དེ་ནི་འབད་པས༌འཇུན།། \v 25 དྲང་པོས་ཡིད་སེམས་ཚིམ་པར་ཁ་ཟས༌སྤྱོད། །ངན་པའི་གྲོད་པ་སྟོང་བར་ལུས་པ༌འོ།། \c 14 \cl ལེའུ་བཅུ་བཞི༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 མཛངས་མས་རང་གི་ཁྱིམ་གཞིས་འཛུགས་བྱེད༌ཅིང༌། །བླུན་མོས་དངོས་སུ་རང་ཁྱིམ་བཤིག་པར༌བྱེད།། \v 2 དྲང་པོར་འགྲོ་བ་ཡ་ཝཱེར་གུས་ཤིང༌འཇིགས། །ལོག་པར་སྤྱོད་པས་ཁོང་ཉིད་ཁྱད་དུ༌གསོད།། \v 3 བླུན་པོའི་ཁ་ནས་ང་རྒྱལ་ཡལ་ག༌ཐོན། །ཤེས་རབ་ཅན་གྱི་མཆུ་ཡིས་རང་ཉིད༌བསྲུང༌།། \v 4 བ་གླང་མེད་སར་ཁ་ར་གཙང༌ན་ཡང༌། །ལོ་ལེགས་གླང་གི་ཤུགས་ལས་འབྱུང་བ༌ཡིན།། \v 5 དཔང་པོ་དྲང་པོས་རྫུན་མི༌ལབ། །རྫུན་གྱི་དཔང་པོས་རྫུན་གཏམ༌སྨྲ།། \v 6 འཕྱ་སྨོད་མཁན་གྱིས་ཤེས་རབ་འཚོལ་བ་དཀའ། །བློ་རིག་ཅན་ལ་ཤེས་ཡོན་རང་བཞིན༌འཐོབ།། \v 7 གླེན་པའི་ཁ་ནས་ཤེས་ཡོན་རྙེད་དཀའ༌བས། །ཁྱོད་རང་དེ་དང་རིང་དུ་གྱེས་ཤིག༌ཨང༌།། \v 8 མཛངས་པའི་རིག་པས་རང་གི་བགྲོད་ལམ༌ཤེས། །གླེན་པའི་བླུན་རྨོངས་ཀྱིས་ནི་རང་ཉིད༌བསླུ།། \v 9 བླུན་པོས་ཉེས་སྐྱོན་རྩེད་མོར་འཛིན་མོད༌ཀྱང༌། །དྲང་པོའི་ཁྲོད་དུ་མཛའ་མཐུན་གནས་པ༌འོ།། \v 10 རང་གི་དཀའ་སྡུག་རང་གི་སེམས་ཀྱིས༌ཤེས། །སེམས་ཀྱི་དགའ་སྤྲོ་ཕྱི་མིས་མྱོང་མི༌ཐུབ།། \v 11 ངན་པའི་ཁྱིམ་གཞིས་བརླག་པར་འགྱུར་བ༌དང༌། །དྲང་པོའི་གུར་ནི་དར་ཞིང་རྒྱས་པ༌ཡིན།། \v 12 ལམ་ཞིག་ཡོད་པ་དྲང་པོར༌སྣང༌ན་ཡང་། །མཐའ་རུ་སླེབ་དུས་དེ་ནི་འཆི་ལམ༌ཡིན།། \v 13 དགོད་སྒྲ་སྒྲོག་པའི་སེམས་ལ་སྡུག་བསྔལ༌ཡོད། །དགའ་སྤྲོའི་མཐའ་མ་སྐྱོ་གདུང་ཡིན་ཡང༌སྲིད།། \v 14 སེམས་ནས་ཕྱིན་ཅི་ལོག་པའི་མི་དེ༌ཡིས། །རང་གི་སྤྱོད་པའི་མཇུག་འབྲས་ཚད་མེད༌མྱོང༌། །བཟང་པོར་ཅི་བྱས་བཞིན་དུ་རྔན་པ༌འཐོབ།། \v 15 བླུན་པོ་སྨྲ་བརྗོད་ཀུན་ལ་ཡིད་ཆེས༌ཀྱང༌། །མཛངས་པས་གོམ་སྟབས་རེ་རེར་གཟབ་གཟབ༌བགྱི།། \v 16 ཤེས་ལྡན་འཇིགས་ཤིང་ངན་ལས་འབྱོལ་བ༌དང༌། །གླེན་པས་ང་རྒྱལ་ཁེངས་རློམ་བྱེད་པ༌འོ།། \v 17 ངང་རྒྱུད་ཐུང་བ་བླུན་པོའི་ལུགས་སུ༌སྤྱོད། །སེམས་ལ་ཇུས་ངན་བཅངས་པར་ཐམས་ཅད༌སྡང༌།། \v 18 བླུན་པོས་ཤེས་རྨོངས་ནོར་སྐལ་དུ་རྙེད༌ཅིང༌། །མཛངས་པའི་སྟེང་ལ་ཤེས་ཡོན་ཅོད་པན༌མཛེས།། \v 19 མི་ངན་བཟང་པོའི་མདུན་སར་མགོ་བཏུད༌ཅིང༌། །ངན་པས་དྲང་པོའི་སྒོ་ཁར་མགོ་བོ༌སྨད།། \v 20 དབུལ་པོར་ཁྱིམ་མཚེས་ཡིན་ཡང་ཁོ་ལ༌སྡང༌། །ཕྱུག་པོར་མཛའ་བོ་གང་མང་ཡོད་པ༌འོ།། \v 21 ཁྱིམ་མཚེས་ཁྱད་དུ་གསོད་པ་སྡིག་ཉེས༌ཡིན། །དབུལ་པོ་དྲིན་གྱིས་སྐྱོང་བར་བྱིན་རླབས༌འཐོབ།། \v 22 ཇུས་ངན་གཤོམ་པ་ལམ་ནོར་མ་ཕྱིན༌ནམ། །ཐབས་བཟང་འཚོལ་བར་བྱམས་བརྩེ་བློ་དཀར༌འཐོབ།། \v 23 ངལ་བའི་ལས་ཀ་ཀུན་གྱིས་ཕན་ཐོགས༌ཤིང༌། །ཁ་སྟོང་ཚིག་སྟོང་གིས་ནི་ཕོངས་པར༌བྱེད།། \v 24 ཤེས་ལྡན་རྒྱུ་ནོར་ཁོ་ཚོའི་ཅོད་པན༌ཡིན། །གླེན་པའི་ཤེས་རྨོངས་ནམ་ཡང་ཤེས་རྨོངས༌སོ།། \v 25 དཔང་པོ་བདེན་པ་བྱེད་པས་མི་སྲོག༌སྐྱོབ། །རྫུན་གཏམ་སྨྲ་བས་གཡོ་སྒྱུས་མི་ལ༌འཚེ།། \v 26 ཡ་ཝཱེར་གུས་ཤིང་འཇིགས་པར་བརྟེན་ས༌ཡོད། །དེ་ཡི་བུ་རྒྱུད་ལ་ཡང་སྐྱབས་གནས༌མངའ།། \v 27 ཡ་ཝཱེར་འཇིགས་པ་སྲོག་གི་ཆུ་མིག༌ཡིན། །མི་ནི་འཆི་བའི་རྙི་ལས་ཐར་བར༌བྱ།། \v 28 འབངས་མི་རྒྱས་པ་རྒྱལ་པོའི་གཟི་དཔལ༌ཡིན། །མི་སེར་ཉུང་བ་གོང་མ་ཉམས་པའི༌རྒྱུ།། \v 29 ངང་རྒྱུད་རིང་པོ་ཤིན་ཏུ་སྤྱང་གྲུང༌ཡིན། །ངང་རྒྱུད་ཐུང་བས་གླེན་རྟགས་ཆེན་པོ༌སྟོན།། \v 30 སེམས་རྒྱུད་ཞི་ཞིང་དུལ་ན་ལུས་པོ༌བདེ། །ཕྲག་དོག་གིས་ནི་རུས་ཟུངས་རྒུད་པར༌བྱ།། \v 31 དབུལ་པོར་གཉའ་གནོན་བྱེད་པ༌ཡིས། །དེ་ཡི་བྱེད་པོར་སྨད་པ༌དང༌། །དབུལ་པོ་དྲིན་གྱིས་སྐྱོང་བ༌ནི། །དེ་ཡི་བྱེད་པོར་བཀུར༌བ་འོ།། \v 32 ངན་པ་རང་གི་ཉེས་པས་ཐུར་དུ༌འདྲུད། །དྲང་པོར་འཆི་བའི་དུས་ཀྱང་བརྟེན་ས༌ཡོད།། \v 33 ཤེས་རབ་བློ་རིག་ཅན་གྱི་སེམས་སུ༌གནས། །གླེན་པ་རྣམས་ཀྱི་ཁྲོད་ཀྱང་གསལ་ལེར༌མངོན།། \v 34 དྲང་བདེན་གྱིས་ནི་རྒྱལ་ཁབ་དར་བྱེད༌མོད། །འོན་ཀྱང་སྡིག་པ་དམངས་ཀྱི་ངོ་ཚ༌ཡིན།། \v 35 འཁོར་གཡོག་ཤེས་རབ་ཅན་ལ་རྒྱལ་པོ༌མཉེས། །ངོ་ཚར་སྦྱོར་བ་རྣམས་ལ་ཐུགས་རྒྱུད༌ཁྲོ།། \c 15 \cl ལེའུ་བཅོ་ལྔ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཚིག་ལན་འཇམ་པོས་ཁོང་ཁྲོ༌ཞི། །རྩུབ་པོའི་གཏམ་གྱིས་ཞེ་སྡང༌སློང༌།། \v 2 ཤེས་ལྡན་ལྕེ་ཡིས་ཤེས་ཡོན༌བརྒྱན། །གླེན་པའི་ཁ་ནས་བླུན་རྨོངས༌ཐོན།། \v 3 ཡ་ཝཱེའི་སྤྱན་ནི་གང་སར༌བཞུགས། །ངན་པ་བཟང་པོ་ཐམས་ཅད༌གཟིགས།། \v 4 སེམས་གསོའི་ལྕེ་ནི་སྲོག་གི་ལྗོན་ཤིང༌ཡིན། །གཡོ་སྒྱུ་ཅན་གྱི་ལྕེ་ཡིས་མི་སེམས༌སྣད།། \v 5 བླུན་པོས་ཕ་ཡི་ཁ་ཏར་སྨད་པ༌དང༌། །བཀའ་བཀྱོན་གཙིགས་སུ་འཛིན་པ་སྤྱང་གྲུང་ལྡན།། \v 6 དྲང་པོའི་ཁྱིམ་དུ་ནོར་བུ་མང་པོ༌ཡོད། །ངན་པའི་ཡོང་འབབ་ཀྱིས་ནི་སྡུག་བསྔལ༌བཟོ།། \v 7 མཁས་པའི་ཞལ་ལས་ཤེས་ཡོན་སྤེལ་བ༌ཡིན། །གླེན་པའི་སེམས་ཀྱིས་དེ་བཞིན་བྱེད་པ༌མིན།། \v 8 ངན་པའི་མཆོད་པར་ཡ་ཝཱེ་ཞེན་པ༌ལོག །དྲང་པོའི་སྨོན་ལམ་དེ་ལ་ཁོང་ནི༌དགྱེས།། \v 9 ངན་པའི་ལམ་ལ་ཡ་ཝཱེ་ཞེན་ལོག༌ཀྱང༌། །དྲང་པོ་སྙེག་མཁན་ལ་ནི་ཁོང་གིས༌བྱམས།། \v 10 དྲང་ལམ་འདོར་བར་བསླབ་བྱ་ནན་མོ༌གཏོང༌། །བཀའ་བཀྱོན་ལ་ནི་སྡང་བ་འཆི་བར༌འགྱུར།། \v 11 གཤིན་ཡུལ་དམྱལ་ཁམས་ཡ་ཝཱེའི་དྲུང་དུ༌མངོན། །འཇིག་རྟེན་མི་ཡི་སེམས་ནི་ལྟ་ཅི༌སྨོས།། \v 12 འཕྱ་སྨོད་བྱེད་པ་འཇུན་མཁན་ལ་མི༌དགའ། །ཤེས་རབ་ཅན་གྱི་དྲུང་དུའང་འགྲོ་མི༌བྱ།། \v 13 ཡིད་སེམས་སྤྲོ་བས་མི་ལ་འཛུམ་མདངས༌རྒྱས། །སེམས་སྡུག་གིས་ནི་མི་སེམས་རྒུད་པར༌བྱེད།། \v 14 བློ་རིག་ཅན་གྱི་སེམས་ཀྱིས་ཤེས་ཡོན༌འཚོལ། །གླེན་པའི་ཁ་ཡིས་བླུན་རྨོངས་འབའ་ཞིག༌ཟ།། \v 15 མནར་གཅོད་མྱོང་བའི་ཉིན་ཀུན་དཀའ་ངལ༌ཡིན། །སེམས་པ་སྐྱིད་ན་ནམ་ཡང་གསོལ་སྟོན༌ཡིན།། \v 16 ནོར་གྱིས་ཕྱུག་ཀྱང་ཉོན་མོངས་ལྡན་པ༌ལས། །རྒྱུ་ནོར་ཉུང་ཡང་ཡ་ཝཱེར་འཇིགས་པ༌ལེགས།། \v 17 སྔོ་ཚལ་ཟ་ཞིང་ཕན་ཚུན་བྱམས་པ༌ནི། །བ་གླང་ཚོན་པོ་ཟ་ཞིང་ཕན་ཚུན༌ལ། །སྡང་སེམས་བསྐྱེད་པ་དེ་ལས་ལྷག་པ༌ཡིན།། \v 18 ཁྲོ་གཏུམ་ཅན་གྱིས་ནམ་རྒྱུན་འཁྲུག་པ༌སློང༌། །ངང་རྒྱུད་རིང་མོས་རྩོད་གཞི་འཇགས་པར༌བྱེད།། \v 19 ལེ་ལོ་ཅན་གྱི་ལམ་ནི་ཚེར་མའི་ར་སྐོར༌འདྲ། །གཞུང་རྒྱུད་དྲང་བའི་ལམ་བུ་བདེ་སྙོམས་གཞུང་ལམ༌ཡིན།། \v 20 ཤེས་རབ་ཅན་གྱིས་ཕ་ནི་མགུ་བྱེད༌ཀྱང༌། །གླེན་པས་རང་གི་མ་ལ་བརྙས་པར༌བྱེད།། \v 21 ཤེས་རྨོངས་ཀྱིས་ནི་བླུན་རྨོངས་དགའ་སྤྲོར༌རྩི། །བློ་རིག་ལྡན་པ་དྲང་པོར་འགྲོ་བ༌ཡིན།། \v 22 གྲོས་མོལ་མེད་ན་འཆར་བཀོད་འཆོལ་བ༌དང༌། །གྲོས་མི་མང་སར་གྲོས་གཞི་འགྲུབ་པ༌ཡིན།། \v 23 ངག་ལན་འཚམ་པོས་རང་ཉིད་དགའ་བྱེད༌ཅིང༌། །དུས་དང་མཐུན་པའི་གཏམ་ནི་བཟང་བ༌ལ།། \v 24 སྲོག་གི་ལམ་གྱིས་མཁས་པ་ཡར་འདྲེན༌པས། །ཁོ་རང་ཐུར་གྱི་གཤིན་ཡུལ་དང་འབྲལ༌ལོ།། \v 25 ཡ་ཝཱེས་ང་རྒྱལ་ཅན་གྱི་ཁང་པ༌བཤིག །ཡུགས་མོའི་མཐའ་མཚམས་བརྟན་པོར་མཛད་པ༌འོ།། \v 26 ངན་པའི་བསམ་བློར་ཡ་ཝཱེ་ཞེན་ལོག༌ཀྱང༌། །སྙིང་རྗེའི་གཏམ་ནི་དྭངས་ཤིང་གཙང་བ༌འོ།། \v 27 མི་གཙང་ནོར་ལ་ཧམ་པས་རང་ཁྱིམ༌འཚེ། །ལྐོག་རྔན་ལ་ནི་སྡང་བ་འཚོ་བར༌འགྱུར།། \v 28 དྲང་པོའི་སེམས་ཀྱིས་ལན་ལ་གཟབ་པ༌དང༌། །ངན་པའི་ཁ་ནས་གཏམ་ངན་བརྡོལ་བ༌ཡིན།། \v 29 ཡ་ཝཱེ་ངན་པར་རིང་དུ་གྱེས་པ༌དང༌། །དྲང་པོའི་གསོལ་འདེབས་ལ་ནི་གསན་པ༌འོ།། \v 30 མིག་གི་འོད་མདངས་ཀྱིས་ནི་སེམས་མགུ༌ཞིང༌། །འཕྲིན་བཟང་གིས་ནི་རུས་ཟུངས་གསོ་བ༌འོ།། \v 31 སྲོག་དང་འབྲེལ་བའི་འཇུན་ཚིག་ལ་ཉན༌པ། །ཤེས་རབ་ལྡན་པ་དག་གི་ཁྲོད་དུ༌གནས།། \v 32 ཁ་ཏ་སྣང་མེད་བསྐྱུར་བས་རང་ཉིད༌སྨད། །ཁ་ཏར་ཉན་པས་གོ་རྟོགས་རྙེད་པ༌ཡིན།། \v 33 ཡ་ཝཱེར་གུས་ཤིང་འཇིགས་པས་ཤེས་རབ༌བསླབ། །བཀུར་སྟི་མ་འཐོབ་གོང་ལ་ཁེངས་སྐྱུང༌དགོས།། \c 16 \cl ལེའུ་བཅུ་དྲུག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 སེམས་ཀྱི་འཆར་བཀོད་མི་ལ་གཏོགས༌ན་ཡང་། །ལྕེ་ལན་འདེབས་པ་ཡ་ཝཱེ་ཁོང་ལས༌འབྱུང༌།། \v 2 