\id NEH – NTB \h ནེ་ཧེམ་ཡཱ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \mt1 ༄༅། །ནེ་ཧེམ་ཡཱའི་མདོ། \imt1 ནེ་ཧེམ་ཡཱའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi ཨེས་སི་རཱའི་ངོ་སྤྲོད་ལ་གཟིགས་རོགས། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ཨེས་སི་རཱའི་ངོ་སྤྲོད་ལ་གཟིགས་རོགས། ནེ་ཧེམ་ཡཱའི་གཞུང་འདི་བྱུང་བའི་ལོ་ཚིགས་ནི་སྤྱི་ལོ་སྔོན་གྱི་430ལོའི་ཡས་མས་ཡིན། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi ནེ་ཧེམ་ཡཱའི་གཞུང་འདི་ནི་པཱ་པེལ་ལོན་ལ་བཙོན་དུ་ཁྲིད་པའི་ཡ་ཧུ་དཱ་མི་རིགས་ཕྱིར་ལོག་པའི་ལོ་རྒྱུས་གཞིར་བཞག་ནས་རྒྱུན་བསྲིངས་པ་རེད། སྤྱི་ལོ་སྔོན་གྱི་445ལོར་ནེ་ཧེམ་ཡཱ་ཁོང་ཉིད་ཡེ་རུ་སཱ་ལེམ་དུ་ཕེབས་པ་དང་། གྲོང་ཁྱེར་དེའི་མཁར་ཡང་བསྐྱར་བཞེང་མཁན་རྣམས་ལ་འགོ་ཁྲིད་མཛད་ཅིང་། ཨེས་སི་རཱ་དང་མཉམ་དུ་མི་རྣམས་ལ་དབུ་ཁྲིད་ཀྱང་མཛད་པ་རེད། ནེ་ཧེམ་ཡཱ་ཡིས་སྨོན་ལམ་འདེབས་པ་གལ་ཆེན་ཡིན་པར་བརྩིས་པས་གཞུང་འདིའི་ནང་དུ་བརྗོད་གཞི་དེ་ཡང་དང་བསྐྱར་དུ་བྱུང་ཡོད། \is1 འཆར་ཟིན། \ipi 1. ནེ་ཧེམ་ཡཱས་གྲོང་ཁྱེར་གྱི་མཁར་ཡང་བསྐྱར་བཞེངས་པའི་སྐོར། ༼1:1-7:3༽ \ipi 2. ཨེས་སི་རཱའི་མངའ་འོག་གི་འགྱུར་བ། ༼7:4-10:39༽ \ipi 3. ནེ་ཧེམ་ཡཱའི་འཆར་བཀོད་ཀྱི་སྐོར། ༼11:1-13:31༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ནེ་ཧེམ་ཡཱ་ཡིས་ཡེ་རུ་སཱ་ལེམ་གྱི་ཆེད་དུ་གསོལ་བ་བཏབ་པ། \p \v 1 ཧ་ཁལ་ཡཱའི་བུ་ནེ་ཧེམ་ཡཱ་ཡི་སྐད་ཆ་ནི་གཤམ་གསལ་ལྟར། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པའི་ཁིས་ལེབ་ཅེས་པའི་ཟླ་བར། ང་རང་སོའུ་སཱན་གྱི་མཁར་རྫོང་དུ་ཡོད་དུས་འདི་ལྟར་བྱུང་། \v 2 དེ་ཡང་མི་འགའ་ཞིག་ངའི་སྤུན་ཧ་ནཱ་ནེ་དང་མཉམ་དུ་ཡ་ཧུ་དཱ་ཡུལ་ནས་འོངས་པ་དང་། བདག་གིས་དེ་རྣམས་ལ་བཙོན་ལས་ཐར་ཏེ་ད་ལྟ་ད་དུང་གསོན་པོར་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཀྱི་སྐོར་དང་། ཡེ་རུ་སཱ་ལེམ་གྱི་གནས་ཚུལ་ཇི་འདྲ་ཡིན་པར་དྲིས། \v 3 དེ་རྣམས་ཀྱིས་ང་ལ། བཙོན་ལས་ཐར་ཏེ་ཤུལ་དུ་ལུས་པ་རྣམས་ཀྱིས་ཡུལ་དེར་སྡུག་བསྔལ་ཆེན་པོ་དང་བརྙས་བཅོས་མྱོང་གིན་ཡོད་པར་མ་ཟད། ཡེ་རུ་སཱ་ལེམ་གྱི་མཁར་གྱང་བཤིགས་པ་དང་། དེའི་མཁར་སྒོ་རྣམས་མེས་བསྲེགས་འདུག་གོ་ཞེས་ཟེར། \v 4 ངས་གཏམ་དེ་ཐོས་རྗེས་ས་རུ་བསྡད་དེ་ངུས་ནས་ཉིན་ཞག་ཁ་ཤས་ལ་མྱ་ངན་བྱས་ཤིང་། ནམ་མཁའི་དཀོན་མཆོག་གི་དྲུང་དུ་སྨྱུང་གནས་དང་བཅས་གསོལ་བ་བཏབ་པ་སྟེ། \v 5 ཀྱེ། ནམ་མཁའི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ནི་གུས་ཤིང་འཇིགས་འོས་པའི་དཀོན་མཆོག་ལགས། ཁྱེད་ལ་དགའ་ཞིང་ཁྱེད་ཀྱི་བཀའ་སྲུང་མཁན་རྣམས་ལ་ཞལ་ཆད་བཞིན་དུ་བྱམས་པ་གནང་མཁན་དེ་ལགས། \v 