རང་གི་མིག་ལམ་ཅི་བྱས་ཐམས་ཅད༌གཙང༌། །ཡ་ཝཱེས་མི་སེམས་སྲང་ལ་འཇལ་བ༌ཡིན།། \v 3 རང་གི་སྒྲུབ་བྱ་ཐམས་ཅད་ཡ་ཝཱེར༌བཅོལ། །ཁྱོད་ཀྱི་འཆར་བཀོད་ཡིད་བཞིན་འགྲུབ་པར༌འགྱུར།། \v 4 ཡ་ཝཱེས་བཀོད་པ་ཀུན་ལ་དམིགས་བྱ༌ཡོད། །ཐ་ན་ངན་པ་ཆག་སྒོའི་ཉིན་ཕྱིར༌ཡིན།། \v 5 ང་རྒྱལ་ཀུན་ལ་ཡ་ཝཱེ་ཞེན་པ༌ལོག །ཁོ་རྣམས་ཉེས་ཆད་མེད་པར་གཏོང་མི༌སྲིད།། \v 6 བྱམས་པ་དང་ནི་བདེན་པས་སྡིག་པ༌བཤགས། །ཡ་ཝཱེར་འཇིགས་པས་ངན་པར་གཡོལ་ནུས༌སོ།། \v 7 མི་ཡི་སྤྱོད་པར་ཡ་ཝཱེ་ཐུགས་དགྱེས༌ན། །ཁོང་གིས་དེ་ཡི་དགྲ་ཡང་དེ་དང༌བསྡུམ།། \v 8 ཐོབ་བྱ་མང་ཡང་དྲང་གཞག་མེད་པ༌ལས། །ཡོང་འབབ་ཉུང་ཡང་དྲང་བདེན་ཡིན་པ༌ལེགས།། \v 9 མི་ཡི་སེམས་ཀྱིས་རང་གི་ལམ་གཤོམ༌ཡང༌། །དེ་ཡི་ལམ་སྣ་འདྲེན་མཁན་ཡ་ཝཱེ༌ཡིན།། \v 10 རྒྱལ་པོའི་ཞལ་དུ་དཀོན་མཆོག་བཀའ་གསུང༌ཡོད། །འདྲི་གཅོད་བྱེད་དུས་ཞལ་ལ་འཁྲུལ་བ༌མེད།། \v 11 དྲང་བའི་སྲང་དང་རྒྱ་མ་ཡ་ཝཱེར༌གཏོགས། །ཁུག་མའི་གདོས་ཚད་ཐམས་ཅད་ཁོང་གིས༌བཀོད།། \v 12 དྲང་པོར་བརྟེན་ནས་རྒྱལ་ཁྲི་བརྟན་བྱེད༌པས། །བྱ་ངན་བྱེད་པར་རྒྱལ་པོ་ཞེན་པ༌ལོག། \v 13 དྲང་བདེན་མཆུ་ལ་རྒྱལ་པོ་ཐུགས་དགྱེས༌ཤིང༌། །དྲང་གཏམ་སྨྲ་བར་ཁོང་ཉིད་དགའ་བ༌འོ།། \v 14 རྒྱལ་པོའི་ཐུགས་ཁྲོ་འཆི་བའི་ཕོ་ཉར༌མཚུངས། །མཁས་པས་རྒྱལ་པོའི་ཐུགས་ཁྲོ་ཞི་བར༌བྱ།། \v 15 རྒྱལ་པོའི་ཞལ་འཛུམ་གྱིས་ནི་ཚེ་སྲོག༌སྦྱིན། །ཁོང་གི་ཐུགས་རྗེ་དཔྱིད་ཀའི་ཆར་སྤྲིན༌མཚུངས།། \v 16 ཤེས་རབ་འབྱོར་བ་གསེར་བས་རབ་ཏུ༌དྲག །དངུལ་ལས་བློ་གྲོས་བདམས་པས་ཤིན་ཏུ༌བཟང༌།། \v 17 ངན་པ་ལས་གཡོལ་དྲང་པོའི་ལམ་ཆེན༌ཡིན། །རང་གི་བགྲོད་ལམ་སྲུང་བས་རང་སྲོག༌བསྲུང༌།། \v 18 རྩ་མེད་འགྲོ་བའི་སྔོན་ལ་ང་རྒྱལ༌འབྱུང༌། །མ་ལྟུང་གོང་ལ་སེམས་སུ་ཁེངས་དྲེགས༌བསྐྱེད།། \v 19 ང་རྒྱལ་ཅན་དང་བཅོམ་ནོར་བགོ་བ༌ལས། །ཁེངས་པ་བསྐྱུངས་ནས་དབུལ་པོར་འགྲོགས་ན༌བཟང༌།། \v 20 གཟབ་གཟབ་བཀའ་ལ་ཉན་པར་ཕན་ཐོགས༌ཤིང༌། །ཡ་ཝཱེར་བརྟེན་པའི་མི་ལ་བདེ་བ༌འཐོབ།། \v 21 བློ་རིག་ཅན་གྱི་སེམས་ལ་ཤེས་རབ༌ལྡན། །སྙན་མོ་གཏམ་གྱིས་མི་སེམས་འགུག་ནུས༌སོ།། \v 22 མཛངས་པའི་བློ་གྲོས་སྲོག་གི་ཆུ་མིག༌ཡིན། །བླུན་པོའི་བླུན་རྨོངས་དེ་ཡི་ཆད་པ༌འོ།། \v 23 མཁས་པའི་སེམས་ཀྱིས་རང་གི་ཁ་ལ༌བསླབ། །རང་གི་ཚིག་ལ་མི་སེམས་འགུག་ཤུགས༌སྣོན།། \v 24 སྙན་མོ་ཚིག་ནི་སྦྲང་རྩིའི་ཚང་ལྟར༌ཡིན། །སེམས་ལ་མངར་ཞིང་རུས་ཟུངས་གསོ་བར༌བྱེད།། \v 25 ལམ་ཞིག་ཡོད་པ་དྲང་པོར་སྣང་ན༌ཡང༌། །མཐའ་རུ་སླེབ་དུས་དེ་ནི་འཆི་ལམ༌ཡིན།། \v 26 གླ་པས་རང་གི་དགོས་མཁོ་བསྐང་བར༌འབད། །བཀྲེས་སྐོམ་གྱིས་ནི་ཁོ་ལ་ཚ་འདེད༌བགྱི།། \v 27 གཡོ་ཁྲམ་ཅན་གྱིས་ངན་པ་ཕྱི་རུ༌འདོན། །དེ་ཡི་སྨྲ་བརྗོད་སྲེག་བྱེད་མེ་དང༌མཚུངས།། \v 28 ལོག་སྤྱོད་ཅན་གྱིས་འཁྲུག་པའི་ས་བོན༌འདེབས། །ཕྲ་མ་བྱེད་པས་མཛའ་གྲོགས་གཏོར་བ༌ཡིན།། \v 29 གདུག་རྩུབ་ཅན་གྱིས་ཁྱིམ་མཚེས་བསླུ་བ༌དང༌། །དེ་ནི་ངན་པའི་ལམ་དུ་འདྲེན་བྱེད༌དོ།། \v 30 སྲོལ་ལོག་འཚོལ་བས་མིག་བརྡ་གཏོང་བ༌དང༌། །ཁ་ཚུགས་སྟོན་པས་ངན་པ་འགྲུབ་པར༌བྱ།། \v 31 མགོ་སྐྲ་དཀར་པོ་དཔལ་གྱི་ཅོད་པན༌ཡིན། །དྲང་བདེན་ལམ་དུ་དེ་ནི་འཐོབ་པར༌འགྱུར།། \v 32 ངང་རྒྱུད་རིང་བ་དཔའ་བོ་ལས་ཀྱང༌ལྷག །རང་སེམས་འདུལ་བ་གྲོང་ཁྱེར་ལོན་པས༌མཆོག། \v 33 རྟགས་རིལ་མི་ཡི་པང་དུ་འཕངས༌ན་ཡང་། །ཐུགས་ཐག་གཅོད་པ་ཡ་ཝཱེ་ཁོང་ཉིད༌ལགས།། \c 17 \cl ལེའུ་བཅུ་བདུན༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ནང་འཁྲུག་དང་བཅས་སྟོན་མོས་ཁེངས་པའི་ཁྱིམ་གཞིས༌ལས། །བག་ཕབ་ངང་ནས་གོར་སྐམ་ཁམ་གང་ཟ་བ༌ལེགས།། \v 2 གཡོག་པོ་གྲུང་པོས་ཁྲེལ་མེད་བུ་ནི་དབང་འོག༌བསྡུ། །སྤུན་རྣམས་ཁྲོད་ནས་ནོར་སྐལ་ཡང་ནི་རྙེད་པར༌འགྱུར།། \v 3 གསེར་དངུལ་བཙོ་ཕྱིར་མེ་ཐབ་ལུགས་ཀོང༌ཡོད། །ཡ་ཝཱེས་མི་ཡི་སེམས་ལ་བརྟག་པར༌མཛད།། \v 4 ལས་ངན་བྱེད་པས་སྨྲ་བརྗོད་ངན་པར༌ཉན། །རྫུན་གཏམ་སྨྲ་བས་ཕྲ་མའི་ལྕེ་ལ༌བླག། \v 5 དབུལ་པོར་འཕྱ་བས་དེ་ཡི་བྱེད་པོར༌སྨད། །གཞན་སྡུག་སྙིང་ཚིམ་ལ་ནི་ཉེས་ཆད༌འཕོག། \v 6 བུ་རབས་ཚ་རྒྱུད་རྒན་པའི་ཅོད་པན༌ཡིན། །ཕ་ནི་བུ་ཕྲུག་རྣམས་ཀྱི་དཔལ་ལགས༌སོ།། \v 7 གླེན་པས་གཏམ་སྙན་སྨྲ་བ་མི་འོས༌ཤིང༌། །བཀུར་སྟི་ཅན་ལ་རྫུན་གཏམ་ལྟ་ཅི༌སྨོས།། \v 8 སྤྲོད་མཁན་མིག་ལ་ལྐོག་རྔན་སྲུང་འཁོར༌བཞིན། །གང་སར་ཕྱིན་ཡང་དོན་ཀུན་འགྲུབ་པར༌སྙམ།། \v 9 གཞན་གྱི་ཉེས་སྐྱོན་བརྗེད་པས་མཛའ་བརྩེ༌སྙེག །ཡང་དང་བསྐྱར་དུ་གླེང་བས་མཛའ་གྲོགས༌འཕྲལ།། \v 10 རྣམ་དཔྱོད་ཅན་ལ་གཤེ་ཚིག་གཅིག་སྨྲ༌བ། །གླེན་པར་ལན་བརྒྱ་གཞུས་པས་ལྷག་ཡིན༌ནོ།། \v 11 མི་ངན་གྱིས་ནི་གྱེན་ཟློག་ཁོ་ན༌བསྙེག །གདུག་རྩུབ་ཆེ་བའི་བང་ཆེན་དེ་རྩར༌མངག། \v 12 གླེན་པས་གླེན་རྟགས་སྟོན་པར་འཕྲད་པ༌ལས། །དོམ་ཕྲུག་བོར་བའི་དོམ་དང་འཕྲད་ན༌ལེགས།། \v 13 བཟང་ལན་ངན་གྱིས་འཇལ་བའི་མི་ལ༌ནི། །རྐྱེན་ངན་དེ་ཡི་ཁྱིམ་དང་འབྲལ་མི༌འགྱུར།། \v 14 རྩོད་པའི་འགོ་ནི་རགས་ཤོར་ཆུ་དང༌འདྲ། །འཁྲུག་རྩོད་མ་བརྩམས་གོང་ལ་སྤང་བར༌བྱ།། \v 15 ངན་པ་དྲང་པོར་རྩི་བ༌དང༌། །དྲང་བདེན་སྡིག་ཅན་དུ་རྩི༌བ། །གཉིས་ཀར་ཡ་ཝཱེ་ཞེན་ལོག༌གོ། \v 16 གླེན་པའི་ནང་དུ་གོ་རྟོགས་མེད་ན༌ནི། །རིན་དངུལ་བཟུང་ནས་ཤེས་རབ་ཅི་ལ༌ཉོ།། \v 17 མཛའ་བོས་དུས་དང་རྣམ་པ་ཀུན་ཏུ༌བརྩེ། །སྤུན་ཟླ་དཀའ་སྡུག་འབྱུང་བའི་དུས་ཕྱིར༌སྐྱེས།། \v 18 ཁྱིམ་མཚེས་མཐོང་ངོར་ལག་པ་འཇུས་ནས༌ནི། །འགན་ལེན་བྱེད་པ་དེ་ནི་བླུན་རྨོངས༌ཡིན།། \v 19 རྩོད་པར་སེམས་པ་འཆོར་བ་ཉེས་པར༌དགའ། །རྒྱ་སྒོ་མཐོན་པོར་བརྩིགས་པས་རང་ཉིད༌བརླག། \v 20 སེམས་པ་གཡོ་སྒྱུ་ཅན་ལ་ཕན་མི༌ཐོགས། །ལྕེ་ཡིས་ཕྲ་མ་སྤེལ་བ་ཆག་སྒོར༌ལྷུང༌།། \v 21 གླེན་པའི་བུ་ཞིག་སྐྱེས་པ་ཕ་ཡི༌སྡུག །གླེན་པའི་ཕ་ལ་དགའ་སྤྲོ་ཡོད་མ༌ཡིན།། \v 22 དགའ་ཞིང་སྤྲོ་བའི་སེམས་ནི་སྨན་གྱི༌མཆོག །ཡིད་སེམས་སྐྱོ་བས་རུས་ཟུངས་ཟད་པར༌བྱེད།། \v 23 དྲང་གཞག་མགོ་རྟིང་སློག་པའི༌ཕྱིར། །ངན་པས་ལྐོག་ནས་ལྐོག་རྔན༌ལེན།། \v 24 བློ་ལྡན་མདུན་དུ་ཤེས་རབ༌གནས། །གླེན་པའི་མིག་ནི་ས་མཐར༌ཕྱོགས།། \v 25 གླེན་པས་ཕ་ནི་སེམས་ཁུར༌གཏུག །རང་གི་མ་ཡང་སྡུག་ལ༌སྦྱོར།། \v 26 དྲང་པོ་ལ་ནི་ཆད་པ་གཅོད་མི༌འོས། །འགོ་དཔོན་ཡ་རབས་ལ་ནི་བརྡེག་མི༌རུང༌།། \v 27 ཤེས་ཡོན་ཅན་གྱིས་གཏམ་ཉུང༌གླེང༌། །ཞི་དུལ་ངང་རིང་བློ་གྲོས༌ལྡན།། \v 28 བླུན་པོ་ཁ་རོག་སྡོད་པ་མཁས་པར༌རྩི། །ཅི་ཡང་མི་སྨྲ་བ་ནི་རིག་ལྡན༌སྙམ།། \c 18 \cl ལེའུ་བཅོ་བརྒྱད༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཁེར་རྐྱང་སྡོད་པས་རང་གི་འདོད་པ༌བསྙེག །དེ་ཡིས་ཤེས་རབ་ཀུན་ལ་འགོག་རྒོལ༌བྱ།། \v 2 གླེན་པ་གོ་བ་ལོན་པར་མི་དགའ༌ཞིང༌། །རང་གི་བསམ་དོན་བརྗོད་པ་ཁོ་ནར༌སྤྲོ།། \v 3 ངན་པ་སླེབ་སར་འཕྱ་སྨོད་ཀྱང་ནི༌སླེབ། །ངོ་ཚ་དང་བཅས་ཞབས་འདྲེན་འབྱུང་བ༌ཡིན།། \v 4 མི་ཁའི་གཏམ་ནི་གཏིང་ཟབ་ཆུ་དང༌འདྲ། །ཤེས་རབ་ཆུ་མིག་བཞུར་རྒྱུན་རིང་མོ༌ཡིན།། \v 5 ཁྲིམས་ཐག་གཅོད་དུས་ངན་པའི་ཕྱོགས་ལངས༌དང༌། །དྲང་པོར་མ་ཉེས་ཁ་གཡོགས་བྱེད་པ༌ཐན།། \v 6 གླེན་པའི་མཆུ་ཡིས་རྩོད་གཞི་སློང་བ༌དང༌། །དེ་ཡི་སྨྲ་སྒོས་རྡུང་རྡེག་ཉོ་བར༌འགྱུར།། \v 7 གླེན་པའི་ཁ་ཡིས་རང་ཉིད་འཕུང་བྱེད༌ཅིང༌། །དེ་ཡི་མཆུ་སྒྲོས་སྲོག་གི་རྙི་རྒྱ༌ཡིན།། \v 8 ཕྲ་མ་བྱེད་པའི་མི་ཡི་སྨྲ་བརྗོད༌ནི། །ཟས་མཆོག་བཞིན་དུ་གྲོད་པའི་ཕུགས་སུ༌འཇུག། \v 9 ལས་ཀའི་དུས་སུ་ལེ་ལོ་བྱེད་པ༌ནི། །རྩ་མེད་གཏོང་བའི་སྤུན་ཟླ་ཤ་སྟག༌གོ། \v 10 ཡ་ཝཱེའི་མཚན་ནི་ལྕོག་མཁར་བརྟན་པོ༌ཡིན། །དྲང་པོ་དེ་རུ་བརྒྱུགས་ཤིང་བདེ་བར༌གནས།། \v 11 ཕྱུག་པོའི་རྒྱུ་ནོར་དེ་ཡི་མཁར་རྫོང༌ཡིན། །དེ་ཚོའི་བསམ་པར་ལྕགས་རི་ལྟར་དུ༌སྣང༌།། \v 12 མ་འཕུང་གོང་དུ་མི་ཡིས་ཁེངས་དྲེགས༌བྱེད། །བཀུར་སྟིའི་སྔོན་དུ་ཁེངས་སྐྱུང་བསྐྱེད་པ༌ཡིན།། \v 13 མ་ཉན་གོང་ལ་གཏམ་ལན་འདེབས་པ༌ནི། །བླུན་རྨོངས་དང་ནི་ངོ་ཚའི་རྒྱུ་ཡིན༌ནོ།། \v 14 མི་ཡི་སེམས་ཀྱིས་ན་ཚ་བཟོད་ཐུབ༌ཀྱང༌། །ཡིད་སེམས་གདུང་བ་སུ་ཡིས་བསྲན་ནུས༌སམ།། \v 15 བློ་རིག་ཅན་གྱི་སེམས་ལ་ཤེས་ཡོན༌འཐོབ། །མཁས་པའི་སྙན་གྱིས་ཤེས་ཡོན་འཚོལ་བར༌བྱེད།། \v 16 ལག་རྟགས་ཀྱིས་ནི་མི་ལ་ལམ་འབྱེད༌ཅིང༌། །མི་ཆེན་རྣམས་ཀྱི་དྲུང་དུ་འདྲེན་བྱེད༌དོ།། \v 17 སྔོན་དུ་རྒྱུ་མཚན་སྨྲ་བར་གནས་ལུགས༌ལྡན། །མི་གཞན་སླེབ་དུས་ད་གཟོད་དོན་དངོས༌རྙེད།། \v 18 རྟགས་རིལ་གྱིས་ནི་འཁྲུག་རྩོད་ཞི་བར༌བྱ། །གྱོད་ཡ་སྟོབས་ཅན་སོ་སོར་འཕྲལ་བར༌བྱ།། \v 19 ཁོང་ཁྲོ་བསླངས་པའི་སྤུན་ཟླ་སྡུམ་པ༌ནི། །མཁར་རྫོང་ལེན་པ་ལས་ཀྱང་དཀའ་བ༌དང༌། །རྩོད་གཞི་དེ་འདྲ་བཙན་རྫོང་སྒོ་གཏན༌བཞིན།། \v 20 མི་ཡི་ཁ་ནས་ཐོགས་པའི་འབྲས་བུ༌ཡིས། །རང་གི་གྲོད་པ་འགྲང་བར་བྱེད་པ༌དང༌། །ཁ་ནས་ཅི་ཞིག་ཐོན་པས་རང་ཉིད༌ཚིམ།། \v 21 ཤི་གསོན་གཉིས་ནི་ལྕེ་ཡི་དབང་འོག༌ཏུ། །དབང་དེར་དགའ་བ་འབྲས་བུ་རང་ལ༌འཁོར།། \v 22 ཆུང་མ་རྙེད་ན་བདེ་སྐྱིད༌རག །དེ་ལ་ཡ་ཝཱེའི་ཐུགས་རྗེ༌ཐོབ།། \v 23 དབུལ་པོས་བཀའ་དྲིན་འཐོབ་པར་ཞུ་བ༌འབུལ། །ཕྱུག་པོས་རྩུབ་མོ་ཚིག་གིས་ལན་སྨྲ༌འོ།། \v 24 མཛའ་གྲོགས་མང་ཡང་མཐར་མཇུག་འཕུང་བར༌འགྱུར། །གྲོགས་མཆོག་གཅིག་རང་ཡོད་པ་སྤུན་ལས༌ཉེ།། \c 19 \cl ལེའུ་བཅུ་དགུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཁ་རུ་གཡོ་འཕྲུལ་གང་བའི་གླེན་པ༌ལས། །སྤྱོད་པ་སྐྱོན་དང་བྲལ་བའི་དབུལ་པོ༌ལེགས།། \v 2 མི་ལ་ཤེས་ཡོན་མེད་ན་ཐན་ཡིན༌ཞིང༌། །གོམ་འགྲོས་མྱུར་བ་ལམ་ནོར་འགྲོ་ཉེན༌ཆེ།། \v 3 མི་ཡི་རྨོངས་པས་རང་གི་བགྲོད་ལམ༌བརླག །དེ་ཡི་སེམས་ནི་ཡ་ཝཱེར་ཁྲོ་བ༌ཡིན།། \v 4 ནོར་གྱིས་མཛའ་བོ་མང་དུ་སྤེལ་བ༌དང༌། །དབུལ་པོ་མཛའ་གྲོགས་གཅིག་རང་ཡོད་པས༌འདོར།། \v 5 རྫུན་གྱི་དཔང་པོར་ཉེས་ཆད་འཕོག་པར༌འགྱུར། །རྫུན་གཏམ་སྨྲ་བ་ཐར་བར་མི་འགྱུར༌རོ།། \v 6 བཀུར་སྟི་ཅན་ལ་མང་པོས་ངོ་སོ༌བྱེད། །གཏོང་ཕོད་ཆེ་ན་མི་ཀུན་གྲོགས་སུ༌འགྱུར།། \v 7 དབུལ་པོ་ལ་ནི་སྤུན་ཡང༌སྡང༌། །མཛའ་གྲོགས་དེ་དང་རིང་དུ༌གྱེས། །ཞུ་བ་ནན་གྱིས་ཕུལ་ན༌ཡང༌། །དེ་རྣམས་ཁ་ཡ་བྱེད་པ༌མིན།། \v 8 ཤེས་རབ་ཐོབ་པས་རང་སྲོག་གཅེས་སུ༌འཛིན། །གོ་རྟོགས་སྲུང་བར་ཕན་པ་འཐོབ་པར༌འགྱུར།། \v 9 རྫུན་གྱི་དཔང་པོར་ཉེས་ཆད་འཕོག་པར༌འགྱུར། །རྫུན་གཏམ་སྨྲ་བ་མཐའ་མཇུག་མེད་པར༌འགྱུར།། \v 10 གླེན་པ་རྒྱས་སྤྲོས་ལ་ནི་མི་འཚམ༌ན། །གཡོག་པོས་རྒྱལ་བུར་དབང་བྱེད་ལྟ་ཅི༌སྨོས།། \v 11 ཤེས་རབ་ཀྱིས་ནི་མི་ལ་བཟོད་སྒོམ༌གནང༌། །གཞན་སྐྱོན་གུ་ཡངས་གཏོང་བ་རང་གི༌དཔལ།། \v 12 རྒྱལ་པོའི་ཐུགས་ཁྲོ་སེང་གེའི་ང་རོ༌བཞིན། །ཁོང་གི་ཐུགས་རྗེ་རྩྭ་མགོའི་ཟིལ་བ༌འདྲ།། \v 13 བུ་བླུན་ཕ་ཡི་ཆག་སྒོ་ཡིན་པ༌དང༌། །ཆུང་མ་འཁོན་ཞུགས་ཆར་ཐིགས་འཐིག་པ༌འདྲ།། \v 14 ཁྱིམ་དང་རྒྱུ་ནོར་ཕ་བཞག་ནོར་སྐལ༌ཡིན། །ཆུང་མ་མཛངས་མ་ཡ་ཝཱེས་གནང་བ༌འོ།། \v 15 སྒྱིད་ལུག་གིས་ནི་གཏི་མུག་གནས་སུ༌བསྐྱལ། །ལེ་ལོ་ཅན་གྱིས་བཀྲེས་ལྟོགས་མྱོང་བར༌འགྱུར།། \v 16 བཀའ་རྒྱ་སྲུང་བས་རང་སྲོག་སྲུང་བྱེད༌ཅིང༌། །སྤྱོད་ལམ་སྣང་མེད་བསྐྱུར་བ་འཆི་བར༌འགྱུར།། \v 17 དབུལ་པོ་དྲིན་གྱིས་སྐྱོང་བ༌ནི། །ཡ་ཝཱེར་བུ་ལོན་གཏོང་བ༌ཡིན། །དེ་ཡིས་ཅི་བྱས་ཡ་ཝཱེས༌ཚབ།། \v 18 རེ་བ་ཡོད་དུས་བུ་ལ་གཅུན་དགོས༌ཤིང༌། །བསམ་བཞིན་བུ་དེ་འཆི་བར་མི་བྱ༌འོ།། \v 19 ནམ་རྒྱུན་རབ་ཏུ་ཁྲོ་བའི་མི་ལ་ཆད་པ༌འཕོག །དེ་ལ་རོགས་རམ་བྱས་ཚེ་ཡང་ཡང་བྱེད་དགོས༌འགྱུར།། \v 20 ཁྱོད་ནི་ཕུགས་སུ་མཁས་པར་འགྱུར་ཕྱིར༌དུ། །ཁ་ཏར་མཉན་ནས་འཆུན་འདོམས་དང་ལེན༌གྱིས།། \v 21 མི་ཡི་སེམས་སུ་ཐབས་ཇུས་མང༌ན་ཡང་། །ཡ་ཝཱེའི་དགོངས་དོན་འབའ་ཞིག་བརྟན་པོར༌ཚུགས།། \v 22 མི་ཡི་འདུན་པ་བློ་སེམས་དཀར་བ༌ཡིན། །རྫུན་གཏམ་ལབ་པའི་མི་ལས་དབུལ་པོ༌ལེགས།། \v 23 ཡ་ཝཱེར་གུས་ཤིང་འཇིགས་པར་ཚེ་སྲོག༌འཐོབ། །བདེ་ཞིང་ཚིམ་པར་གནས་ཤིང་བར་ཆད༌མེད།། \v 24 ལེ་ལོས་སྡེར་མའི་ནང་དུ་ལག་བརྐྱངས༌ནས། །ཁ་ཟས་རང་གི་ཁ་ལ་སྐྱེལ་མི༌འདོད།། \v 25 འཕྱ་སྨོད་མཁན་ལ་བརྡུང་ན༌ནི། །བླུན་རྨོངས་ཡིན་ཡང་གྲུང་པོར༌འགྱུར། །བློ་རིག་ཅན་ལ་བཀྱོན་པ༌ན། །དེ་ཡིས་ཤེས་བྱ་རྟོགས་འགྱུར༌རོ།། \v 26 ཕ་ལ་མནར་ཞིང་མ་ཡང་སྐྲོད་པ༌ནི། །ཞབས་འདྲེན་དང་ནི་ངོ་ཚའི་བུ་ཡིན༌ནོ།། \v 27 ངའི་བུས་ཁ་ཏར་ཉན་པ་མཚམས་བཞག༌ན། །ཤེས་ཡོན་ལྡན་པའི་ཚིག་དང་འབྲལ་བ༌འོ།། \v 28 ཁྲམ་པས་དཔང་པོ་བྱས་ན་དྲང་གཞག༌སྨད། །ངན་པའི་ཁ་ཡིས་སྡིག་ཉེས་ཁྱུར་མིད༌བྱེད།། \v 29 འཕྱ་སྨོད་མཁན་ལ་ཁྲིམས་ཆད་ཡོད་པ༌དང༌། །གླེན་པའི་རྒྱབ་ལ་རྡེག་ཕྱིར་རྟ་ལྕག༌ཡོད།། \c 20 \cl ལེའུ་ཉི་ཤུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 རྒུན་ཆང་གིས་ནི་འཕྱ་སྨོད་སློང་བ༌དང༌། །གར་ཆང་འུར་སྒྲ་སློང་བའི་རྒྱུ་ཡིན༌ལ། །ཆང་གིས་ཉེས་སྐྱོན་བཟོ་བར་ཤེས་རབ༌དབེན།། \v 2 རྒྱལ་པོའི་ཐུགས་ཁྲོ་སེང་གེའི་ང་རོ༌བཞིན། །དེ་ལ་ཁོང་ཁྲོ་སློང་བས་རང་སྲོག༌འདོར།། \v 3 རྩོད་གཞིར་གཡོལ་བ་མི་ཡི་གཟི་དཔལ༌ཡིན། །བླུན་པོ་ཡིན་ཚད་འཁོན་འཛིང་ལ་དགའ༌འོ།། \v 4 ལེ་ལོ་ཅན་གྱིས་དུས་ལྟར་ཞིང་མི༌རྨོ། །སྟོན་དུས་འཚོལ་བར་བྱེད་ཀྱང་འཐོབ་བྱ༌མེད།། \v 5 སེམས་ཀྱི་ཐབས་ཇུས་གཏིང་ཟབ་ཆུ་དང༌འདྲ། །བློ་ལྡན་ཁོ་ནས་དེ་ཕྱིར་འདོན་པ༌ཡིན།། \v 6 མང་པོས་རང་ཉིད་བློ་སེམས་དཀར་ཞེས༌སྒྲོག །བློ་གཏད་རུང་བར་སུ་ཞིག་འཕྲད་ནུས༌སམ།། \v 7 སྤྱོད་པ་སྐྱོན་བྲལ་སྐྱེས་བུ་དམ་པ༌ཡི། །བུ་རབས་ཚ་རྒྱུད་བྱིན་རླབས་ཆེ་བ༌འོ།། \v 8 ཉེས་ཆད་གཅོད་པའི་རྒྱལ་ཁྲི་ལ་བཞུགས༌པའི། །རྒྱལ་པོའི་སྤྱན་གྱིས་ངན་པ་ཐམས་ཅད༌གཤེར།། \v 9 བདག་གིས་རང་གི་སེམས་པ་གཙང་མར༌བྱས། །དྭངས་གཙང་སྡིག་བྲལ་ཡིན་ཞེས་སུས་བརྗོད༌ནུས།། \v 10 རྒྱ་སྲང་དང་ནི་འཇལ་བྱེད་ཐ་དད༌པ། །གཉིས་ཀར་ཡ་ཝཱེ་ཁོང་ཉིད་ཞེ་ལོག༌གོ། \v 11 བྱིས་པའི་སྤྱོད་ལུགས་གཙང་ཞིང་དྲང་མིན༌ནི། །དེ་ཡི་བྱ་སྤྱོད་ཀྱིས་ནི་གསལ་པོར༌མངོན།། \v 12 ཐོས་བྱེད་རྣ་བ་མཐོང་བྱེད༌མིག །གཉིས་པོ་ཡ་ཝཱེས་བཀོད་ལགས༌སོ།། \v 13 གཏི་མུག་གཉིད་ལ་མ་ཆགས་ཕོངས་པའི༌རྒྱུ། །མིག་ནི་ཕྱེས་ན་ད་གཟོད་འགྲང་བར༌འགྱུར།། \v 14 ཚོང་ཟོག་ཉོ་དུས་ཡང་ཡང་མི་ལེགས༌ཟེར། །དེ་ནས་ཐོན་རྗེས་རང་ལ་བསྟོད་ར་བྱེད།། \v 15 གསེར་དང་པདྨ་ར་ག་མོད༌ན་ཡང་། །ཤེས་ཡོན་གཏམས་པའི་མཆུ་སྒྲོས་ནོར་ལས༌ལྷག། \v 16 སུ་ཞིག་རྒྱུས་མེད་འགན་ལེན་བྱེད་ན༌ནི། །དེ་ཡི་ཕྱི་གོས་ལེན་པར་གྱིས་ཤིག༌དང༌། །དེ་ཡིས་ཕྱི་མིའི་འགན་ལེན་བྱེད་ན༌ནི། །དེ་ནི་འགན་ལེན་པ་རུ་འགྱུར་དགོས༌སོ།། \v 17 གཡོ་སྒྱུས་རག་པའི་ཁ་ཟས་མི་ལ༌ཞིམ། །འོན་ཀྱང་ཕྱིས་སུ་ཁ་ནང་ཟེགས་མས༌གང༌།། \v 18 ཇུས་འགོད་བགྱིས་ན་ཇུས་གཞི་ཚུགས་པ༌དང༌། །གཡུལ་འགྱེད་པ་ཡང་ཇུས་བཟང་ལ་བརྟེན༌དགོས།། \v 19 གང་སར་ངག་ཀྱལ་སྨྲ་བས་གསང་གཏམ༌འཆོར། །ཆོ་མེད་སྨྲ་བའི་མི་ལ་འགྲོགས་མི༌རུང༌།། \v 20 ཕ་མར་དམོད་མཁན་དེ་ཡི་སྒྲོན་མེ༌ནི། །སྨག་རུམ་སྟུག་པོའི་ནང་དུ་ཞི་བར༌འགྱུར།། \v 21 ཐོག་མར་མྱུར་དུ་རྙེད་པའི་ནོར་སྐལ༌ནི། །མཇུག་མཐར་བྱིན་རླབས་སུ་ནི་གྱུར་པ༌མེད།། \v 22 བདག་གིས་ངན་ལན་འཇལ་ལོ་ཞེས་མ༌ཟེར། །ཡ་ཝཱེར་སྒུགས་དང་ཁོང་གིས་ཁྱོད་རང༌སྐྱོབ།། \v 23 ཐ་དད་རྒྱ་མར་ཡ་ཝཱེ་ཞེན་པ༌ལོག །གཡོ་ཟོལ་ཅན་གྱི་སྲང་ཡང་མི་ལེགས༌སོ།། \v 24 མི་ཡི་བགྲོད་ལམ་ཡ་ཝཱེས་གཏན་ལ༌འབེབ། །མི་ཡིས་རང་གི་བགྲོད་ལམ་ཇི་ལྟར༌རྟོགས།། \v 25 སུ་ཡིས་འཚབ་འཚུབ་ངང་ནས་དཀོན་མཆོག༌ཕྱིར། །འདི་ནི་དམ་པ་ཡིན་ཞེས་དམ་བཅས༌རྗེས། །བསམ་གཞིགས་གཏོང་བས་རང་ཉིད་རྙི་རུ༌ཚུད།། \v 26 རྒྱལ་པོ་མཁས་པས་ངན་པ་རྣམས་གཏོར༌ཞིང༌། །དེ་དག་འཁོར་ལོས་བཅག་བཅག་བྱེད་པ༌ཡིན།། \v 27 མི་ཡི་སེམས་ནི་ཡ་ཝཱེའི་སྒྲོན་མེ༌ཡིན། །ཕུགས་ཀྱི་བློ་སེམས་གསལ་པོར་འོད་དུ༌དགྱེ།། \v 28 བྱམས་བརྩེ་དྲང་བདེན་རྒྱལ་པོའི་སྲུང་སྐྱོབ༌ཡིན། །བྱམས་བརྩེས་ཁོང་གི་རྒྱལ་ཁྲི་བརྟན་པར༌མཛད།། \v 29 སྟོབས་ནི་སྟག་ཤར་གཞོན་པའི་དཔལ་ཡིན༌ལ། །དབུ་སྐྲ་དཀར་པོ་བགྲེས་པོའི་རྒྱན་ཆ༌ཡིན།། \v 30 ལྕག་ཚན་བསྣུན་པའི་རྨ་ཁས་ངན་པ༌སེལ། །རྡུང་རྡེག་གིས་ནི་ནང་སེམས་གཙང་མར༌མཛད།། \c 21 \cl