6 ཁྱེད་ཀྱིས་སྤྱན་ཟུང་ཕྱེ་སྟེ་གཟིགས་རོགས། ཁྱེད་ཀྱི་སྙན་གྱིས་གསན་རོགས། ཁྱེད་ཀྱི་ཞབས་ཕྱི་བདག་གིས་ཉིན་མཚན་མེད་པར་ཁྱེད་ཀྱི་ཞབས་ཕྱི་སྟེ་ཡེས་ར་ཨེལ་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་འདི་ལྟར་ཞུ། ངེད་ཡེས་ར་ཨེལ་པ་རྣམས་ཀྱིས་ཁྱེད་ལ་འགལ་བའི་སྡིག་པ་བྱས་པ་ཁས་ལེན་ཞིང་། ང་དང་ངའི་ཕ་ཁྱིམ་ཀུན་གྱིས་སྡིག་པ་བྱས་པའང་ཁས་བླངས་པ་ཡིན། \v 7 ངེད་ཅག་གིས་ཁྱེད་ལ་ཧ་ཅང་ངན་པའི་ལས་བྱས་པ་དང་། ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་དང་སྒྲིག་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་དོ་སྣང་མ་བྱས་པ་ལ་མཐོལ་ལོ་བཤགས་སོ། ། \v 8 ཁྱེད་ཀྱིས་ཉིད་ཀྱི་ཞབས་ཕྱི་མོ་ཤེ་ལ་གསུངས་པའི་བཀའ་ནི་འདི་ལྟ་སྟེ། གལ་ཏེ་ཁྱོད་རྣམས་ཀྱིས་སྡིག་པའི་ལས་བྱེད་ན། ངས་ཁྱོད་རྣམས་མི་རིགས་རྣམས་ཀྱི་ཁྲོད་དུ་གཏོར་བར་བྱ། \v 9 ཡིན་ཡང་གལ་ཏེ་ཁྱོད་རྣམས་ངའི་ཕྱོགས་སུ་ཕྱིར་ལོག་སྟེ་ངའི་བཀའ་ཁྲིམས་རྣམས་བསྲུང་བར་བྱེད་ན། ཁ་ཐོར་དུ་ཕྱིན་པའི་མི་རྣམས་རྒྱང་རིང་དུ་ཡོད་ཀྱང་། བདག་གིས་ངེས་པར་དུ་ཁོ་རྣམས་མཉམ་དུ་བསྡུས་ཏེ། བདག་གིས་རང་གི་མཚན་གྱི་བཞུགས་གནས་སུ་བདམས་པའི་གནས་དེར་འཁྲིད་པར་བྱའོ་གསུངས་པ་ཐུགས་སུ་དྲན་པར་མཛོད། \v 10 ཁོ་རྣམས་ནི་ཁྱེད་ཉིད་ཀྱི་ནུས་མཐུ་ཆེན་པོ་དང་ཕྱག་སྟོབས་ཆེན་པོས་སྐྱོབ་པར་མཛད་པའི་ཁྱེད་ཀྱི་ཞབས་ཕྱི་དང་འབངས་མི་ཡིན། \v 11 ཀྱེ། གཙོ་བོ་ལགས། ཁྱེད་ཀྱི་སྙན་གྱིས་ཞབས་ཕྱི་བདག་གི་སྨོན་ལམ་འདིར་གསན་རོགས་ཞུ། ཁྱེད་ཀྱི་མཚན་ལ་གུས་ཤིང་འཇིགས་པའི་ཞབས་ཕྱི་གཞན་དག་གི་སྨོན་ལམ་ལའང་གསན་རོགས་གནང་། ད་ལྟ་ཁྱེད་ཀྱིས་ཞབས་ཕྱི་བདག་གི་ལས་དོན་རྣམས་བདེ་བླག་ངང་འགྲུབ་པར་མཛོད། རྒྱལ་པོའི་མདུན་དུ་ང་ལ་ཐུགས་རྗེ་གནང་བར་མཛོད་ཅེས་གསོལ་ཏོ། །ང་ནི་རྒྱལ་པོའི་ཆང་གཉེར་བློན་ཆེན་ཡིན་ནོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ནེ་ཧེམ་ཡཱ་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་པ། \p \v 1 དེ་ནས། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པའི་ནེ་སཱན་ཞེས་པའི་ཟླ་བར་རྒུན་ཆང་རྒྱལ་པོའི་མདུན་དུ་ཡོད་པ་དང་། ངས་ཆང་དེ་བླངས་ནས་རྒྱལ་པོར་ཕུལ་ཏོ། །སྔོན་ཆད་ངས་རྒྱལ་པོའི་དྲུང་ནས་སྐྱོ་བའི་རྣམ་འགྱུར་བསྟན་མྱོང་མེད། \v 2 རྒྱལ་པོས་ང་ལ། ཁྱོད་ལ་ནད་གང་ཡང་མེད་པས་ཁྱོད་ཀྱི་ངོ་གདོང་སྐྱོ་བོར་མཐོང་བ་དེ་ཅི་ཡིན། དེ་ནི་གཞན་གང་ཡང་མིན་ཏེ་སེམས་སྡུག་ཡིན་ནོ་ཞེས་གསུངས་པས། ང་ཤིན་ཏུ་འཇིགས་སྐྲག་སྐྱེས་སོ། ། \v 3 ངས་རྒྱལ་པོར་འདི་ལྟར། རྒྱལ་པོ་སྐུ་ཚེ་བརྟན་པར་ཤོག ངའི་ཡབ་མེས་ཀྱི་དུར་ས་ཡོད་པའི་གྲོང་ཁྱེར་དེ་སྟོང་བར་ལུས་ནས། དེའི་མཁར་སྒོ་རྣམས་མེས་བསྲེགས་འདུག་པས། ངའི་གདོང་ལ་སྡུག་ཉམས་མི་འབྱུང་ངམ་ཞེས་ཞུས། \v 4 རྒྱལ་པོས་ང་ལ། ཁྱོད་ལ་རེ་བ་ཅི་ཞིག་ཡོད་ཅེས་གསུངས་པས། ངས་ནམ་མཁའི་དཀོན་མཆོག་ལ་གསོལ་བ་བཏབ་ནས་རྒྱལ་པོ་ལ། \v 5 གལ་ཏེ་རྒྱལ་པོའི་ཐུགས་ལ་འབབ་ཅིང་། ཞབས་ཕྱི་བདག་ལ་ཐུགས་རྗེས་གཟིགས་པ་ཡིན་ན། ཕྲན་ཡ་ཧུ་དཱ་ཡུལ་ཏེ་ངའི་ཡབ་མེས་ཀྱི་དུར་ས་ཡོད་སའི་གྲོང་ཁྱེར་དེ་རུ་མངགས་ནས་བསྐྱར་བཞེངས་གནང་བར་མཛོད་ཅིག་ཅེས་ཞུས་པ་དང་། \v 6 སྐབས་དེར། རྒྱལ་མོའང་ཁོའི་འགྲམ་དུ་བཞུགས་ཡོད་དེ། རྒྱལ་པོས་ང་ལ། ཁྱོད་སོང་ན་ག་ཚོད་འགོར་རམ། ནམ་ཞིག་ཕྱིར་ལོག་འོང་ངམ་ཞེས་དྲིས་བྱུང་། རྒྱལ་པོ་ང་མངག་རྒྱུར་ཐུགས་འཐད་བྱུང་ཞིང་། ངས་རྒྱལ་པོར་ཟླ་ཚེས་གཏན་ཁེལ་བྱས་སོ། ། \v 7 ཡང་ངས་རྒྱལ་པོ་ལ། རྒྱལ་པོ་ཐུགས་མཉེས་ན། རྒྱལ་པོས་བཀའ་ཡིག་བསྩལ་ཏེ་གཙང་པོའི་ཕ་རོལ་གྱི་འགོ་དཔོན་རྣམས་ལ་ང་ཡ་ཧུ་དཱའི་བར་དུ་གཏོང་བའི་ཕྱིར་བརྡ་རྒྱག་རོགས། \v 8 ཡང་བཀའ་ཡིག་བསྩལ་ཏེ། རྒྱལ་པོའི་ནགས་སྲུང་ཨ་སབ་ལ་བརྡ་བརྒྱབ་ནས། མཆོད་ཁང་མཁར་རྫོང་གི་སྒོ་རྣམས་དང་གྲོང་ཁྱེར་གྱི་མཁར་གྱང་དང་། ང་སྡོད་སའི་ཁང་པའི་འཕྲེད་གདུང་བཅས་ཀྱི་ཆེད་དུ་ང་ལ་ཤིང་སྡོང་གནང་བར་མཛོད་ཅེས་ཞུས་པར། དཀོན་མཆོག་གི་ཕྱག་ཐུགས་རྗེ་ཅན་གྱིས་ང་ལ་རོགས་སྐྱོར་མཛད་དེ་རྒྱལ་པོས་དེ་བཞིན་དུ་གནང་བྱུང་། \v 9 རྒྱལ་པོས་དམག་དཔོན་དང་རྟ་དམག་མངགས་ནས་ང་རང་བསྐྱལ་བ་དང་། དེ་ནས་ང་གཙང་པོའི་ཕ་རོལ་གྱི་འགོ་དཔོན་རྣམས་ཀྱི་རྩར་སླེབས་ནས། རྒྱལ་པོའི་བཀའ་ཡིག་རྣམས་སྤྲད་པ་ཡིན་ནོ། ། \v 10 ཡང་ཧོ་རོན་པ་སན་པཱ་ལད་དང་ཨམ་མོན་པ་ཏོ་བི་ཡཱ་ཞེས་པའི་འཁོར་གཡོག་གིས། མི་ཞིག་ཡེས་ར་ཨེལ་པ་རྣམས་ཀྱི་ཁེ་ཕན་རྩོད་དུ་སླེབས་བྱུང་བ་ཐོས་པའི་ཚེ་ཤིན་ཏུ་མི་དགའ་བར་གྱུར་ཏོ། ། \p \v 11 དེ་ནས་ང་ཡེ་རུ་སཱ་ལེམ་དུ་འོངས་ནས་ཉིན་གསུམ་ལ་བསྡད་པ་དང་། \v 12 ང་དང་ངའི་མཉམ་དུ་ཡོད་པའི་མི་འགའ་ཞིག་མཚན་མོར་ཡར་ལངས། ཡིན་ནའང་དཀོན་མཆོག་གིས་ང་ལ་སེམས་འགུལ་ཐེབས་པར་མཛད་ནས། ཡེ་རུ་སཱ་ལེམ་གྱི་ཕྱིར་བསྒྲུབ་རྒྱུ་ཡིན་པའི་ལས་དེ་ནི་མི་སུ་ལ་ཡང་མ་བཤད། བདག་གི་ཞོན་པ་མ་གཏོགས་སྒོ་ཕྱུགས་གཞན་གང་ཡང་ང་དང་མཉམ་དུ་མེད་དོ། ། \v 13 མཚན་མོ་དེར་ང་རང་ལུང་སྒོ་ནས་བུད་དེ་འབྲུག་གི་ཆུ་མིག་ཕྱོགས་སུ་ཕྱིན་ཏེ། ལྕི་བའི་སྒོ་ནས་ཐོན་ཞིང་། ཡེ་རུ་སཱ་ལེམ་གྱི་ཞིག་རལ་དུ་གྱུར་པའི་མཁར་གྱང་དང་མེས་བསྲེགས་པའི་མཁར་སྒོ་ལ་བལྟས། \v 14 དེ་ནས་ང་རང་ཆུ་མིག་གི་སྒོ་ཡོད་སར་ཕྱིན་པ་དང་། ཡང་རྒྱལ་པོའི་རྫིང་བུ་ལ་སླེབས་པ་ན། དེར་ང་རང་ཞོན་པའི་སྒོ་ཕྱུགས་ལ་ཕར་འགྲོ་བའི་ལམ་མེད་དོ། ། \v 15 དེའི་ཕྱིར་མཚན་མོར་མུ་མཐུད་དུ་ཆུ་ཕྲན་དེད་ནས་ཡར་ཕྱིན་ཏེ། མཁར་གྱང་ལ་བལྟས་ཤིང་ཡང་ཁ་ཕྱིར་འཁོར་ཏེ་ལུང་སྒོར་ཞུགས་ནས་འོངས་སོ། ། \v 16 