ལེའུ་ཉེར་གཅིག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 རྒྱལ་པོའི་སེམས་ནི་ཡ་ཝཱེའི་ཕྱག་ཏུ༌ཡོད། །ཡུར་བའི་ཆུ་བཞིན་ཁོང་ཐུགས་དགྱེས་སར༌བསྒྱུར།། \v 2 རང་གི་མིག་ལམ་ཅི་བྱས་ཐམས་ཅད༌དྲང༌། །ཡ་ཝཱེས་མི་སེམས་སྲང་ལ་འཇལ་བ༌ཡིན།། \v 3 ཡང་དག་དང་ནི་དྲང་གཞག་སྤྱོད་པ༌ནི། །མཆོད་པ་ལས་ཀྱང་ཡ་ཝཱེ་དེ་ལ༌མཉེས།། \v 4 དྲེགས་ཉམས་ལྡན་པའི་མིག་དང་ཁེངས་པའི༌སེམས། །ངན་པའི་སྒྲོན་མེ་བཅས་ནི་སྡིག་པ༌ཡིན།། \v 5 བརྩོན་པ་ཅན་གྱི་འཆར་གཞིས་ཁེ་ཕན༌རག །འཚབ་འཚུབ་ངང་ནས་སྤྱོད་པ་ཕོངས་པར༌འགྱུར།། \v 6 རྫུན་ལ་བརྟེན་ནས་ཐོབ་པའི་རྒྱུ་ནོར༌ནི། །རླངས་པ་ཙམ་དང་འཆི་བའི་རྙི་རྒྱ༌ཡིན།། \v 7 ངན་པས་དྲང་གཞག་སྤྱོད་པ་མ་འདོད༌ཕྱིར། །དེ་ཡི་གདུག་རྩུབ་ཀྱིས་ནི་རང་ཉིད༌འདྲུད།། \v 8 ཉེས་ཅན་ལམ་ནང་གཡོ་སྒྱུས་གང་བ༌དང༌། །ཉེས་མེད་ཅན་གྱི་སྤྱོད་ལམ་དྲང་པོ༌ཡིན།། \v 9 བུད་མེད་འཁོན་ཞུགས་མཉམ་དུ་ཁང་པར་སྡོད་པ༌ལས། །ཁང་པའི་ཀླད་ཀྱི་གྲུ་ཟུར་སྡོད་པ་ཅིས་མི༌ལེགས།། \v 10 ངན་པའི་སེམས་ཀྱིས་ངན་པ་འབའ་ཞིག༌བསྙེག །མིག་མདུན་ཁྱིམ་མཚེས་ལ་ནི་སྙིང་རྗེ༌མེད།། \v 11 འཕྱ་སྨོད་མཁན་ལ་ཉེས་ཆད་གཅོད་དུས༌སུ། །བླུན་རྨོངས་རྣམས་ལ་ཤེས་རབ་འཐོབ་པར༌འགྱུར། །མཁས་པར་གདམས་ངག་ཐོབ་དུས་ཤེས་ཡོན༌རྙེད།། \v 12 དྲང་བ་ཉིད་ཀྱིས་ངན་པའི་ཁྱིམ་ལ༌གཟིགས། །ངན་པ་ཆག་སྒོ་ཁྲོད་དུ་མེད་པར༌མཛད།། \v 13 དབུལ་པོའི་ཞུ་བར་རྣ་བ་འགེབ་མཁན༌གྱིས། །ཞུ་འབོད་བྱེད་དུས་ཨ་ལན་སྟེར་བ༌མེད།། \v 14 ལྐོག་ནས་སྤྲད་པའི་སྐྱེས་ཀྱིས་ཁོང་ཁྲོ༌འཇོམས། །པང་གི་ལྐོག་རྔན་གྱིས་ནི་ཁོང་ཁྲོ༌ཞི།། \v 15 དྲང་གཞག་སྤྱོད་པས་དྲང་པོ་དགའ་བར༌བྱེད། །ངན་པར་སྤྱོད་པ་རྣམས་ལ་འཇིགས་སྣང༌བསྐྱེད།། \v 16 གོ་རྟོགས་ལམ་ལས་འཛོལ་བའི་མི་དེ༌ནི། །གཤིན་པོ་རྣམས་ཀྱི་ཚོགས་ནང་ཚུད་པར༌འགྱུར།། \v 17 འདོད་ཡོན་ལ་ནི་ཆགས་པ་དབུལ་བར༌འགྱུར། །རྒུན་ཆང་སྣུམ་རྩིར་ཆགས་པ་ཕྱུག་མི༌འགྱུར།། \v 18 ངན་པ་དྲང་པོའི་བླུ་རིན་དུ་འགྱུར༌ཞིང༌། །གཡོ་སྒྱུ་ཅན་ནི་ཡ་རབས་ཚབ་བྱེད༌ཡིན།། \v 19 བུད་མེད་འཁོན་ཞུགས་ངང་ཐུང་མཉམ་དུ༌ནི། །སྡོད་པ་དེ་ལས་ཐང་སྟོང་གནས་ན༌ལེགས།། \v 20 མཁས་པ་དག་གི་ཁྱིམ་གཞིས༌སུ། །རིན་ཆེན་ནོར་དང་སྣུམ་བསགས༌ཡོད། །གླེན་པས་རང་ལ་གང་ཡོད༌བརླག། \v 21 དྲང་གཞག་དང་ནི་བྱམས་བརྩེ་སྙེག་མཁན༌ལ། །སྲོག་དང་དྲང་གཞག་བཀུར་སྟི་བཅས་འཐོབ༌བོ།། \v 22 མཁས་པས་དཔའ་བོའི་གྲོང་ལ་གཡུལ་འགྱེད༌ཅིང༌། །དེ་རྣམས་བརྟེན་སའི་བཙན་རྫོང་ས་ལ༌བརྡེབ།། \v 23 རང་གི་ཁ་དང་ལྕེ་ལ་བདག་བྱེད༌ན། །རང་ཉིད་ཆག་སྒོར་འཕྲད་པ་ལས་བསྲུང༌ངོ༌།། \v 24 ང་རྒྱལ་རང་རློམ་བྱེད་པ༌ཡི། །མིང་ལ་འཕྱ་སྨོད་མཁན་ཞེས༌བྱ། །ཁེངས་དྲེགས་དང་བཅས་སྤྱད་པ༌སྤྱོད།། \v 25 ལེ་ལོ་ཅན་གྱིས་ལས་ཀ་མི་བྱེད་པས། །དེ་ཡི་འདུན་མས་རང་ཉིད་འགུམ་པ༌འོ།། \v 26 ལ་ལས་ཉི་མ་ཧྲིལ་པོར་བརྣབས་སེམས༌བསྐྱེད། །དྲང་པོས་ཕངས་པ་གང་ཡང་མེད་པར༌སྦྱིན།། \v 27 ངན་པའི་མཆོད་པར་ཡ་ཝཱེ་ཞེན་ལོག༌སྟེ། །སེམས་ངན་བཅངས་ནས་ཕུལ་བར་ལྟ་ཅི༌སྨོས།། \v 28 དཔང་བོ་རྫུན་མ་བྱེད་པ་རྩ་མེད༌འགྲོ། །ཐོས་པ་ཟབ་མོའི་གཏམ་ནི་ཡུན་རིང༌གནས།། \v 29 ངན་པའི་ངོ་ཤ་མཐུག་ཅིང་གནོང་བ༌མེད། །འོན་ཀྱང་དྲང་པོས་རང་ལམ་བརྟན་པར༌བྱ།། \v 30 ཤེས་རབ་བློ་གྲོས་ཐབས་ཇུས་གང་ཡིན༌ཡང༌། །ཡ་ཝཱེ་ཁོང་ལ་རྒོལ་ནུས་ཡོད་མ༌ཡིན།། \v 31 རྟ་ཕོ་འཐབ་མོའི་ཕྱིར་དུ་གྲ་སྒྲིག༌བྱས། །རྒྱལ་ཁ་ཡ་ཝཱེ་ཁོང་ལ་རག་ལས༌སོ།། \c 22 \cl ལེའུ་ཉེར་གཉིས༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 དཔག་ཏུ་མེད་པའི་ནོར་ལས་མཚན་སྙན༌ལེགས། །གསེར་དང་དངུལ་ལས་བྱམས་སེམས་མཆོག་ཏུ༌གྱུར།། \v 2 འཇིག་རྟེན་འདི་རུ་དབུལ་ཕྱུག་གཉིས་ཀ༌འཛོམས། །དེ་དག་ཀུན་གྱི་མཛད་པོ་ཡ་ཝཱེ༌ལགས།། \v 3 གྲུང་པོས་བར་ཆད་མཐོང་ནས་ཡིབ་པར༌བྱེད། །བླུན་པོ་མུ་མཐུད་སྐྱོད་ཅིང་སྡུག་བསྔལ༌མྱོང༌།། \v 4 ཁེངས་སྐྱུང་དང་ནི་ཡ་ཝཱེར་འཇིགས་པ༌ལ། །རྒྱུ་ནོར་བཀུར་སྟི་སྲོག་བཅས་རྔན་པ༌ཡོད།། \v 5 ཁྲམ་པའི་ལམ་དུ་ཚེར་མ་རྙི་རྒྱས༌གང༌། །རང་སེམས་སྲུང་པ་དེ་དང་རིང་དུ༌གྱེས།། \v 6 བུ་ཆུང་སྤྱོད་ལམ་དྲང་པོར་ཁྲིད་ན༌ནི། །ལོ་ན་རྒས་ཀྱང་དེ་དང་འབྲལ་མི༌འགྱུར།། \v 7 ཕྱུག་པོས་དབུལ་པོར་དབང་སྒྱུར་བྱེད་པ༌དང༌། །སྐྱི་མཁན་བུན་བདག་རྣམས་ཀྱི་བྲན་པོ༌ཡིན།། \v 8 མི་རུང་འདེབས་པས་ཉོན་མོངས་བསྡུ་བར༌འགྱུར། །དེ་ཡི་ཁོང་ཁྲོའི་དབྱུག་པ་བརླག་ངེས༌ཡིན།། \v 9 གཏོང་ཕོད་ཆེ་བའི་མི་ལ་བདེ་བ༌ཐོབ། །རང་གི་ཁ་ཟས་དབུལ་པོར་སྦྱིན་པས༌སོ།། \v 10 འཕྱ་སྨོད་མཁན་རྣམས་སྐྲོད་དང་འཁྲུག་པ༌ཞི། །རྩོད་གླེང་ངོ་ཚ་ཡང་ནི་ཆད་པར༌འགྱུར།། \v 11 དྭངས་གཙང་སེམས་ལ་དགའ་ཞིང་གཏམ་སྙན་སྨྲ་མཁན༌ལ། །རྒྱལ་པོ་ཡང་ནི་དེ་ཡི་མཛའ་བོར་འགྱུར་བ༌འོ།། \v 12 ཡ་ཝཱེའི་སྤྱན་གྱིས་ཤེས་ཡོན་བསྲུང་ན༌ཡང༌། །གདུག་རྩུབ་ཅན་གྱི་སྨྲ་བརྗོད་རྩ་མེད༌གཏོང༌།། \v 13 ལེ་ལོ་ཅན་གྱིས་ཕྱི་རུ་སེང་གེ༌འདུག །དེ་ཡིས་བདག་ནི་སྲང་དུ་གསོད་ཅེས༌སྨྲ།། \v 14 བྱི་མོའི་སྨྲ་སྒོ་གཏིང་ཟབ་དོང་རིང༌ཡིན། །ཡ་ཝཱེ་སྡང་བའི་མི་ནི་དེ་རུ་ལྟུང༌།། \v 15 བྱིས་པའི་སེམས་ནི་རྨོངས་པས་བཅིངས་མོད༌ཀྱང༌། །གཅུན་བྱེད་དབྱུག་པས་དེ་ནི་རྒྱང་དུ༌འཕེན།། \v 16 རང་ནོར་སྤེལ་དུ་དབུལ་པོར་བརྙས་མཁན༌དང༌། །ཕྱུག་པོར་ཕྱག་རྟེན་འབུལ་བ་ཕོངས་པར༌འགྱུར།། \s1 མཁས་པའི་ངག་རྒྱུན་སུམ༌ཅུ། \p \v 17 རྣ་བ་གཏད་ནས་མཁས་པའི་གསུང་ལ༌ཉོན། །བདག་གི་ཤེས་ཡོན་རྩེ་གཅིག་གིས་ལོངས༌ཤིག། \v 18 ཁྱོད་ཀྱིས་དེ་དག་ཡིད་ལ་འཛིན་པ༌དང༌། །ཁ་རུ་ནམ་རྒྱུན་བརྗོད་པར་རྩོམ་ན༌ནི། །ཅི་འདྲའི་ཡིད་དུ་འོང་བ་རྟོགས་འགྱུར༌རོ།། \v 19 ཁྱོད་རང་ཡ་ཝཱེ་ཁོང་ལ་བརྟེན་པའི༌ཕྱིར། །དེ་རིང་བདག་གིས་ཆེད་དུ་ཁྱོད་ལ༌བསྟན།། \v 20 ཐབས་ཇུས་དང་ནི་ཤེས་ཡོན་ལ་འབྲེལ༌བའི། །དོན་རྣམས་བདག་གིས་ཁྱོད་ལ་མ་བྲིས༌སམ།། \v 21 བདེན་པའི་ཚིག་ལན་མངག་མཁན་ལ་འདེབས་ཕྱིར། །བདེན་ཞིང་བློས་ཐུབ་གསུང་རྣམས་ཁྱོད་ལ༌བསླབ།། \v 22 དབུལ་པོ་དབུལ་ཕོངས་ཡིན་པ་མཐོང་ནས༌ནི། །དེ་ལས་འཕྲོག་བཅོམ་ཁྱོད་ཀྱིས་བྱེད་མི༌རུང༌། །མཁར་སྒོར་སྡུག་བསྔལ་ཅན་ལ་བརྙས་མི༌འོས།། \v 23 ཅིའི་ཕྱིར་ཞེ་ན་ཡ་ཝཱེས་དེ་ཚོའི༌ཕྱིར། །དག་འབུད་མཛད་ཅིང་དེ་དག་འཇོམས་མཁན༌གྱི། །ཚེ་སྲོག་ཀྱང་ནི་ཁོང་གིས་འཇོམས་པར༌འགྱུར།། \v 24 ངང་ཐུང་མི་དང་གྲོགས་མ༌བྱེད། །ཁོང་ཁྲོ་ཅན་དང་འགྲོ་འོང༌ཆོད།། \v 25 དེ་མིན་ཁྱོད་ཀྱང་ལམ་དེར༌འགྲོ། །རང་ཉིད་རྙི་རྒྱར་ཚུད་པར༌བྱེད།། \v 26 ལག་པ་འཇུས་ནས་འགན་ལེན་བྱེད་མི༌རུང༌། །བུ་ལོན་ཅན་གྱི་འགན་ལེན་བྱེད་མི་འོས།། \v 27 ཁྱོད་ལ་སྐྱིན་ཚབ་འཇལ་རྒྱུ་ཅང་མེད༌ན། །གཞན་ལ་མལ་ཁྲི་འཕྲོག་ཏུ་འཇུག་དོན༌ཅི།། \v 28 ཁྱོད་ཀྱི་མེས་པོས་གནའ་བོའི་མཐའ་མཚམས༌བཅད། །ཁྱོད་ཀྱིས་དེ་ནི་སྤོ་བར་མི་བྱ༌འོ།། \v 29 རང་གི་ལས་ཀར་འཇོན་པ་མཐོང་མྱོང༌ངམ། །དེ་ནི་རྒྱལ་པོའི་དྲུང་དུ་འགྲེང་འགྱུར༌ཞིང༌། །རང་ག་བ་རྣམས་མདུན་དུ་ལངས་པ༌མིན།། \c 23 \cl ལེའུ་ཉེར་གསུམ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 འགོ་དཔོན་མཉམ་དུ་ཟས་ཟ༌དུས། །ཁྱོད་ཀྱི་མདུན་དུ་ཅི་ཡོད༌ལྟོས།། \v 2 ཁྱོད་ནི་གྲོད་པོ་ཆེ་ཡིན༌ན། །རང་གི་སྐེ་ལ་གྲི་ཞོག༌ཅིག། \f + \ft འདིར་རང་གི་སྐེ་ལ་གྲི་ཞོག་ཅིག་ཅེས་པ་ནི་རང་གི་འདོད་པ་འགོག་པར་གྱིས་ཞེས་པའི་དོན༌ཡིན།\f* \v 3 དེ་ནི་གཡོ་སྒྱུའི་ཟས་ཡིན༌པས། །ཞིམ་པོ་དེ་ལ་ཞེ་མ༌ཆགས།། \v 4 ཕྱུག་པོར་འགྱུར་དུ་འབད་མ༌བྱེད། །ཤེས་རྒྱས་བསམ་ཚུལ་དེ་དོར༌ཅིག། \v 5 མིག་གིས་ནོར་ལ་བལྟས་ཙམ༌གྱིས། །དེ་ནི་མེད་པར་འགྱུར་བ༌སྟེ། །ནོར་དེས་གཤོག་རྩལ་བརྐྱངས་ནས༌ནི། །བྱ་གླག་བཞིན་དུ་གནམ་ལ༌འཕུར།། \v 6 སེར་སྣ་ཅན་གྱི་ཟས་མ༌ཟ། །དེའི་ཟས་ཞིམ་པོར་ཞེ་མ༌ཆགས།། \v 7 སེམས་སུ་ཅི་ལྟར་རྩིས་རྒྱག༌ན། །ཁོ་ནི་མི་ཡང་དེ་འདྲ༌ཡིན། །གསོལ་གསོལ་བཞེས་བཞེས་ཟེར་ན༌ཡང༌། །དེ་ཡི་སེམས་སུ་ཁྱོད་ནི༌མེད།། \v 8 ཁྱོད་ཀྱིས་ཅུང་ཙམ་ཟོས་པ༌སྐྱུག །བསྟོད་རའི་སྙན་ཚིག་སྟོར་པ༌ཡིན།། \v 9 