ང་རང་གང་དུ་སོང་བ་དང་དོན་ཅི་བསྒྲུབས་པ་ནི་དཔོན་ཆེན་དག་གིས་ཀྱང་མི་ཤེས་སོ། །ངས་ཀྱང་ཡ་ཧུ་དཱ་པ་དང་། མཆོད་དཔོན། སྐུ་དྲག་རྣམས། དཔོན་ཆེན། གཞན་ལས་བཟོ་པ་སུ་ལའང་དེ་མ་བཤད་དོ། ། \v 17 ཕྱིས་སུ་ངས་དེ་རྣམས་ལ་ངེད་ཅག་ལ་ཕོག་པའི་སྡུག་བསྔལ་དང་། ཡེ་རུ་སཱ་ལེམ་ཇི་ལྟར་སྟོང་བར་ལུས་པ་དང་། མཁར་སྒོ་མེས་བསྲེགས་ནས་ཡོད་པ་ཁྱོད་ཚོས་ཀྱང་མཐོང་ངོ་། །ཤོག་དང་། ཡང་བསྐྱར་བརྙས་བཅོས་མི་འཕོག་པའི་ཆེད་དུ། ཡེ་རུ་སཱ་ལེམ་གྱི་མཁར་གྱང་བརྩིག་པར་བྱ་ཞེས་སྨྲས་སོ། ། \v 18 དཀོན་མཆོག་གི་ཕྱག་ཐུགས་རྗེ་ཅན་གྱིས་ཇི་ལྟར་ང་ལ་རོགས་སྐྱོར་མཛད་དེ་རྒྱལ་པོས་ང་ལ་སྨྲས་པ་ཐམས་ཅད་དེ་རྣམས་ལ་བཤད་པས། དེ་ཚོ་ན་རེ། ངེད་རྣམས་ཡར་ལངས་ནས་བརྩིག་པར་བྱའོ་ཟེར་ནས། དེ་དག་གིས་དཔའ་ངར་ཆེར་བསྐྱེད་དེ་ལས་བཟང་པོ་འདི་སྒྲུབ་འགོ་བརྩམས། \v 19 འོན་ཀྱང་ཧོ་རོན་པ་སན་པཱ་ལད་དང་། ཨམ་མོན་པ་སྟེ་འཁོར་གཡོག་ཏོ་བི་ཡཱ་དང་། ཨ་རབ་པ་གེ་ཤེམ་བཅས་ཀྱིས་གཏམ་འདི་ཐོས་ཚེ། ངེད་རྣམས་ལ་ཁྲེལ་དགོད་བྱས་ཏེ་བརྙས་པར་བྱེད་ཅིང་འདི་ལྟར། ཁྱོད་རྣམས་ཀྱིས་སྒྲུབ་པ་འདི་ཅི་ཞིག་ཡིན་ནམ། རྒྱལ་པོར་ངོ་ལོག་བྱའམ་ཞེས་སྨྲས་པ་དང་། \v 20 ངས་དེ་དག་གི་ལན་དུ། ནམ་མཁའི་དཀོན་མཆོག་གིས་ངེད་ཀྱི་ལས་དོན་བསྒྲུབ་པར་འགྱུར་བས་ན། ཁོང་གི་ཞབས་ཕྱི་ངེད་རྣམས་ཡར་ལངས་ནས་བརྩིག་པར་བྱའོ། །འོན་ཀྱང་ཁྱོད་རྣམས་ལ་ཡེ་རུ་སཱ་ལེམ་དུ་བགོ་སྐལ་དང་། ཐོབ་ཐང་དང་། དྲན་རྟེན་གང་ཡང་མེད་དོ་ཞེས་སྨྲས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ཡེ་རུ་སཱ་ལེམ་གྱི་མཁར་གྱང་ཉམས་གསོ་བྱས་པ། \p \v 1 དེ་ནས་མཆོད་དཔོན་ཆེན་པོ་ཨེལ་ཡཱ་ཤིབ་དང་རང་གི་སྤུན་མཆོད་དཔོན་རྣམས་ཡར་ལངས་ནས་ལུག་སྒོ་བརྩིགས་ཏེ་དམ་པར་བྱས་ཤིང་སྒོ་བཙུགས་ནས་ཧམ་མེ་ཨའི་མཁར་སྒོ་བར་དུ་དམ་པར་བྱས་པ་དང་། དེ་དག་གིས་ཡང་ཧ་ནན་ཨེལ་གྱི་མཁར་བར་དུ་དམ་པར་བྱས་སོ། ། \v 2 དེ་ཡི་ཉེ་འགྲམ་དུ་ཡེ་རུ་ཀོ་པས་བརྩིགས། དེའི་ཉེ་འགྲམ་དུ་ཨིམ་རིའི་བུ་ཟག་ཀུར་གྱིས་བརྩིགས་སོ། ། \v 3 ཧ་སེ་ན་ཨའི་བུ་རྒྱུད་རྣམས་ཀྱིས་ཉ་སྒོ་བརྩིགས་པ་དང་། དེའི་གདུང་མ་རྣམས་བཀྲམས་ཏེ་སྒོ་བཙུགས་ནས་སྒོ་གཏན་དང་ཟྭ་རྣམས་ཀྱང་བཟོས་སོ། ། \v 4 དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཧག་ཀོས་ཀྱི་ཚ་བོའམ་ཨུ་རི་ཡཱའི་བུ་མེ་རེ་མོད་དང་། དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་མེ་ཤེ་ཟ་བེ་ཨེལ་གྱི་ཚ་བོའམ་པེ་རེག་ཡཱའི་བུ་མཱེ་ཤུལ་ལིམ་དང་། དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་པ་ཨ་ནཱའི་བུ་ཟཱ་ཏོག་ཡིན་ནོ། ། \v 5 དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཐེ་ཀོ་ཨ་པ་ཡིན། འོན་ཀྱང་དེ་དག་གི་སྐུ་དྲག་རྣམས་ཀྱིས་རང་གི་གཙོ་བོའི་ལས་ཕྲག་ལ་མ་འཁུར་ཏོ། ། \v 6 