གླེན་པའི་རྣ་བར་གཏམ་མ༌སྨྲ། །ཅི་ལ་ཞེ་ན་དེ་ཡིས༌ནི། །ཁྱོད་ཀྱི་ཤེས་རབ་ཚིག་ལ༌སྨད།། \v 10 གནའ་བོའི་མཐའ་མཚམས་མ་སྤོར༌ཅིག །དྭ་ཕྲུག་ས་ཞིང་འཕྲོག་མི༌རུང༌།། \v 11 དེ་དག་སྐྱབས་མགོན་ནུས་མཐུ༌ཆེ། །ཁོང་གིས་དེ་དག་ཆེད་དུ༌ནི། །དག་འབུད་མཛད་ངེས་ཡིན་པས༌སོ།། \v 12 ཞལ་གདམས་ལ་ནི་སེམས་འབུངས༌ཤིག །ཤེས་ཡོན་གཏམ་ལ་རྣ་བ༌གཏོད།། \v 13 ཕྲུ་གུར་འཇུན་དུས་ཕྱིར་མ་འཐེན། །ཁྱོད་ཀྱིས་དབྱུག་པས་དེར་བརྡུངས་ཀྱང་། །ཁོ་རང་འཆི་བར་འགྱུར་མི་སྲིད།། \v 14 ཅི་སྟེ་དབྱུག་པས་དེར་བརྡེགས༌ན། །དེའི་སྲོག་གཤིན་པོའི་ཡུལ་ལས༌སྒྲོལ།། \v 15 ངའི་བུ་ཁྱོད་ཀྱི་སེམས་ལ༌ནི། །ཤེས་རབ་ལྡན་ན་བདག་སེམས༌སྤྲོ།། \v 16 ཁྱོད་ཀྱི་མཆུ་ཡིས་བདེན་ལབ༌དུས། །ང་ཡི་ནང་སེམས་དགའ་མགུ༌རང༌།། \v 17 ཁྱོད་ཀྱི་སེམས་སུ་སྡིག་ཅན༌ལ། །ཕྲག་དོག་མ་བསྐྱེད་དུས་རྟག༌ཏུ། །ཡ་ཝཱེར་གུས་ཤིང་འཇིགས་པར༌གྱིས།། \v 18 དོན་ཀུན་མཇུག་འབྲས་ཡོད་ངེས༌པས། །ཁྱོད་ཀྱི་རེ་ཐག་ཆད་མི༌འགྱུར།། \v 19 ངའི་བུ་ཁྱོད་ཀྱིས་ཚུར་ཉོན༌ཅིག །ཤེས་རབ་དང་བཅས་རང་གི༌སེམས། །ལམ་ཁ་དེ་ལ་འཁྲིད་པར༌གྱིས།། \v 20 ཆང་འཐུང་རྣམས་དང་མ་འགྲོགས༌ཤིག །ཁ་ཟས་བག་མེད་སྤྱོད་པ༌ཡི། །མི་ཡང་གྲོགས་སུ་མ་འགུག༌ཅིག། \v 21 གང་ལ་ཞེ་ན་ཆང་འཐུང༌དང༌། །གྲོད་པོ་ཆེ་རྣམས་དབུལ་བར༌འགྱུར། །གཏི་མུག་ཅན་ནི་གོས་ཧྲུལ༌གྱོན།། \v 22 ཁྱོད་ཀྱིས་སྲོག་སྦྱིན་ཕ་ལ༌ཉོན། །མ་ནི་བགྲེས་པས་ཁྱད་མ༌གསོད།། \v 23 བདེན་པ་རག་ཅིང་འདོར༌མི་བྱ།\f + \ft འདིར་བདེན་པ་རག་ཅིང་འདོར་མི་བྱ་ཞེས་པར་མ་ཕྱི་ལས་བདེན་པ་ཉོ་ཞིང་བཙོང་མི་རུང་ཞེས་མཐོང༌སྟེ། འདིར་ཉོ་དང་བཙོང་ཞེས་པ་ནི་རག་པ་དང་འདོར་བའི་དོན་ལ་འཇུག་པས་དོན་བསྒྱུར་བྱས་པ༌ཡིན། \f* ། ཤེས་རབ་དང་ནི་གདམས་ངག༌དང༌། །བློ་གྲོས་སོགས་ནི་འཐོབ་པར༌གྱིས།། \v 24 དྲང་པོའི་ཕ་ནི་རབ་ཏུ༌དགྱེས། །ཤེས་ལྡན་བསྐྱེད་པ་ཡི་རང༌འགྱུར།། \v 25 ཕ་མའི་སེམས་པ་དགའ་རུ༌ཆུག །ཁྱོད་རང་བཙའ་མཁན་སྤྲོ་བར༌གྱིས།། \v 26 ངའི་བུ་ཁྱོད་སེམས་ང་ལ༌ཐོངས། །མིག་གིས་བདག་གི་ལམ་ལ༌ལྟོས།། \v 27 སྨད་འཚོང་མ་ནི་དོང་རིང༌སྟེ། །བྱི་མོ་ཁྲོན་པ་གུ་དོག༌ཡིན།། \v 28 མོ་ནི་ཇག་པ་བཞིན་དུ༌འཇབ། །མིའི་ནང་རྒྱབ་གཏོད་མང་དུ༌སྤེལ།། \v 29 ཆག་སྒོ་སྡུག་བསྔལ་སུ་ལ༌ཡོད། །འཁྲུག་རྩོད་སྡུག་ཡུས་སུ་ལ༌ཡོད། །དོན་མེད་རྨས་པ་སུ་ཞིག༌ཡོད། །མིག་རྩ་དམར་པོ་ཅན་ནི༌སུ།། \v 30 རྟག་ཏུ་རྒུན་ཆང་འཐུང་བ༌དང༌། །རྒུན་ཆང་སྤེལ་མའི་རོ་བཅུད༌ལ། །མྱང་དུ་འགྲོ་མཁན་དེ་ཡིན༌ནོ།། \v 31 རྒུན་ཆང་དམར་པོ་ཕོར་བར་འོད་འཚེར༌བ། །འཇམ་པོར་ཁོག་ལ་འབབ་པ་དེར་མ༌བལྟ།། \v 32 མཇུག་མཐར་དེ་ཡིས་སྦྲུལ་ལྟར༌རྨུག །དུག་སྦྲུལ་ལྟར་དུ་མདུང་གིས༌གཙག། \v 33 མིག་གིས་ཆོ་འཕྲུལ་ལྟས་རྣམས༌མཐོང༌། །སེམས་ནས་གོ་ལོག་གཏམ་རྣམས༌སྨྲ།། \v 34 རྒྱ་མཚོའི་དཀྱིལ་དུ་ཉལ་བ༌འམ། །གྲུ་ཡི་རྩེ་མོར་ཉལ་བ༌འདྲ།། \v 35 དེ་ནས་ཁྱོད་ཀྱིས་དེ་དག༌གིས། །ང་ལ་བརྡུངས་ཀྱང་ཟུག་མ༌བྱུང༌། །ང་ལ་བརྡེགས་ཀྱང་ཚོར་བ༌མེད། །བདག་ནི་ནམ་ཞིག་སད་ཡོང༌ངམ། །ད་དུང་རྒུན་ཆང་འཚོལ་དུ༌འགྲོ། །ཞེས་སུ་སྨྲ་བར་འགྱུར་བ༌འོ།། \c 24 \cl ལེའུ་ཉེར་བཞི༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 མི་ངན་ལ་ནི་ཕྲག་དོག་མ་བྱེད༌ཅིག །དེ་དང་འགྲོགས་པའི་རེ་འདོད་སྤང་བར༌གྱིས།། \v 2 རྒྱུ་མཚན་དེ་དག་སེམས་ཀྱིས་གདུག་རྩུབ༌སྙེག །དེ་ཚོའི་ཁ་ནས་བསྟན་བཤིག་གཏམ་གླེང༌བྱ།། \v 3 ཤེས་རབ་ལ་བརྟེན་ཁང་པ་བརྩིགས་པ༌དང༌། །གོ་རྟོགས་ཀྱིས་ནི་ཁང་པ་ཚུགས་པར༌བྱེད།། \v 4 ཤེས་ཡོན་བརྒྱུད་ནས་ཁང་མིག་སོ་སོ༌རུ། །རིན་པོ་ཆེ་དང་ཡིད་འོང་ནོར་རྫས༌འགེངས།། \v 5 ཤེས་ལྡན་སྟོབས་དང་ལྡན་པ༌དང༌། །ཤེས་ཡོན་ཅན་གྱི་མཐུ་སྟོབས༌རྒྱས།། \v 6 ཐབས་མཁས་ཀྱིས་ནི་གཡུལ་འགྱེད༌དགོས། །གྲོས་མི་མང་ན་རྒྱལ་ཁ༌ལོན།། \v 7 བླུན་པོར་ཤེས་རབ་ཆེས་འཕགས༌པས། །མཁར་སྒོར་དེ་ཡིས་ཁ་མི༌གྲགས།། \v 8 ཐབས་བཀོད་ངན་པ་འཐེན་མཁན༌ལ། །ངན་ཤོམ་བྱེད་པོ་ཞེས་སུ༌འབོད།། \v 9 བླུན་པོའི་གཡོ་ཇུས་སྡིག་པ་ཡིན་པ༌དང༌། །འཕྱ་སྨོད་མཁན་ལ་མི་རྣམས་ཞེན་པ༌ལོག། \v 10 སྡུག་བསྔལ་ཉིན་མོར་ཡིད་ཕམ༌ན། །ཁྱོད་ཀྱི་སྟོབས་ཤུགས་ཆུང་བ༌ཡིན།། \v 11 གསོད་དུ་འདྲུད་རྣམས་སྐྱོབ་པར༌གྱིས། །འཆི་ཁར་འཁྱོར་བ་ཕྱིར་འཐེན༌བྱོས།། \v 12 བདག་གིས་མ་ཤེས་ཞེས་སྨྲ༌ན། །མི་སེམས་སྲང་ལ་འཇལ་མཁན༌གྱིས། །དེ་ནི་རྟོགས་པ་མ་ཡིན༌ནམ། །ཁྱོད་ཀྱི་ཚེ་སྲོག་སྲུང་མཁན༌གྱིས། །དེ་ནི་མཁྱེན་པ་མ་ཡིན༌ནམ། །ཁོང་གིས་རེ་རེའི་བྱ་སྤྱོད༌བཞིན། །རེ་རེར་ལན་ཞིག་མི་གནང༌ངམ།། \v 13 ངའི་བུ་སྦྲང་རྩི་བཟང་བས་དེ་ཟོ༌ཞིག །སྦྲང་ཚང་ཁ་ཡི་སྦྲང་རྩི་ཁ་ལ༌མངར།། \v 14 ཤེས་རབ་ཁྱོད་ཀྱི་ཡིད༌ལ་ཡང་། །དེ་བཞིན་ཡིན་པ་ཤེས་པར༌གྱིས། །གལ་སྲིད་ཤེས་རབ་ཐོབ་ན༌ནི། །ཁྱོད་ལ་མཇུག་འབྲས་ལེགས་པོ༌འབྱུང༌། །རེ་ལྟོས་ཀྱང་ནི་ཟད་མི༌འགྱུར།། \v 15 ངན་པ་ཁྱོད་ནི་དྲང་པོ༌ཡི། །ཁྱིམ་ལ་རྒོལ་བར་མ་འཇབ༌ཅིག །དེ་ཡི་སྡོད་གནས་མ་བརླག༌ཅིག། \v 16 གང་ལ་ཞེ་ན་དྲང་པོ༌ནི། །ལན་བདུན་འགྱེལ་ཡང་སླར་འགྲེང༌ནུས། །ངན་པ་བར་ཆད་ནང་དུ༌ལྟུང༌།། \v 17 དགྲ་བོ་འགྱེལ་དུས་ཁྱོད་མ༌དགའ། །དེ་ཁ་རྡབ་དུས་སེམས་མ༌སྤྲོ།། \v 18 དེ་ནས་ཡ་ཝཱེས་གཟིགས་ན༌ནི། །ཁོང་ཉིད་ཁྱོད་ལ་ཐུགས་མི༌དགྱེས། །ཁོང་གི་ཐུགས་ཁྲོ་དགྲ་ལས༌འཐེན།། \v 19 ངན་པའི་ཕྱིར་དུ་སེམས་མ༌འབར། །དེ་ལ་ཕྲག་དོག་ཀྱང་མ༌བསྐྱེད།། \v 20 གང་ལ་ཞེ་ན་མི་ངན༌ལ། །མཇུག་འབྲས་ལེགས་པོ་ཡོད་མ༌ཡིན། །ངན་པའི་སྒྲོན་མེ་ཞི་བར༌འགྱུར།། \v 21 ངའི་བུ་ཁྱོད་ཀྱིས་ཡ་ཝཱེ༌ལ། །གུས་ཤིང་འཇིགས་པར་གྱིས་ཤིག༌ཨང༌། །རྒྱལ་པོ་ལ་ཡང་བཀུར་བར༌གྱིས། །ངོ་ལོག་ཅན་དང་མ་འགྲོགས༌ཤིག། \v 22 ཅིའི་ཕྱིར་ཞེ་ན་དེ་དག༌ལ། །གློ་བུར་ཉེས་ཆད་འབྱུང་བར༌འགྱུར། །ཡ་ཝཱེ་དང་ནི་རྒྱལ་པོ༌ལས། །བར་ཆད་ཅི་འབྱུང་སུ་ཡིས༌རྟོགས།། \s1 མཁས་པའི་ངག་རྒྱུན་གཞན༌རྣམས། \p \v 23 གཤམ་གྱི་ཚིག་འདི་རྣམས་ཀྱང་ཤེས་ལྡན༌གསུང༌། །ཁྲིམས་ཐག་གཅོད་དུས་ཕྱོགས་རིས་འཛིན་པ༌ཐན།། \v 24 ངན་པར་ཁྱོད་ནི་མི་བཟང་རེད་ཅེས༌ན། །མི་སྡེ་ཀུན་གྱིས་དེ་ལ་དམོད་མོ༌འདེབས། །མི་རིགས་ཡོངས་ཀུན་དེ་ལ་ཞེ་སྡང༌སྐྱེ།། \v 25 ངན་པར་གཤེ་གཤེ་གཏོང་བར་དགའ་མོས༌འབྱུང༌། །བྱིན་རླབས་ཆེན་པོ་དེ་རྣམས་ལ་འཐོབ༌བོ།། \v 26 ཚིག་ལན་དྲང་པོར་སྨྲ་བ༌ནི། །མཆུ་སྒྲོས་སྟེང་ལ་འོ་སྐྱེལ༌བཞིན།། \v 27 ཕྱི་ཡི་ལས་ཀ་འགྲུབ་པར༌གྱིས། །ས་ཞིང་གྲ་སྒྲིག་ལེགས་པོ༌བྱོས། །དེ་ནས་ཁང་པ་བརྩིག་པར༌གྱིས།། \v 28 དོན་མེད་རང་གི་ཁྱིམ་མཚེས༌ལ། །གནོད་པའི་དཔང་པོར་མ་གྱུར༌ཅིག །མཆུ་སྒྲོས་མགོ་སྐོར་གཏོང་མི༌རུང༌།། \v 29 མི་ཡིས་ང་ལ་ཅི་བྱས༌ན། །ངས་ཀྱང་ཁོ་ལ་དེ་བཞིན༌བྱ། །མི་དེའི་ལས་ལ་འོས་པའི༌ལན། །འཇལ་བར་བྱ་འོ་མ་ཟེར༌ཞིག། \v 30 ང་རང་ལེ་ལོ་ཅན་གྱི་ཞིང་ཁ༌དང༌། །བླུན་པོའི་རྒུན་ཚལ་བརྒྱུད་ནས་འགྲོ་དུས༌སུ།། \v 31 གང་ས་གང་ལ་ཚེར་མ་སྐྱེས་པ༌དང༌། །ས་ངོས་ཡོངས་ལ་རྩྭ་ལྡུམ་གྱིས་ཁེབས༌ཤིང༌། །རྡོ་ཡི་ལྕགས་རི་ཞིག་རལ་གྱུར་པ༌མཐོང༌།། \v 32 བདག་གིས་ཅི་ཞིག་མཐོང་བར་བསམ་བློ༌བཏང༌། །ཞིབ་པར་བལྟས་ནས་བསླབ་བྱ་ཐོབ་པ༌འོ།། \v 33 ད་དུང་ཡུད་ཙམ་གཉིད་ཅིག་དང༌། །སྐད་ཅིག་ཙམ་ལ་གཉིད་དུ༌ཡུར། །ལག་པ་འཁུམས་ལ་ཨེན་ཙམ༌སྡོད།། \v 34 དེ་ནས་ཁྱོད་ཀྱི་དབུལ་ཕོངས༌ནི། །ཆོམ་པོ་བཞིན་དུ་བསླེབ་ཡོང༌ཞིང༌། །དཀོན་པོ་མཚོན་ཐོགས་ཚུལ་དུ༌བསླེབ།། \c 25 \cl ལེའུ་ཉེར་ལྔ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 སོ་ལོ་མོན་གྱི་ལེགས་བཤད་ཁག༌ཅིག \p \v 1 ཡ་ཧུ་དཱ་ཡི་རྒྱལ་པོ་ཧི་ཟི་ཀི༌ཡཱའི་མི་རྣམས་ཀྱིས་བཤུས་ནས་ཐོན་པའི་སོ་ལོ་མོན་གྱི་ལེགས་བཤད་ནི་འདི་ལྟ༌སྟེ། \v 2 གསང་བར་བྱེད་པ་དཀོན་མཆོག་དཔལ་ཡིན༌ཞིང༌། །རྩད་གཅོད་བྱེད་པ་རྒྱལ་པོའི་གཟི་དཔལ༌ཡིན།། \v 3 མཐོན་པོ་གནམ་དང་སྟུག་པོ་ས་གཞི༌བཞིན། །རྒྱལ་པོའི་སེམས་ཀྱང་རྟོགས་པར་མི་ནུས༌སོ།། \v 4 དངུལ་གྱི་སྙིགས་རོ་ཕྱུང་ཞིག༌དང༌། །དངུལ་མགར་གྱིས་ནི་སྣོད་ཆས༌བཟོ།། \v 5 ངན་པ་རྒྱལ་པོའི་མདུན་ནས༌སྐྲོད། །དྲང་པོའི་ནང་དུ་རྒྱལ་ཁྲི༌བརྟན།། \v 