ཕཱ་སེ་ཨའི་བུ་ཡོ་ཡ་དཱ་དང་། པེ་སོད་ཡཱའི་བུ་མཱེ་ཤུལ་ལིམ་གཉིས་ཀྱིས་སྒོ་རྙིང་དེ་ཉམས་གསོ་མཛད་དེ། དེའི་གདུང་མ་བཀྲམས་ནས་སྒོ་བཙུགས། ཟྭ་དང་སྒོ་གཏན་བཟོས་སོ། ། \v 7 ཡང་དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་གིབ་ཡོན་པ་མེ་ལད་ཡཱ་དང་། མེ་རོ་ནོད་པ་ཡ་དོན་དང་། གིབ་ཡོན་པ་དང་གཙང་པོའི་ཚུ་རོལ་གྱི་སྤྱི་དཔོན་མངའ་འོག་གི་མཱས་ཟི་ཕཱ་པ་བཅས་སོ། ། \v 8 དེའི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཧར་ཧ་ཡའི་བུ་དངུལ་མགར་ཨུ་ཟི་ཨེལ་དང་། ཡང་དེའི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་སྤོས་བཟོ་མཁན་ཧ་ནན་ཡཱ་ཡིན་ལ། ཡེ་རུ་སཱ་ལེམ་གྱི་མཁར་གྱང་ཞེང་ཆེན་བྱ་བའི་བར་དུ་ཉམས་གསོ་མཛད་དོ། ། \v 9 དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཕྱེད་ཀར་བདག་འཛིན་བྱེད་མཁན་ཏེ་ཧུར་གྱི་བུ་རེ་ཕ་ཡཱ་དང་། \v 10 དེ་དག་གི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཧ་རུ་མབ་ཀྱི་བུ་ཡེ་དཱ་ཡ་ཡིན་ལ། རང་གི་ཁང་པའི་ཁ་གཏད་དུ་ཉམས་གསོ་མཛད་དོ། །དེའི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཧ་ཤབ་ནེ་ཡཱའི་བུ་ཧད་ཏུས་ཡིན། \v 11 ཧ་རིམ་གྱི་བུ་མལ་ཀི་ཡཱ་དང་། ཕཱ་ཧད་མོ་ཨབ་ཀྱི་བུ་ཧ་ཤུབ་གཉིས་ཀྱིས་ཁག་རྗེས་མ་དང་ཐབ་ཚང་ཉམས་གསོ་མཛད་དོ། ། \v 12 དེའི་ཉེ་འགྲམ་དུ་ཉམས་གསོ་མཛད་མཁན་ནི་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཕྱེད་ཀའི་བདག་གཉེར་པ་ཧ་ལོ་ཧེས་ཀྱི་བུ་ཤལ་ལུམ་དང་ཁོའི་བུ་མོ་རྣམས་ཡིན་ནོ། ། \v 13 ཧ་ནུན་དང་ཟཱ་ནོ་ཨ་པ་རྣམས་ཀྱིས་ལུང་སྒོ་ཉམས་གསོ་མཛད་ནས། སྒོ་བཙུགས་ཏེ་སྒོ་གཏན་དང་སྒོ་ཟྭ་རྣམས་བཟོས་པ་དང་། ཡང་མཁར་གྱང་ཁྲུ་ཆིག་སྟོང་ཙམ་ལྕི་བའི་སྒོ་བར་དུ་བརྡུངས་སོ། ། \v 14 པེད་ཧག་ཀེ་རེམ་ཡུལ་གྱི་བདག་གཉེར་པ་སྟེ། རེ་ཁབ་ཀྱི་བུ་མལ་ཀི་ཡཱས་ལྕི་བའི་སྒོ་ཉམས་གསོ་མཛད་ཅིང་། ཁོས་སྒོ་བཙུགས་ཏེ་སྒོ་གཏན་དང་ཟྭ་རྣམས་བཟོས་སོ། ། \v 15 མཱས་ཟི་ཕཱ་ཡུལ་གྱི་བདག་གཉེར་པ་སྟེ། ཀོལ་ཧོ་ཟེའི་བུ་ཤལ་ལུན་གྱིས་ཆུ་མིག་གི་སྒོ་ཉམས་གསོ་མཛད་ནས། ཁོས་སྒོ་བཙུགས་ཏེ་སྒོ་ཁང་ཕུབས་ཤིང་། སྒོ་གཏན་དང་ཟྭ་རྣམས་བཟོས་སོ། །དེར་མ་ཟད་རྒྱལ་པོའི་སྐྱེད་ཚལ་ཉེ་འགྲམ་གྱི་ཤི་ལོ་ཨའི་རྫིང་བུའི་མཁར་གྱང་དང་། དཱ་བིད་གྲོང་ནས་མར་འབབ་སའི་ཐེམ་པའི་བར་དུ་བརྩིགས་སོ། ། \v 16 དེ་དང་མུ་མཐུད་དུ་པེད་ཚུར་ཡུལ་ཕྱེད་ཀའི་བདག་གཉེར་པ་སྟེ། ཨས་བུག་གི་བུ་ནེ་ཧེམ་ཡཱས་ནི་དཱ་བིད་ཀྱི་དུར་སའི་ཁ་གཏད་དང་། མིས་བཟོས་རྫིང་བུ་དང་དཔའ་བོའི་དམག་སྒར་བར་དུ་ཉམས་གསོ་མཛད་དོ། ། \s1 མཁར་གྱང་རྩིག་པའི་ལེ་ཝི་པ་རྣམས། \p \v 17 དེ་དང་མུ་མཐུད་དུ་ཉམས་གསོ་མཛད་མཁན་ནི་ལེ་ཝི་པ་པཱ་ནིའི་བུ་རེ་ཧུམ་དང་། ཁོའི་ཉེ་འགྲམ་དུ་ཀེ་ཨི་ལཱའི་ཡུལ་ཕྱེད་ཀའི་བདག་གཉེར་པ་སྟེ་ཧ་ཤབ་ཡཱ་ཡིས་ཡུལ་དེའི་ཆེད་དུ་ཉམས་གསོ་མཛད། \v 