6 རྒྱལ་པོའི་དྲུང་དུ་རང་རློམ་བྱེད་མི༌རུང༌། །མི་ཆེན་ཁྲོད་དུ་རང་དགར་འགྲེང་མི༌རུང༌།། \v 7 ཁྱོད་ཀྱིས་དངོས་སུ་མཐོང་བ༌ཡི། །སྐུ་དྲག་མདུན་དུ་འབེབས་པ༌ལས། །གྲལ་མགོར་ཕེབས་ཤོག་ཟེར་ན༌ལེགས།། \v 8 རྟབ་རྟོབ་མི་ལ་འཐབ་ཕྱིར་འགྲོ་མི༌རུང༌། །དེ་ལྟར་བྱས་ཚེ་ཁྱོད་རང་ཁྱིམ་མཚེས༌ཀྱིས། །ངོ་ཚར་གཏད་ན་ཁྱོད་ཀྱིས་ཅི༌བྱ་འམ།། \v 9 རྩོད་གཞི་ཡོད་ན་ཁྱིམ་མཚེས་ཁོ་ནར༌རྩོད། །གཞན་གྱི་གསང་བ་ཕྱི་ལ་འཆད་མི༌རུང༌།། \v 10 བཤད་ན་ཐོས་པའི་མི་ཡིས་ཁྱོད་ལ༌བསྡིག །ཁྱོད་རང་མིང་ངན་ལས་ནི་ཐར་མི༌འགྱུར།། \v 11 ཚིག་གཅིག་སྨྲས་པ་གནད་ལ་ཁེལ་ན༌ནི། །དངུལ་གྱི་སྣོད་ནང་གསེར་གྱི་ཀུ་ཤུ༌འདྲ།། \v 12 མཁས་པའི་ཞལ་ཏ་བཀའ་ལ་ཉན་པ༌ཡི། །རྣ་བར་མཚོན་ན་གསེར་གྱི་རྣ་ཆ༌དང༌། །བཙོ་མའི་གསེར་གྱི་རྒྱན་ཆ་ལྟ་བུ༌ཡིན།། \v 13 བློ་སེམས་དཀར་བའི་བང་ཆེན༌དེ། །ཁོ་རང་མངག་མཁན་མི་ལ༌ནི། །སྟོན་ཐོག་བསྡུ་བའི་དུས་ཚིགས༌སུ། །ཁ་བའི་བསིལ་བུ་བཞིན་ཡིན༌ཏེ། །བདག་པོའི་སེམས་ཁམས་གསོ་བར༌བྱེད།། \v 14 རྔན་པར་བསྟོད་ཀྱང་མི་སྦྱིན༌པ། །ཆར་བ་མེད་པའི་སྤྲིན་དང༌མཚུངས།། \v 15 ཡུན་རིང་བཟོད་བསྲན་བྱེད་མཁན༌གྱིས། །དཔོན་པོའི་བློ་ཁ་བསྒྱུར་བ༌དང༌། །ལྕེ་འཇམ་གྱིས་ནི་རུས་པ༌གཅོག། \v 16 སྦྲང་རྩི་ཐོབ་ན་འཇུ་ཚད༌ཟོ། །མང་མང་ཟོས་ན་སྐྱུག་པར༌འགྱུར།། \v 17 ཁྱིམ་མཚེས་ནང་དུ་རྐང་པ་སྤོ་མ༌མང༌། །མང་ན་ཁོ་ནི་ཁྱོད་ལ་སུན་ཞིང༌སྡང༌།། \v 18 རྫུན་གྱི་དཔང་པོས་ཁྱིམ་མཚེས་ལ་འཚེ༌མཁན། །ཐོ་བ་རལ་གྲི་རྣོན་པོ་མདའ་དང༌འདྲ།། \v 19 ཆག་སྒོ་འབྱུང་དུས་ཁྲམ་པར་བརྟེན་པ༌ནི། །སོ་ཆག་ཚིགས་འབུད་རྐང་པར་བརྟེན་དང༌མཚུངས།། \v 20 སྐྱོ་གདུང་སེམས་ལ་གླུ་གཞས་ལེན་པ༌ནི། །འཁྱག་པའི་དུས་སུ་གྱོན་གོས་ཕུད་པ༌དང༌། །རྨ་ཁའི་སྟེང་ལ་སྐྱུར་ཁུ་བླུགས་འདྲ༌ཡིན།། \v 21 ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས༌བྱིན། །སྐོམ་པ་བྱུང་ན་དེ་ལ་འཐུང་ཆུ༌སྦྱིན།། \v 22 གང་ལ་ཞེ་ན་དེ་བཞིན་སྒྲུབ་པ༌ནི། །དེ་ཡི་མགོ་ལ་སོལ་མེ་སྤུངས་པ༌ཡིན། །ཡ་ཝཱེས་ཁྱོད་ལ་བྱ་དགའ་གནང་བར༌འགྱུར།། \v 23 བྱང་རླུང་གིས་ནི་ཆར་བ་འདྲེན་པ༌ལྟར། །ལྐོག་ངན་སྨྲ་བའི་ལྕེ་ཡིས་ངོ་གདོང༌གནག། \v 24 བུད་མེད་འཁོན་ཞུགས་མཉམ་དུ་ཁང་པར་སྡོད་པ༌ལས། །ཁང་པའི་ཀླད་ཀྱི་གྲུ་ཟུར་སྡོད་པ་ཅིས་མི༌ལེགས།། \v 25 རྒྱང་རིང་ཡུལ་ནས་ཐོན་པའི་གཏམ་བཟང༌ནི། །ངལ་བའི་མི་ལ་གྲང་མོ་ཆུ་བཞིན༌ཡིན།། \v 26 ངན་པའི་མདུན་དུ་དྲང་པོ་མགོ་བསྒུར༌ན། །རྙོག་པའི་ཆུ་མིག་སྦགས་པའི་ཁྲོན་པ༌བཞིན།། \v 27 སྦྲང་རྩི་ཚད་མེད་སྤྱད་ན་མི་ལེགས༌ཤིང༌། །རང་ལ་བཀུར་སྟི་འཚོལ་བ་དེ་བཞིན༌ཡིན།། \v 28 རང་གི་སེམས་ལ་ཚོད་འཛིན་མི་བྱེད༌ན། །ལྕགས་རི་མེད་པའི་ཞིག་རལ་གྲོང་དང༌མཚུངས།། \c 26 \cl ལེའུ་ཉེར་དྲུག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 དབྱར་གྱི་དུས་སུ་ཁ་བ༌དང༌། །སྟོན་ཀར་ཆར་བ་འབབ་པ༌བཞིན། །གླེན་པར་བཀུར་སྟི་འོས་མ༌ཡིན།། \v 2 གང་སར་འཕུར་བའི་མཆིལ་པ༌དང༌། །ལྡིང་སྐོར་རྒྱག་པའི་ཁུག་རྟ༌བཞིན། །དོན་མེད་དམོད་པ་འཕོག་མི༌འགྱུར།། \v 3 རྟ་ལ་ལྕག་དང་བོང་བུར༌སྲབ། །དེ་དང་དེ་བཞིན་གླེན་པ༌རྣམས། །རྒྱབ་ལ་དབྱུག་པ་མཁོ་བ༌ཡིན།། \v 4 གླེན་པར་དེ་ཡི་བླུན་རྨོངས༌བཞིན། །ཚིག་ལན་མ་འདེབས་བཏབ་ན༌ནི། །ཁྱོད་ཀྱང་ཁོ་ལྟར་འགྱུར་ཉེན༌ཡོད།། \v 5 གླེན་པར་དེ་ཡི་བླུན་རྨོངས༌བཞིན། །ཚིག་ལན་འདེབས་དགོས་མ་བཏབ༌ན། །དེ་ཡིས་རང་ཉིད་མཁས་པར༌བརྩི།། \v 6 གླེན་ལག་བརྒྱུད་ནས་འཕྲིན་སྐུར༌མཁན། །རང་གི་རྐང་པ་རང་གིས༌འབྲེག །གདུག་རྩུབ་རང་གིས་ཉོ་བ༌ཡིན།། \v 7 གླེན་པའི་ཁ་ལ་ལེགས་བཤད༌ནི། །མཁོ་མེད་དཔྱངས་པའི་ཞ་རྐང༌བཞིན།། \v 8 གླེན་པར་བཀུར་སྟི་བྱེད་པ༌ནི། །འུར་ཆར་འུར་རྡོ་བསྡམས་པ༌འདྲ།། \v 9 གླེན་པའི་ཁ་ལ་ལེགས་བཤད༌ནི། །ར་བཟིའི་ལག་གི་ཚེར་མ༌བཞིན།། \v 10 གླེན་པ་དང་ནི་ལམ་འགྲོ་གླ་བ༌ནི། །ཐམས་ཅད་རྨས་པར་བྱེད་པའི་མདའ་པར༌མཚུངས།། \v 11 ཁྱི་ཕྱིར་འཁོར་ནས་སྐྱུག་རོར་ལོག་པ༌བཞིན། །གླེན་པས་ཡང་དང་བསྐྱར་དུ་གླེན་རྟགས༌སྟོན།། \v 12 རང་ཉིད་མཁས་པར་རློམ་པ་མཐོང་མྱོང༌ངམ། །དེ་ལས་གླེན་པར་རེ་བ་ལྡན་པ༌ཡིན།། \v 13 ལེ་ལོ་ཅན་གྱིས་ལམ་ཁར་སེང་གེ༌འདུག །ཐང་ཆེན་དུ་ཡང་སེང་གེ་ཡོད་ཅེས༌སྨྲ།། \v 14 སྒོ་གླེགས་འཁོར་མིག་ཁ་རུ་འཁོར་བ༌ལྟར། །ལེ་ལོ་ཅན་ནི་མལ་ཁྲི་སྟེང་ནས༌འཁོར།། \v 15 ལེ་ལོས་སྡེར་མའི་ནང་དུ་ལག་བརྐྱངས༌ནས། །ཁ་ཟས་རང་གི་ཁ་ལ་སྐྱེལ་མི༌འདོད།། \v 16 ལེ་ལོ་ཅན་གྱིས་རང་ལ་བལྟས་ན༌ནི། །ཁུངས་སྐྱེལ་ནུས་པའི་སྐྱེ་བོ་བདུན་ལས༌མཁས།། \v 17 ལམ་འགྲོ་པ་ཞིག་དགོས་མེད༌ཀྱི། །འཁོན་འཛིང་ནང་དུ་ཞུགས་མཁན༌ནི། །ཁྱི་ཡི་རྣ་བ་འཐེན་པ༌འདྲ།། \v 18-19 མི་ཡིས་ཁྱིམ་མཚེས་བསླུས་པ༌དང༌། །ཀུ་རེ་ཡིན་ཞེས་སྨྲ་བ༌ནི། །སྨྱོན་པས་མགལ་མེ་མདའ་རྣོན༌པོ། །སྲོག་ལེན་མཚོན་ཆ་འཕེན་པར༌མཚུངས།། \v 20 བུད་ཤིང་མེད་ན་མེ་ཡང༌ཞི། །དཀྲུག་མཁན་མེད་སར་རྩོད་གཞི༌འཇགས།། \v 21 འཁོན་འཛིང་ཅན་གྱིས་རྩོད་གཞི་སློང་བ༌ནི། །སོལ་མེའི་སྟེང་དུ་སོལ་བ་འཇོག་པ༌དང༌། །མེ་ཡི་སྟེང་དུ་བུད་ཤིང་འཇོག་པ༌འདྲ།། \v 22 ཕྲ་མ་བྱེད་པའི་མི་ཡི་སྨྲ་བརྗོད༌ནི། །ཟས་མཆོག་བཞིན་དུ་གྲོད་པའི་ཕུགས་སུ༌འཇུག། \v 23 ཁ་ནི་འབར་ཡང་སེམས་ནི་ངན་པ༌དེ། །དངུལ་གྱི་སྙིགས་མས་བཏུམས་པའི་རྫ་ཆས༌འདྲ།། \v 24 སྡང་སེམས་ཅན་གྱིས་རང་ཉིད་ཚིག་གིས༌འགེབས། །འོན་ཀྱང་བསམ་པའི་ནང་དུ་གཡོ་སྒྱུ༌བཅངས།། \v 25 དེ་ཡི་ཚིག་ནི་སྙན་ཡང་བློ་མ༌གཏོད། །དེ་ཡི་སེམས་སུ་ཞེན་ལོག་རིགས་བདུན༌མཆིས།། \v 26 དེ་ཡི་སྡང་སེམས་གཡོ་སྒྱུས་སྦས༌ན་ཡང་། །དེ་ཡི་ངན་པ་ཚོགས་ཀྱི་མདུན་དུ༌མངོན།། \v 27 ས་དོང་འདྲུ་མཁན་དེ་ཡི་ནང་དུ༌ལྟུང༌། །རྦབ་རྡོ་བགྲིལ་མཁན་རྦབ་རྡོའི་འོག་ཏུ༌འཆོར།། \v 28 རྫུན་གྱི་ལྕེ་ནི་རང་གིས་རྨས་པར༌སྡང༌། །ངོ་དགའ་བྱེད་པའི་ཁ་ཡིས་བརླག་པར༌འགྱུར།། \c 27 \cl ལེའུ་ཉེར་བདུན༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཉིན་གཅིག་ཅི་འབྱུང་ཁྱོད་ཀྱིས་མི་ཤེས༌པས། །སང་ཉིན་དོན་ལ་ཁ་ཕོ་མ་བྱེད༌ཅིག། \v 2 གཞན་ལ་བསྟོད་དུ་འཇུག་པ༌ལས། །རང་ཁས་རང་ལ་བསྟོད་མི༌རུང༌། །གཞན་གྱིས་བསྟོད་བསྔགས་བྱེད་པ༌ལས། །རང་གི་མཆུ་ཡིས་བསྟོད་མི༌འོས།། \v 3 རྡོ་བ་ལྕི་ཞིང་བྱེ་མ་ཡང་ལྗིད༌དེ། །བླུན་པོའི་ཁོང་ཁྲོ་དེ་ལས་ཀྱང་ལྕི༌འོ།། \v 4 ཁོང་ཁྲོ་གདུག་རྩུབ་ཆེ་བ༌དང༌། །ཁྲོ་གཏུམ་ཆུ་ལོག་ཡིན་ན༌ཡང༌། །ཕྲག་དོག་མདུན་དུ་སུ་ཞིག༌ཚུགས།། \v 5 དྲང་མོར་བཀའ་བཀྱོན་མཛད་པ༌ནི། །ལྐོག་ནས་བརྩེ་བ་བྱེད་པས༌ལྷག། \v 6 མཛའ་བོས་ཕྱུང་བའི་རྨ་ཁ་སླུ་མེད༌ཡིན། །དགྲ་བོས་ཁྱོད་ལ་ཡང་ཡང་ཁ་སྐྱེལ༌ལོ།། \v 7 རྒྱགས་པའི་ཁ་ནི་སྦྲང་རྩི་ལ་ཡང༌སྡང༌། །ལྟོགས་ན་ཁ་ཏིག་ཀྱང་ནི་མངར་མོ༌ཡིན།། \v 8 ཁྱིམ་དང་བྲལ་བ་ཕྱོགས་བཞིར༌འཁྱམ། །ཚང་ལས་འཁྱར་བའི་བྱ་དང༌འདྲ།། \v 9 བྱུགས་རྫས་དང་ནི་བསུང་རྫས༌ཀྱིས། །མི་སེམས་སྤྲོ་བར་བྱེད་པ༌དང༌། །མཛའ་བོའི་ཁ་ཏ་མངར་བ༌ཡིན།། \v 10 རང་གི་གྲོགས་དང་ཕ་ཡི༌གྲོགས། །ཁྱོད་ཀྱིས་གང་ཡང་འདོར་མི༌བྱ། །ཆག་སྒོར་འཕྲད་པའི་ཉིན་མོ༌ལ། །སྤུན་ཟླའི་ཁྱིམ་ལ་མ་འགྲོ༌ཞིག །རྒྱང་ཐག་རིང་བའི་སྤུན་ཟླ༌ལས། །ཉེ་བར་ཡོད་པའི་ཁྱིམ་མཚེས༌ལེགས།། \v 11 ངའི་བུ་ཁྱོད་ནི་ཤེས་རབ་ལྡན་གྱུར༌ནས། །ང་ཡི་སེམས་པ་སྤྲོ་བར་གྱིས་ཤིག༌དང༌། །ང་རང་སྨད་མཁན་ལ་ནི་ལན་གདབ་བོ།། \v 12 གྲུང་པོས་བར་ཆད་མཐོང་ནས་ཡིབ་པར༌བྱེད། །བླུན་པོ་མུ་མཐུད་སྐྱོད་ཅིང་སྡུག་བསྔལ༌མྱོང༌།། \v 13 སུ་ཞིག་རྒྱུས་མེད་འགན་ལེན་བྱེད་ན༌ནི། །དེ་ཡི་ཕྱི་གོས་ལེན་པར་གྱིས་ཤིག༌དང༌། །དེ་ཡིས་བྱི་མོའི་འགན་ལེན་བྱེད་ན༌ནི། །དེ་ནི་འགན་ལེན་པ་རུ་འགྱུར་དགོས༌སོ།། \v 14 སྔ་མོ་ལངས་ནས་ཁྱིམ་མཚེས༌ལ། །སྐད་གསང་མཐོན་པོས་ཤིས་བརྗོད༌པ། །དེ་ནི་སྨོན་ལོག་ཏུ་འགྱུར༌རོ།། \v 15 བུད་མེད་འཁོན་འཛིང་ཅན་དེ༌ནི། །དྲག་ཆར་ཉིན་མོའི་ཐིགས་པར༌མཚུངས།། \v 16 འགོག་པར་བསམས་པས་རླུང་ནི་འགོག་པ༌དང༌། །ལག་པ་གཡས་པས་སྣུམ་ནི་འཛིན་དང༌མཚུངས།། \v 17 