18 དེ་དང་མུ་མཐུད་དུ་ཉམས་གསོ་མཛད་མཁན་ནི་དེ་དག་གི་སྤུན་རྣམས་ལས། ཀེ་ཨི་ལཱའི་ཡུལ་གཞན་ཕྱེད་ཀའི་བདག་གཉེར་པ་སྟེ་ཧེ་ན་དད་ཀྱི་བུ་པུ་ཝ་ཨིས་ཉམས་གསོ་མཛད། \v 19 ཁོའི་ཉེ་འགྲམ་དུ་མཱས་ཟི་ཕཱ་ཡི་བདག་གཉེར་པ་སྟེ། ཡེ་ཤུ་ཨའི་བུ་ཨེ་ཟེར་གྱིས་ཡར་མཚོན་ཆའི་ཁང་པར་འགྲོ་སའི་ཁ་གཏད་ཀྱི་མཁར་གྱང་ཁག་རྗེས་མ་དེ་དཀྱོགས་མཚམས་བར་དུ་ཉམས་གསོ་མཛད། \v 20 དེ་དང་མུ་མཐུད་དུ་ཟབ་བ་ཨིའི་བུ་པཱ་རུག་གིས་སྙིང་རུས་བསྐྱེད་དེ་ཁག་རྗེས་མ་ཉམས་གསོ་མཛད་དེ། དཀྱོགས་མཚམས་ནས་མཆོད་དཔོན་ཆེན་པོ་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་སྒོ་བར་དུ་ཉམས་གསོ་མཛད་དོ། ། \v 21 དེ་དང་མུ་མཐུད་དུ་ཧག་ཀོས་ཀྱི་བུ་ཨུ་རི་ཡཱའི་བུ་མེ་རེ་མོད་ཀྱིས་ཁག་རྗེས་མ་ཉམས་གསོ་མཛད། དེ་ནི་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་སྒོ་ནས་ཨེལ་ཡཱ་ཤིབ་ཀྱི་ཁང་པའི་མཇུག་བར་དུ་ཡིན་ནོ། ། \v 22 དེ་དང་མུ་མཐུད་དུ་ཉམས་གསོ་མཛད་མཁན་ནི་ཐང་དུ་གནས་པའི་མཆོད་དཔོན་རྣམས་ཡིན་ནོ། ། \s1 མཁར་གྱང་རྩིག་པའི་མཆོད་དཔོན་རྣམས། \p \v 23 དེ་དང་མུ་མཐུད་དུ་པེན་ཡཱ་མེན་དང་ཧ་ཤུབ་གཉིས་ཀྱིས་རང་གི་ཁང་པའི་ཁ་གཏད་ནས་ཉམས་གསོ་མཛད། དེ་ནས་ཨ་ནན་ཡཱའི་ཚ་བོའམ་མ་ཨ་སེ་ཡཱའི་བུ་ཨ་ཟར་ཡཱས་རང་ཁྱིམ་གྱི་ཉེ་འཁོར་ནས་ཉམས་གསོ་མཛད། \v 24 ཁོའི་རྗེས་ནས་ཧེ་ན་དད་ཀྱི་བུ་པིན་ནུ་ཨིས་ཁག་རྗེས་མ་ཉམས་གསོ་མཛད། དེ་ནི་ཨ་ཟར་ཡཱའི་ཁང་པའི་དཀྱོགས་མཚམས་བར་དང་། ཡང་གྲོང་ཁྱེར་གྱི་གྲུ་ཟུར་བར་དུ་ཉམས་གསོ་མཛད་དོ། ། \v 25 ཨུ་ཟཱ་ཨིའི་བུ་ཕཱ་ལལ་གྱིས་མཁར་གྱང་གི་དཀྱོགས་མཚམས་དང་རྒྱལ་པོའི་ཕོ་བྲང་གི་ཉེ་འགྲམ་གྱི་བཙོན་ཁང་གི་ར་སྐོར་དང་། རྒྱལ་པོའི་ཕོ་བྲང་སྟེང་གི་འབུར་དུ་ཐོན་པའི་མཁར་ཁང་བཅས་ཉམས་གསོ་མཛད། དེའི་རྗེས་སུ་ཕཱར་ཨོ་སིའི་བུ་ཕེ་ད་ཡཱ་ཡིན་པ་དང་། \v 26 མཆོད་གཡོག་རྣམས་ནི་ཨོ་ཕེལ་དུ་བསྡད་ཅིང་། ཤར་ཕྱོགས་སུ་ཆུ་སྒོའི་ཁ་གཏད་དང་འབུར་དུ་ཐོན་པའི་མཁར་ཁང་གི་བར་དུ་མཁར་གྱང་ཉམས་གསོ་མཛད། \v 27 དེ་དང་མུ་མཐུད་དུ་ཐེ་ཀོ་ཨ་པས་ཁག་རྗེས་མ་ཉམས་གསོ་མཛད་པ་སྟེ། འབུར་དུ་ཐོན་པའི་མཁར་ཁང་ཆེན་པོར་ཁ་གཏད་ནས་ཨོ་ཕེལ་གྱི་མཁར་གྱང་བར་དུ་ཉམས་གསོ་མཛད་དོ། ། \v 28 རྟ་སྒོ་ནས་ཡར་ལ་མཆོད་དཔོན་རྣམས་ཀྱིས་རང་ཉིད་ཀྱི་ཁང་པའི་མདུན་དུ་ཉམས་གསོ་མཛད་དོ། ། \v 29 དེ་དང་མུ་མཐུད་དུ་ཨིམ་མེར་གྱི་བུ་ཟཱ་ཏོག་གིས་རང་ཉིད་ཀྱི་ཁང་པའི་མདུན་དུ་ཉམས་གསོ་མཛད་པ་དང་། དེ་དང་མུ་མཐུད་དུ་ཉམས་གསོ་མཛད་མཁན་ནི་ཤར་སྒོ་སྲུང་མཁན་ཤེ་ཀན་ཡཱའི་བུ་ཤེ་མ་ཡཱ་ཡིན་ནོ། ། \v 30 ཁོའི་རྗེས་ནས་ཤེ་ལེམ་ཡཱའི་བུ་ཧ་ནན་ཡཱ་དང་ཙ་ལབ་ཀྱི་བུ་དྲུག་པ་ཧ་ནུན་གྱིས་ཁག་རྗེས་མ་ཉམས་གསོ་མཛད། དེའི་རྗེས་སུ་པེ་རེག་ཡཱའི་བུ་མཱེ་ཤུལ་ལིམ་གྱིས་རང་ཉིད་ཀྱི་ཁང་པའི་མདུན་ནས་ཉམས་གསོ་མཛད་དོ། ། \v 31 དེའི་རྗེས་ནས་དངུལ་མགར་མལ་ཀི་ཡཱས་ཉམས་གསོ་མཛད། མཆོད་ཁང་གི་མཆོད་གཡོག་དང་ཚོང་པའི་ཁང་པ་མིབ་ཀད་ཟེར་བའི་སྒོར་གཏད་དེ་གྲུ་ཟུར་གྱི་ཁང་པའི་བར་དུ་གཏུགས། \v 32 དངུལ་མགར་དང་ཚོང་པས་གྲུ་ཟུར་གྱི་ཁང་པ་དང་ལུག་སྒོ་བར་དུ་ཉམས་གསོ་མཛད་དོ། ། \c 4 \cl ལེའུ་བཞི་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ནེ་ཧེམ་ཡཱ་དགྲ་བོའི་བཀག་འགོག་ལས་རྒྱལ་བ། \p \v 1 དེ་ནས། ངེད་རྣམས་ཀྱིས་མཁར་གྱང་བརྩིགས་པ་སན་པཱ་ལད་ཀྱིས་ཐོས་པ་དང་ཁོང་ཁྲོ་ལངས་ཏེ། ཞེ་སྡང་རབ་ཏུ་ལངས་ནས་ཡ་ཧུ་དཱ་པ་རྣམས་ལ་ཁྲེལ་དགོད་བྱས་སོ། ། \v 2 ཁོས་རང་གི་སྤུན་དང་སཱ་མར་ཡའི་དམག་དཔུང་ལ་འདི་ལྟར། ཡ་ཧུ་དཱ་པ་ཉམ་ཐག་འདི་རྣམས་ཀྱིས་ཅི་བྱེད་དམ། རང་ཉིད་ཀྱི་ཆེད་དུ་ཡང་བསྐྱར་བརྩིག་གམ། སྦྱིན་སྲེག་འབུལ་ལམ། ཉིན་གཅིག་ཏུ་འགྲུབ་བམ། མེས་བསྲེགས་པའི་རྡོ་ཕུང་ཡང་བསྐྱར་བཀོལ་བར་འགྱུར་རམ་ཞེས་སྨྲས། \v 3 ཨམ་མོན་པ་ཏོ་བི་ཡཱ་ཁོའི་ཉེ་འགྲམ་དུ་བསྡད་དེ་འདི་ལྟར། དེ་དག་གིས་བརྩིགས་པའི་མཁར་རྡོའི་སྟེང་དུ་ཝ་མོ་ཞིག་འཛེག་ནའང་རྡོ་རྩིག་དེ་བཤིག་པར་འགྱུར་ཞེས་སྨྲས་སོ། ། \v 4 ཀྱེ། ངེད་ཀྱི་དཀོན་མཆོག་ལགས། ངེད་རྣམས་སྨད་པར་གྱུར་པས་གསན་དུ་གསོལ། དེ་དག་གི་འཕྱ་སྨོད་ནི་ཁོ་ཚོ་སོ་སོའི་མགོར་ཕོབ་ལ། བཙོན་དུ་ཁྲིད་པའི་གནས་ལ་འཇོམས་སུ་ཆུག \v 5 དེ་དག་གིས་ཉམས་གསོ་མཛད་མཁན་གྱི་མདུན་དུ་ཁྱེད་ཉིད་ཐུགས་ཁྲོ་བར་བྱས་པས། དེ་དག་གི་སྡིག་པ་མི་སྦེད་ཅིང་། ཁྱེད་ཀྱི་སྤྱན་སྔར་དེ་དག་གི་སྡིག་པ་མི་བསལ་བར་མཛོད། \v 6 དེ་ལྟར་ངེད་རྣམས་ཀྱིས་མཁར་གྱང་བརྩིགས་ཏེ་མཁར་གྱང་ཐམས་ཅད་མཐུད་ནས་མཐོ་ཚད་ཕྱེད་ཀར་སླེབས་སོ། །དེ་ནི་འབངས་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་ལས་པའི་ཕྱིར་རོ། ། \v 7 སན་པཱ་ལད་དང་། ཏོ་བི་ཡཱ་དང་། ཨ་རབ་པ་དང་། ཨམ་མོན་པ་དང་། ཨ་སི་དོད་པ་བཅས་ཀྱིས་ཡེ་རུ་སཱ་ལེམ་གྱི་མཁར་གྱང་ཉམས་གསོ་བྱེད་པ་དང་། ཉམས་རྒུད་དུ་སོང་བའི་གནས་དེ་རྣམས་ཞིག་གསོ་བྱེད་འགོ་བརྩམས་པ་ཐོས་ནས་ཤིན་ཏུ་ཁྲོས་ཤིང་། \v 8 ཐམས་ཅད་ཡེ་རུ་སཱ་ལེམ་ལ་འཐབ་ཏུ་འོངས་ནས་གྲོང་འདི་དཀྲུག་པར་ཁ་འཆམ་པ་ལ། \v 9 ངེད་རྣམས་ཀྱིས་རང་གི་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་། ཉིན་མཚན་མེད་པར་དེ་དག་གི་ཕྱིར་སོ་པ་བཞག་གོ ། \v 10 ཡང་ཡ་ཧུ་དཱ་པ་རྣམས་ཀྱིས་འདི་ལྟར། ཁལ་འཁུར་བའི་སྟོབས་ཤུགས་ཞན་ལ་རྡོ་རུལ་ནི་མང་བས་ངེད་རྣམས་ཀྱིས་མཁར་གྱང་བརྩིག་མི་ནུས་སོ་ཞེས་སྨྲས་ཤིང་། \v 11 ངེད་རྣམས་ཀྱི་དགྲ་བོས་འདི་ལྟར་སྨྲས་པ་སྟེ། དེ་དག་གིས་མི་ཤེས་པ་དང་མི་མཐོང་བའི་སྐབས་སུ་ངེད་རྣམས་དེ་དག་གི་དཀྱིལ་དུ་སོང་སྟེ། དེ་དག་བསད་ནས་ལས་ཀ་དེ་མཚམས་གཅོད་དོ་ཞེས་པའོ། ། \v 