ལྕགས་ནི་ལྕགས་ཀྱིས་རྣོན་པོར་བརྡར་བ༌ལྟར། །མཛའ་གྲོགས་ཕན་ཚུན་བརྡར་ན་རིག་པ༌རྣོ།། \v 18 སེ་ཡབ་ཤིང་ལ་བདག་སྐྱོང་བྱེད་མཁན༌གྱིས། །དེ་ཡི་འབྲས་བུ་སྤྱོད་པར་གདོན་མི༌ཟ། །བདག་པོར་ཞབས་ཕྱི་སྒྲུབ་པར་བཀུར་སྟི༌འབྱུང༌།། \v 19 ཆུ་ནང་ཇི་ལྟར་ངོ་གདོང་འཆར་བ༌བཞིན། །མི་ཡི་བསམ་པས་མི་དེ་མཚོན་པ༌ཡིན།། \v 20 གཤིན་ཡུལ་དམྱལ་ཁམས་ཚིམ་པ་མེད་པ༌ལྟར། །མི་ཡི་མིག་ཀྱང་དེ་དང་དེ་བཞིན༌ཡིན།། \v 21 གསེར་དངུལ་བཙོ་ཕྱིར་མེ་ཐབ་ལུགས་ཀོང༌ཡོད། །གཞན་གྱི་བསྟོད་པས་མི་ལ་བརྟག་པ༌ཡིན།། \v 22 ཁྱོད་ཀྱིས་འབྲུ་དང་མཉམ་དུ་བླུན་པོ༌ནི། །གཏུན་ཁུང་ནང་དུ་བརྡུངས་པ་ཡིན་ན༌ཡང༌། །དེ་ཡི་བླུན་རྨོངས་ཁོ་དང་འབྲལ་མི༌འགྱུར།། \v 23 ཁྱོད་ཀྱིས་ལུག་ཁྱུའི་གནས་ཚུལ་རྟོགས་དགོས༌ལ། །རང་གི་བ་ཁྱུར་བདག་སྐྱོང་ལེགས་པོ༌བྱོས།། \v 24 གང་ལ་ཞེ་ན་རྒྱུ་ནོར་ཡུན་མི༌གཏན། །མི་རབས་མི་རབས་ཅོད་པན་ཡང་མི༌ལུས།། \v 25 རྩྭ་སྐྱ་འབྲེག་ཅིང་རྩྭ་སྔོན་སྐྱེ་བ༌ཡིན། །རི་བོའི་རྩྭ་ཡང་ཕུང་པོར་བསྡུ་བ༌འོ།། \v 26 ལུ་གུ་ཁྱོད་ཀྱི་གྱོན་གོས༌ཡིན། །ར་ནི་ཞིང་གི་རིན་པ༌ཡིན།། \v 27 ཁྱོད་དང་ཁྱིམ་མི་གང་པོ་དང༌། །བྲན་མོ་རྣམས་ཀྱི་འཚོ་བའི༌ཕྱིར། །ར་མའི་འོ་མས་འདང་བར༌འགྱུར།། \c 28 \cl ལེའུ་ཉེར་བརྒྱད༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ངན་པ་འདེད་མཁན་མེད་ཀྱང་འབྲོ༌ན་ཡང་། །དྲང་པོ་སེང་གེ་བཞིན་དུ་ཞུམ་པ༌མེད།། \v 2 རྒྱལ་ཁམས་ཤིག་ལ་ཉེས་སྐྱོན་མངའ་བས༌ན། །དེ་ལ་འགོ་དཔོན་མང་དུ་འབྱུང་བ༌འོ། །བློ་གྲོས་ཤེས་ཡོན་ལྡན་པས་སྲིད་བརྟན༌ཡོང་།། \v 3 དབུལ་པོས་དབུལ་པོར་གཉའ་གནོན་བྱེད་པ༌ནི། །འབྲུ་རིགས་ཡོངས་སུ་འཁུར་བའི་དྲག་ཆར༌འདྲ།། \v 4 བཀའ་ཁྲིམས་འདོར་བའི་མི་ཡིས་ངན་པར༌བསྟོད། །བཀའ་ཁྲིམས་སྲུང་མཁན་གྱིས་ནི་ངན་པར༌རྒོལ།། \v 5 མི་ངན་གྱིས་ནི་དྲང་གཞག་གོ་བ༌མིན། །ཡ་ཝཱེ་འཚོལ་མཁན་ཐམས་ཅད་ལེགས་པར༌རྟོགས།། \v 6 སྤྱོད་པ་ཕྱིན་ཅི་ལོག་པའི་ཕྱུག་བདག༌ལས། །དྲང་པོར་སྤྱོད་པའི་དབུལ་པོ་ལེགས་པ༌འོ།། \v 7 བཀའ་རྒྱ་སྲུང་མཁན་བློ་གྲོས་བུ་ཡིན༌ཞིང༌། །ཟས་རྔམ་ཅན་དང་འགྲོགས་པའི་མི་དེས༌ནི། །རང་གི་ཕ་ཡང་ངོ་ཚར་སྦྱོར་བ༌ཡིན།། \v 8 སྐྱེད་ཀ་མཐོན་པོས་རང་ནོར་སྤེལ་བ༌དེས། །དབུལ་པོར་སྙིང་རྗེ་བྱེད་པའི་དོན་དུ༌གསོག། \v 9 ཁ་ཕྱིར་འཁོར་ནས་བཀའ་རྒྱར་མི་ཉན༌པའི། །སྨོན་ལམ་ཡང་ནི་ཞེན་པ་ལོག་པར༌རྩི།། \v 10 དྲང་པོ་ལོག་ལམ་འདྲེན་མཁན༌ནི། །རང་གི་དོང་ནང་ལྟུང་བར༌འགྱུར། །སྐྱོན་དང་བྲལ་བར་ནོར་སྐལ༌འཐོབ།། \v 11 ཕྱུག་པོས་རང་ཉིད་མཁས་པར༌འཛིན། །དབུལ་པོ་མཛངས་པས་དེ་ནི༌རྟོགས།། \v 12 དྲང་པོ་རྒྱལ་དུས་གཟི་དཔལ་ཤིན་ཏུ༌ཆེ། །ངན་པ་དར་དུས་མི་རྣམས་གཡོལ་བར༌འགྱུར།། \v 13 རང་གི་ཉེས་སྐྱོན་སྦེད་མཁན་དོན་མི༌འགྲུབ། །རང་སྐྱོན་མཐོལ་ནས་སྤང་བར་ཐུགས་རྗེ༌འཐོབ།། \v 14 རྟག་ཏུ་གུས་ཤིང་འཇིགས་པའི་མི་ནི༌བདེ། །སེམས་པ་གྱོང་པོ་བར་ཆད་ནང་དུ༌ལྟུང༌།། \v 15 གདུག་རྩུབ་ཆེ་བའི་འགོ་དཔོན༌གྱིས། །དབུལ་པོར་དབང་སྒྱུར་བྱེད་པ༌ནི། །སེང་གེས་ང་རོ་སྒྲོག་པ༌དང༌། །ཁ་ཟས་འཚོལ་བའི་དོམ་དང༌མཚུངས།། \v 16 འགོ་དཔོན་གླེན་པས་གདུག་རྩུབ༌བཀོལ། །མི་གཙང་རྒྱུ་ལ་སྡང་བ༌ནི། །ཚེ་ཐག་རིང་བར་བྱེད་པ༌འོ།། \v 17 མི་ཁྲག་བཞུར་བའི་སྡིག་པ་འཁུར་མཁན༌ནི། །འཆི་བའི་བར་དུ་བྲོས་ཀྱང་སྐྱོབ་མི༌འོས།། \v 18 སྤྱོད་པ་སྐྱོན་བྲལ་ཐར་བར༌འགྱུར། །ལོག་ལམ་ཞུགས་པ་ཐོལ་གྱིས༌འགྱེལ།། \v 19 འབད་པས་སོ་ནམ་བྱེད་པར་ཟས་ཀྱིས༌མོད། །འཕྲུལ་སྣང་སྙེག་པས་ཕོངས་པའི་སྡུག་བསྔལ༌མྱོང༌།། \v 20 བློ་སེམས་དཀར་བ་ལ་ནི་བྱིན་རླབས༌མོད། །ཕྱུག་པོར་འགྱུར་བར་རྔམ་ལ་ཉེས་ཆད༌འཕོག། \v 21 མི་ལ་ཕྱོགས་རིས་འཛིན་པ་མི་ལེགས༌ཀྱང༌། །མི་ཡིས་བག་ལེབ་དུམ་བུའི་ཕྱིར་ཉེས༌བྱེད།། \v 22 སེར་སྣ་ཅན་ནི་ཕྱུག་པོར་འགྱུར་བར༌རྔམ། །དབུལ་ཕོངས་སླེབ་པ་ཡིད་ལ་འཆར་བ༌མེད།། \v 23 ལྗགས་ཀྱིས་མི་ལ་ཁ་ཡག་བཤད་པ༌ལས། །བཀྱོན་མཁན་ལ་ནི་མཇུག་མཐར་ངོ་སོ༌འཐོབ།། \v 24 རང་གི་ཕ་མའི་རྒྱུ་འཕྲོག༌ཅིང༌། །འདི་ནི་ཉེས་པ་མིན་ཟེར༌ན། །དེ་ནི་ཇག་པའི་འགྲོགས་ཡ༌ཡིན།། \v 25 ཧམ་པ་ཅན་གྱིས་རྩོད་གཞི༌སློང༌། །ཡ་ཝཱེར་བརྟེན་པ་ཕྱུག་པར༌འགྱུར།། \v 26 རང་ཉིད་མཁས་པར་འཛིན་པ་གླེན་པ༌ཡིན། །ཤེས་རབ་ནང་དུ་འགྲོ་བ་ཐར་བར༌འགྱུར།། \v 27 དབུལ་པོར་སྦྱིན་པ་གཏོང་མཁན་ཕོངས་མི༌འགྱུར། །དེ་རྣམས་མིག་ནང་མེད་པར་དམོད་མོ༌ཐེབས།། \v 28 ངན་པ་དར་དུས་མི་རྣམས༌གཡོལ། །དེ་རྣམས་འཇིག་དུས་དྲང་པོ༌འཕེལ།། \c 29 \cl ལེའུ་ཉེར་དགུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \p \v 1 ཡང་ཡང་བཀའ་བཀྱོན་འཕོག་བཞིན༌དུ། །གཉའ་རེངས་བྱེད་པ་གློ་བུར༌ཉིད། །མེད་པར་འགྱུར་ཞིང་སྐྱོབ་ཐབས༌ཟད།། \v 2 དྲང་པོ་འཕེལ་དུས་མི་རྣམས༌དགའ། །ངན་པས་དབང་དུ་སྒྱུར་དུས༌སུ། །མི་རྣམས་འཁུན་སྒྲ་འབྱིན་པ༌ཡིན།། \v 3 ཤེས་རབ་ལ་ནི་དགའ་བ༌ཡིས། །རང་གི་ཕ་ནི་སྤྲོ་བར༌བྱེད། །སྨད་འཚོང་མ་དང་འགྲོགས་པ༌ཡིས། །ཁྱིམ་གྱི་རྒྱུ་ནོར་ཆུད་ཟོས༌གཏོང༌།། \v 4 དྲང་གཞག་ངང་ནས་རྒྱལ་པོས༌ནི། །རང་གི་རྒྱལ་སྲིད་ཚུགས་སུ༌འཇུག །ལྐོག་རྔན་ལེན་པས་རྒྱལ་སྲིད༌བརླག། \v 5 ཁྱིམ་མཚེས་ལ་ནི་ངོ་དགའ་བྱེད་པ༌ཡིས། །དེ་ཡི་རྐང་འོག་རྙི་རྒྱ་འཛུགས་པ༌ཡིན།། \v 6 མི་ངན་ཉེས་སྐྱོན་དབང་གིས་རྙི་རྒྱར༌ཚུད། །དྲང་པོ་དགའ་མགུ་རང་ཞིང་ཀི་སྒྲ༌སྒྲོག། \v 7 དྲང་པོས་དབུལ་པོའི་དོན་ལ་མནོ་བསམ༌གཏོང༌། །ངན་པར་དེ་ཉིད་གོ་བའི་འདུ་ཤེས༌མེད།། \v 8 འཕྱ་སྨོད་མཁན་གྱིས་གྲོང་ཁྱེར་ཡོངས་སུ༌དཀྲུག །ཤེས་རབ་ཅན་གྱིས་ཁོང་ཁྲོ་ཞི་བར༌བྱེད།། \v 9 ཤེས་རབ་ཅན་དང་བླུན་པོ་རྩོད་དུས༌སུ། །བླུན་པོས་ཀུ་ཅོ་སྒྲོག་ཅིང་འཕྱ་དགོད༌བྱེད། །དེ་ལ་ཞི་འཇགས་ཅིས་ཀྱང་འབྱུང་མི༌སྲིད།། \v 10 མི་ཁྲག་བཞུར་བར་རྔམ་པ་བཟང་པོར༌སྡང༌། །དེས་ནི་དྲང་པོའི་ཚེ་སྲོག་ལེན་པར༌བསྙེག། \v 11 གླེན་པ་ཁོང་ཁྲོ་རབ་ཏུ་འབར་བ༌དང༌། །ཤེས་རབ་ཅན་གྱིས་རང་གི་ཁོང་ཁྲོ༌འགོག། \v 12 སྲིད་དབང་འཛིན་མཁན་རྫུན་ལ་ཡིད་ཆེས༌ན། །དེ་ཡི་འཁོར་གཡོག་ཐམས་ཅད་ངན་དུ༌འགྲོ། \v 13 དབུལ་པོ་དང་ནི་གཞན་གདུང༌ཅན། །ལྷན་ཅིག་འཛོམས་ཤིང་ཡ་ཝཱེ༌ཡིས། །དེ་གཉིས་མིག་ལ་འོད་སྣང༌སྦྱིན།། \v 14 གལ་ཏེ་རྒྱལ་པོས་གཞུང་དྲང༌སྒོས། །དབུལ་པོར་ཁྲིམས་ཐག་བཅད་ན༌ནི། །དེ་ཡི་རྒྱལ་ཁྲི་རྟག་ཏུ༌བརྟན།། \v 15 དབྱུག་པ་དང་ནི་འཆུན་འདོམས་ཀྱིས། །མི་ལ་ཤེས་རབ་སྩོལ་བ་དང༌། །ལང་ཤོར་བཏང་བའི་བུ་ཡིས་ནི། །རང་གི་མ་ཡང་ངོ་ཚར༌སྦྱོར།། \v 16 ངན་པ་མོད་དུས་ཉེས་སྐྱོན༌འཕེལ། །དྲང་པོས་དེ་དག་ལྟུང་ལུགས༌གཟིགས།། \v 17 རང་གི་བུ་ནི་ཆུན་ཞིག༌དང༌། །དེ་ཡིས་ཁྱོད་རང་བདེ་བ༌དང༌། །ཁྱོད་ཀྱི་སེམས་ཀྱང་སྤྲོ་བར༌བྱ།། \v 18 ལུང་བསྟན་མེད་སར་མི་རྣམས་རང་དགར༌སྤྱོད། །བཀའ་ཁྲིམས་སྲུང་བའི་སྐྱེ་བོར་བྱིན་རླབས༌འཐོབ།། \v 19 ཁ་བཤད་ཙམ་གྱིས་གཡོག་པོ་མི་འཆུན༌ཏེ། །དེ་ཡིས་གོ་ཡང་སྣང་དག་མི་བྱེད༌དོ།། \v 20 སྐད་ཆ་རྟབ་རྟབ་སྨྲ་མཁན་མཐོང་མྱོང༌ངམ། །དེ་ལས་གླེན་པར་རེ་བ་ལྡན་པ༌ཡིན།། \v 21 ཆུང་ནས་གཡོག་པོ་ལང་ཤོར་བཏང་ན༌ནི། །དེ་ཡིས་མཇུག་མཐར་སྡུག་བསྔལ་བསྐྱེད་པ༌འོ།། \v 22 ངང་ཐུང་གིས་ནི་རྩོད་གཞི༌སློང༌། །གཏུམ་པོས་ཉེས་སྡིག་མང་དུ༌གསོག། \v 23 མི་ནི་རང་གི་ང་རྒྱལ༌གྱིས། །དམའ་སར་དབབ་ཀྱང་ཁེངས་སྐྱུང༌གིས། །བཀུར་སྟི་རྙེད་པར་འགྱུར་བ༌ཡིན།། \v 24 རྐུན་མའི་ངན་གྲོགས་བྱེད་པ༌ནི། །རང་སྲོག་འཁོན་དུ་འཛིན་པ༌ཡིན། །མནའ་ཡིས་དཔང་པོ་བྱེད་དགོས༌པ། །ཐོས་ཀྱང་དེ་ཡིས་ཅང་མི༌སྨྲ།། \v 25 མི་ལ་འཇིགས་ན་རྙི་ནང༌འཚུད། །ཡ་ཝཱེར་བརྟན་པར་ཉེ་ཞོ༌མེད།། \v 26 མང་པོས་མངའ་བདག་ཁ་ངོ་འཚོལ་ན༌ཡང༌། །རེ་རེའི་དྲང་གཞག་ཡ་ཝཱེ་ཁོང་ནས༌འབྱུང༌།། \v 27 དྲང་པོ་གྱ་གྱུ་ཅན་ལ་སྐྱུག་བྲོ༌ཞིང༌། །མི་ངན་གཞུང་རྒྱུད་དྲང་པོར་ཞེ་ལོག༌གོ། \c 30 \cl ལེའུ་སུམ་ཅུ༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 ཨ་གུར་གྱི་ངག༌རྒྱུན། \p \v 1 ཡཱ་ཀེའི་བུ་ཨ་གུར་གྱི་ངག་རྒྱུན་ཏེ་ཁོང་གི་བཀའ་ལུང་ནི། སྐྱེ་བོ་དེས་ཨི་ཐི་ཨེལ༌དང༌། ཨི་ཐི་ཨེལ་དང་ཡུ་ཀལ་གཉིས་ལ་བསྒོས་པ་ཡིན༌ཏེ། \v 2 ང་ནི་ཀུན་ལས་བླུན་རྨོངས༌ཡིན། །མི་ཡི་གོ་རྟོགས་ང་ལ༌མེད།། \v 3 ཤེས་རབ་ཀྱང་ནི་ངས་མ༌བསླབས། །དམ་པ་ཉིད་ཀྱང་ཤེས་མ༌གྱུར།། \v 4 ནམ་མཁར་འཕགས་ནས་སུ་ཞིག༌བབས། །ལག་མཐིལ་རླུང་ཆེན་སུ་ཡིས༌བསྡུས། །ཆུ་རྣམས་གོས་ནང་སུ་ཡིས༌བསྒྲིལ། །ས་གཞིའི་མཐའ་བཞི་སུ་ཡིས༌བཙུགས། །ཁོང་གི་མཚན་ལ་ཅི༌བྱ་འམ། །ཁོང་གི་སྲས་ཀྱི་མཚན་ཡང༌ཅི། །ཤེས་ན་ང་ལ་འཆད་རོགས༌གནང༌།། \v 5 དཀོན་མཆོག་བཀའ་ལ་དྲི་མ༌མེད། །ཁོང་ཉིད་སྐྱབས་སུ་བརྟེན་མཁན༌ལ། །ཁོང་ནི་དེ་ཡི་ཕུབ་ལགས༌སོ།། \v 6 ཁོང་གི་བཀའ་ལ་ཁ་སྣོན་རྒྱག་མི༌རུང༌། །བརྒྱབ་ན་ཁོང་གིས་ཁྱོད་ལ་བཀའ་བཀྱོན༌མཛད། །ཁྱོད་ནི་རྫུན་གཏམ་སྨྲ་བར་མངོན་པར༌འགྱུར།། \s1 ལེགས་བཤད་གཞན༌དག \p \v 7 བདག་ལ་ཞུ་བ་འབུལ་རྒྱུ་གཉིས་ཡོད༌དེ། །ང་རང་མ་ཤི་སྔོན་ལ་གནང་བར༌མཛོད།། \v 8 གཡོ་སྒྱུ་དང་ནི་རྫུན་གཏམ༌གཉིས། །ང་དང་རིང་དུ་གྱེས་པར༌མཛོད། །ང་ནི་དབུལ་པོར་མི་མཛད༌ཅིང༌། །ཕྱུག་པོར་ཡང་ནི་མི་མཛད༌པར། །ཁ་ཟས་འདང་ངེས་གནང་བས༌ཆོག། \v 9 དེ་མིན་ང་རང་འགྲངས་དུས༌སུ། །ཁྱེད་ཉིད་སྤངས་ཏེ་འདི་ལྟར༌དུ། །ཡ་ཝཱེ་སུ་ཡིན་ཞུ་ཡང༌སྲིད། །ཡང་ན་དབུལ་དུས་རྐུ་བྱས༌ནས། །དཀོན་མཆོག་མཚན་སྙན་བརླག་ཀྱང༌སྲིད།། \v 10 བདག་པོའི་དྲུང་དུ་བྲན་པོར་ངན་མ༌གཏམ། །དེ་ཡིས་ཁྱོད་ལ་དམོད་ན་ཉེས་སྐྱོན༌འཕོག། \v 11 རང་གི་ཕ་ལ་དམོད་འབོར༌ཞིང༌། །མ་ལ་སྨོན་འདུན་མི་ཞུ༌བའི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། \v 12 རང་གི་དྲི་མ་མ་བཀྲུས༌བཞིན། །རང་གི་སྣང་བར་རང་གཙང༌བའི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། \v 13 མིག་ལ་དྲེགས་ཉམས་ཆེ་བ༌དང༌། །མིག་ལྕིབས་གཙིགས་སུ་འདེགས་པ༌ཡི། །མི་རབས་ཀྱང་ནི་ཡོད་པ༌ཡིན།། \v 14 སོ་ནི་རལ་གྲི་མཆེ་བ་གྲི་རྣམས་བཞིན། །ས་གཞིའི་དབུལ་པོ་རྣམས་དང་མི་ཡི༌ཁྲོད། །མེད་པོ་རྣམས་ནི་ཁྱུར་མིད་བྱེད་པ༌ཡི། །མི་རབས་ཀྱང་ནི་ཡོད་པ་ཡིན་ལགས༌སོ།། \v 15 ཁྲག་འཐུང་སྲིན་བུར་བུ་མོ་གཉིས་ཡོད༌དེ། །རྟག་ཏུ་ཡང་ཡང་ང་ལ་བྱིན་ཅིག༌ཟེར། །ཚིམ་པ་མེད་པའི་རིགས་ནི་གསུམ་ཡོད༌ལ། །འདང་སོང་མི་ཟེར་བ་དང་བཞི་བཅས༌ཏེ།། \v 16 གཤིན་ཡུལ་དང་ནི་མོ་གཤམ༌དང༌། །ཆུ་ཡིས་ངོམས་པ་མེད་པའི༌ས། །འདང་སོང་མི་ཟེར་མེ་བཅས༌སོ།། \v 17 རང་གི་ཕ་ལ་འཕྱ་བ༌དང༌། །རྒས་པའི་མ་ལ་སྨད་པ༌ཡི། །མིག་ནི་ལུང་བའི་ཕོ་རོག༌གིས། །དྲུས་ཏེ་གླག་ཕྲུག་གིས་ཟ༌འོ།། \v 18 བདག་ལ་དོན་གསུམ་ངོ་མཚར༌ཆེ། །མི་རྟོགས་དོན་བཅས་བཞི་ཡོད༌དེ།། \v 19 གླག་གིས་གནམ་འཕང་གཅོད་པའི༌ལམ། །ཕ་བོང་སྟེང་གི་སྦྲུལ་གྱི༌ལམ། །རྒྱ་མཚོ་དཀྱིལ་གྱི་གྲུ་ཡི༌ལམ། །ན་གཞོན་ཕོ་མོ་འགྲོགས་པའི༌ལམ།། \v 20 གཡེམ་མོའི་ལམ་ནི་འདི་ལྟ༌སྟེ། །མོས་ནི་ཟ་ཞིང་ཁ་ཕྱིས༌ནས། །མི་རུང་ཅི་ཡང་མ་བྱས༌ཟེར།། \v 21 ས་གཞི་སྒུལ་བར་བྱེད་པའི་དོན་གསུམ༌ཡོད། །བཟོད་ཐབས་མེད་པའི་དོན་དང་བཞི་བཅས༌ཏེ།། \v 22 བྲན་པོ་རྒྱལ་པོར་སྡོད་པ༌དང༌། །གླེན་པའི་གྲོད་པ་འགྲང་བ༌དང༌།། \v 23 བརྩེ་མེད་མནའ་མར་འགྲིམ་པ༌དང༌། །གཡོག་མོས་བདག་མོའི་ཚབ་བྱེད༌པ།། \v 24 ས་གཞིར་ཆུང་ཆུང་བཞི་ཡོད༌ཅིང༌། །དེ་དག་རབ་ཏུ་མཛངས་པ༌སྟེ།། \v 25 གྲོག་མ་སྲོག་ཆགས་སྟོབས་ཞན༌ཡང༌། །དབྱར་དུས་རང་གི་རྒྱགས་གསོག༌གོ། \v 26 འཕྱི་བ་སྟོབས་བོ་ཆེ་མིན༌ཡང། །རང་གི་ཚང་ནི་བྲག་ལ༌རྐོ།། \v 27 ཆ་ག་པ་ལ་རྒྱལ་པོ༌མེད། །ལྷན་ཅིག་དཔུང་ཁག་བསྒྲིགས་ནས༌འགྲོ། \v 28 རྨིགས་པ་ལག་པས་འཛིན་ནུས༌ཀྱང༌། །དེ་ནི་ཕོ་བྲང་ནང་དུ༌སྡོད།། \v 29 གོམ་སྟབས་རྫིག་རྫིག་ཅན་ནི་གསུམ་ཡོད༌ལ། །རྫིག་རྫིག་ངང་ནས་འགྲོ་བ་དང་བཞི༌སྟེ།། \v 30 རི་དྭགས་ནང་གི་སྟོབས་བོ༌ཆེ། །སེང་གེ་སུ་ལ་ཕྲད་ན་ཡང་། །ཕྱིར་བསྣུར་སྟེག་པར་མི་འགྱུར༌རོ།། \v 31 མགོ་བོ་དགྱེ་ནས་མདུན་སྐྱོད༌པའི། །བྱ་ཕོ་དང་ནི་ར་ཐུག༌དང༌། །དམག་དཔུང་དབུས་ཀྱི་རྒྱལ་པོ༌འོ།། \v 32 རང་ཆེ་བྱས་ནས་གླེན་རྟགས་བསྟན་པ༌འམ། །སེམས་ངན་བསྐྱེད་ན་རང་ཁ་ལག་པས༌ཁོབ།། \v 33 རྒྱུ་མཚན་གང་ལ་ཡིན་ཞེ༌ན། །འོ་མ་དཀྲུགས་ན་མར་འཐོན༌ཞིང༌། །སྣ་བ་གཅུས་པས་ཁྲག་འཐོན༌བཞིན། །ཁོང་ཁྲོ་བསླངས་ན་འཁྲུག་རྩོད༌འབྱུང༌།། \c 31 \cl ལེའུ་སོ་གཅིག༌པ། \toc1 ༄༅།།ལེགས་བཤད་ཀྱི༌མདོ། \toc2 ལེགས་བཤད། \s1 རྒྱལ་པོར་གནང་བའི་བསླབ༌བྱ། \p \v 1 རྒྱལ་པོ་ལེ་མུ་ཨེལ་གྱི་ངག་རྒྱུན་ཏེ་རང་གི་མ་ལས་བསླབས་པའི་བཀའ་ལུང་ནི། \v 2 ངའི་བུ་ང་ཡི་མངལ་ལས་སྐྱེས་པའི༌བུ། །ང་ཡིས་དམ་བཅའ་བཞག་ནས་ཐོབ་པའི༌བུ། །ང་ཡིས་ཁྱོད་ལ་ཅི་ཞིག་སྨྲ་བར༌བྱ།། \v 3 རང་གི་སྟོབས་ནི་སྐྱེས་མར་སྦྱིན་མི་བྱ། །རྒྱལ་པོ་བརླག་པའི་སྤྱད་པ་མ་སྤྱོད༌ཅིག། \v 4 ལེ་མུ་ཨེལ་ལགས་རྒྱལ་པོ༌ཡིས། །རྒུན་ཆང་འཐུང་བ་མི་མཛེས༌ཏེ། །སྲིད་དབང་འཛིན་པས་ཆང་གར༌བོ། །འཐུང་བར་རྔམ་པ་ཡེ་མི༌འོས།། \v 5 གལ་སྲིད་འཐུང་ན་བཀའ་གསུང་བརྗེད་གྱུར༌ནས། །གཉའ་གནོན་མྱོང་མཁན་དྲང་གཞག་ལོག་པར༌གཅོད།། \v 6 ཆང་གར་འཆི་ཁར་ཡོད་པ༌དང༌། །རྒུན་ཆང་སེམས་སྡུག་ཅན་ལ༌བླུགས།། \v 7 དེ་ཚོས་འཐུང་ན་རང་གི་དབུལ་ཕོངས༌བརྗེད། །རང་གི་སྐྱོ་གདུང་ཡང་ནི་དྲན་མི༌འགྱུར།། \v 8 ལྐུགས་པའི་དོན་དུ་ཁ་གྲགས་དགོས་པ༌དང༌། །ཉམ་ཆུང་ཕྱིར་དུ་དག་འབུད་བྱེད་པར༌གྱིས།། \v 9 ཁྱོད་ཀྱིས་ལེགས་ཉེས་དྲང་པོར་ཕྱེས་ཤིག༌དང༌། །དབུལ་ཞིང་ཕོངས་པའི་ཕྱིར་དུ་དག་འབུད༌གྱིས།། \s1 ཆུང་མ་བཟང་མོའི་སྐོར་གླེང༌བ། \p \v 10 ཆུང་མ་བཟང་མོ་འཇོན་ཐང༌ཅན། །སུ་ཞིག་གིས་ནི་རྙེད་འགྱུར༌རམ། །སྐྱེས་མ་དེ་ཡི་རིན་ཐང༌ནི། །པདྨ་ར་ག་ལས་ཀྱང༌ལྷག། \v 11 ཁོ་མོའི་ཁྱོ་གས་མོ་ལ་སེམས་གཏོད༌ཅིང༌། །མི་དེའི་ཐོབ་བྱ་ཕོངས་པར་མི་འགྱུར༌རོ།། \v 12 ཁོ་མོས་མི་ཚེ་གང་པོར་ཁྱོ་ག༌ལ། །ཕན་འདོགས་པ་ལས་གནོད་པ་ཡེ་མི༌བསྐྱལ།། \v 13 ཁོ་མོས་བལ་དང་སོ་མ་འཚོལ་བསྡུ༌བྱེད། །སེམས་པ་དགའ་ཞིང་ལག་པས་ལས་ཀ༌བྱེད།། \v 14 ཁོ་མོ་ཚོང་པའི་གྲུ་ཚོགས་དང་མཚུངས༌ཏེ། །རྒྱང་རིང་ཡུལ་ནས་རང་གི་འཚོ་རྒྱགས༌འདྲེན།། \v 15 ཞོགས་པ་སྔ་མོ་ཡར་ལངས༌ཏེ། །ནང་མི་རྣམས་ལ་ཁ་ཟས་སྦྱིན། །གཡོག་མོ་རྣམས་ལ་ལས་ཀ་བགོ། \v 16 ཁོ་མོས་ས་ཞིང་བདམས་ནས༌ཉོ། །རང་གི་ལག་པའི་འབྲས་བུ༌ལས། །རྒུན་ཚལ་ཞིག་ཀྱང་འཛུགས་པ༌ཡིན།། \v 17 ཁོ་མོས་ནུས་པའི་སྐ་རགས༌བཅིང༌། །རང་ལ་དཔུང་ཤེད་འཇུག་པ༌ཡིན།། \v 18 ཁོ་མོས་ཚོང་རྣམས་ཁེ་ཅན་ཡིན་པ༌ཤེས། །ཁོ་མོའི་སྒྲོན་མེ་མཚན་གང་ཞི་བ༌མེད།། \v 19 ཁོ་མོའི་ལག་པས་སྐུད་འཕང་འཛིན། །ལག་པ་འཕང་ལོར་འཇུ་བ༌ཡིན།། \v 20 དབུལ་པོའི་ཕྱོགས་སུ་ལག་པ་རྐྱོང་བ༌དང༌། །དགོས་མཁོ་ཅན་ལ་ལག་པས་རོགས་སྐྱོར༌བྱེད།། \v 21 ཁོ་མོའི་ནང་མི་ཀུན་པོ༌ཡིས། །གྱོན་གོས་མཚལ་མདོག་གོན་ཡོད༌པས། །ཁ་བ་བབས་པས་མི་འཇིགས༌སོ།། \v 22 ཁོ་མོས་རང་ལ་མལ་སྟན་བཟོ་བ༌དང༌། །ཁོ་མོའི་གྱོན་གོས་སོ་རས་སྲབ་བུ༌དང༌། །རྒྱ་སྨུག་རས་ལས་གྲུབ་པ་ཡིན་ལགས༌སོ།། \v 23 ཁོ་མོའི་ཁྱོ་ག་ཡུལ་དེའི་རྒན་པོ༌དང༌། །ལྷན་ཅིག་མཁར་སྒོ་ཁ་རུ་སྡོད་པ༌དང༌། །ཀུན་གྱིས་ཁོ་ལ་བརྩི་བཀུར་བྱེད་པ༌ཡིན།། \v 24 ཁོ་མོས་སོ་རས་སྲབ་བུ་འཚོང་བ༌དང༌། །ཚོང་པ་རྣམས་ལ་སྐ་རགས་མཁོ་སྤྲོད༌བྱེད།། \v 25 སྟོབས་དང་བརྗིད་ཉམས་ཁོ་མོའི་གྱོན་གོས༌ཡིན། །ཕྱིས་ཀྱི་བདེ་སྐྱིད་བསམ་དུས་གད་མོ༌དགོད།། \v 26 ཁ་གྲགས་ཡོང་དུས་ཤེས་རབ་གླེང་བ༌དང༌། །ལྕེ་རྩེར་བྱམས་བརྩེ་ལྡན་པའི་བསླབ་བྱ༌ཡོད།། \v 27 ཁོ་མོས་ནང་ལས་ཀུན་ལ་ཞིབ་ཏུ༌ལྟ། ། སྙོམ་ལས་ཅན་གྱི་བག་ལེབ་ཟ་བ༌མིན།། \v 28 ཁོ་མོའི་བུ་ཕྲུག་ཐམས་ཅད་ཡར་ལངས༌ནས། །ཁོ་མོ་བདེ་འོ་ཞེས་སུ་བརྗོད་པ༌དང༌། །ཁོ་མོའི་ཁྱོ་གས་ཁོ་མོར་འདི་ལྟར༌བསྟོད།། \v 29 བཟང་མོ་འཇོན་ཐང་ཅན་ནི་ཤིན་ཏུ༌མང༌། །ཁྱོད་ནི་ཀུན་ལས་ཁྱད་དུ་འཕགས་པ༌འོ།། \v 30 མཚར་སྡུག་བསླུ་བའི་རྒྱུ་ཡིན༌ཞིང༌། །འཇོ་སྒེག་རླངས་པ་ནང་བཞིན༌ཡིན། །ཡ་ཝཱེ་ལ་ནི་འཇིགས་པ༌ཡི། །བུད་མེད་དེ་ལ་བསྟོད་བསྔགས༌འཐོབ།། \v 31 ཁོ་མོར་རང་གི་ལག་པ༌ཡི། །འབྲས་བུ་ལོངས་སུ་སྤྱོད་པར༌གྱིས། །ཁོ་མོའི་ལས་ཀས་རང་ཉིད༌ལ། །མཁར་སྒོར་བསྟོད་བསྔགས་འཐོབ་གྱུར༌ཅིག།། །།