12 དགྲ་དང་ཉེ་བར་གནས་པའི་ཡ་ཧུ་དཱ་པ་རྣམས་ཐེངས་བཅུ་ལ་ངེད་ཅག་གི་རྩར་འོངས་ནས་འདི་ལྟར། ཁྱོད་རྣམས་ངེས་པར་དུ་ང་ཚོའི་རྩར་ཕྱིར་ཡོང་དགོས་ཞེས་སྨྲས་པར། \v 13 ངས་འབངས་མི་རྣམས་ནི་མཁར་གྱང་རྒྱབ་ཀྱི་གནས་དམའ་སར་རལ་གྲི་དང་། མདུང་དང་། མདའ་གཞུ་བཟུང་དུ་བཅུག་ནས་རང་རང་གི་རིགས་རྒྱུད་བཞིན་དུ་བཞག་པ་ཡིན། \v 14 ངས་ཞིབ་ལྟ་བྱས་ཏེ་ཡར་ལངས་ནས་སྐུ་དྲག་དང་འགོ་དཔོན། འབངས་མི་རྣམས་ལ་འདི་ལྟར། དེ་དག་ལ་མ་འཇིགས་ཤིག གཙོ་བོ་དཀོན་མཆོག་ནི་ཆེན་པོ་དང་འཇིགས་སུ་རུང་བ་ལགས་པ་དེ་སེམས་ལ་ཟུངས་ཤིག རང་གི་སྤུན་ཟླ་དང་། བུ་དང་བུ་མོ་དང་། ཆུང་མ་དང་ཁྱིམ་ཚང་གི་ཆེད་དུ་འཐབ་འཛིང་བྱོས་ཤིག་ཅེས་སྨྲས་པ་ཡིན། \v 15 དེ་ནས་དགྲ་བོས་ངེད་རྣམས་ཀྱིས་ཁོ་ཚོའི་བསམ་ཚུལ་ཤེས་ཟིན་པ་དང་། དཀོན་མཆོག་གིས་ཀྱང་ཁོ་ཚོའི་ངན་ཇུས་དེ་གཏོར་བ་ཐོས་ནས་འོང་མ་ཕོད་པས། ངེད་རྣམས་ཕྱིར་མཁར་གྱང་གི་ཕྱོགས་སུ་སོང་ནས་རང་ཉིད་ཀྱི་ལས་བསྒྲུབས་པའོ། ། \v 16 ཉིན་དེ་ནས་བཟུང་ངའི་གཡོག་པོ་ཕྱེད་ཀས་ལས་བྱེད་པ་དང་། ཕྱེད་ཀས་མདུང་དང་། མདའ་གཞུ་དང་། ཕུབ་བཅས་བཟུང་ཞིང་། གོ་ཁྲབ་གྱོན་ནས་བསྡད་དོ། །འགོ་དཔོན་རྣམས་ཡ་ཧུ་དཱའི་ཁྱིམ་རྒྱུད་ཡོངས་ཀྱི་རྒྱབ་སྐྱོར་དུ་ཡོད་པ་ཡིན། \v 17 ཡ་ཧུ་དཱ་པ་རྣམས་ཀྱིས་མཁར་གྱང་བརྩིགས་པ་དང་། ཁུར་པོ་འཁུར་མཁན་ཐམས་ཅད་ཀྱིས་ལག་པ་ཡ་གཅིག་གིས་ལས་ཀ་བྱས། ལག་པ་ཡ་གཅིག་གིས་མཚོན་ཆ་བཟུང་བ་ཡིན། \v 18 རྩིག་མཁན་ཐམས་ཅད་ཀྱིས་རལ་གྲི་རྐེད་པར་བཏགས་ཏེ་བརྩིགས་སོ། །རྭ་དུང་འབུད་མཁན་དེ་ངའི་རྩར་ཡོད་པ་ཡིན། \v 19 དེར་ངས་སྐུ་དྲག་དང་། འགོ་དཔོན་དང་། འབངས་མི་རྣམས་ལ་འདི་ལྟར། ལས་བཟོ་འདི་རྒྱ་ཆེ་བ་དང་། ངེད་ཅག་མཁར་གྱང་སྟེང་ནས་ཕན་ཚུན་བར་རྒྱང་ཐག་རིང་བས། \v 20 ཁྱོད་ཚོས་རྭ་དུང་གི་སྒྲ་ཐོས་མ་ཐག་ཏུ་ངེད་ཅག་གི་རྩར་འཛོམས་དགོས་ལ། བདག་ཅག་གི་དཀོན་མཆོག་གིས་ང་ཚོའི་དོན་དུ་འཐབ་འཛིང་བགྱིའོ་ཞེས་སྨྲས་པ་ཡིན། \v 21 འདི་ལྟར་དུ་ངེད་ཀྱིས་ལས་ཀ་བྱས་ཤིང་། མི་ཕྱེད་ཀས་མདུང་བཟུང་སྟེ་ནམ་ལངས་པ་ནས་སྐར་མ་ཤར་བའི་བར་དུ་བསྡད་དོ། ། \v 22 སྐབས་དེར་ངས་འབངས་མི་རྣམས་ལ་འདི་ལྟར། མཚན་མོར་ངེད་ཀྱི་མེལ་ཚེ་བྱེད་པ་དང་། ཉིན་མོར་ལས་ཀ་བྱེད་པའི་ཕྱིར། མི་རེ་རེ་ཁོའི་གཡོག་པོ་དང་བཅས་ཡེ་རུ་སཱ་ལེམ་དུ་ཞག་སྡོད་གྱིས་ཤིག་ཅེས་བསྒོས་སོ། ། \v 23 དེ་ལྟར་ང་རང་དང་ངའི་སྤུན་དང་གཡོག་པོ་དང་། ངའི་སྲུང་དམག་བཅས་ཀྱིས་རང་གི་གྱོན་པ་མ་ཕུད་པ་དང་། ཆུ་འཐུང་བའི་སྐབས་སུའང་རང་གི་མཚོན་ཆ་བཟུང་ཡོད་དོ། ། \c 5 \cl ལེའུ་ལྔ་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ནེ་ཧེམ་ཡཱས་འགོ་དཔོན་དག་གིས་བཤུ་གཞོག་བྱེད་པའི་དོན་དག་ཐག་གིས་བཅད་པ། \p \v 1 དེ་ནས་འབངས་མི་དང་དེ་དག་གི་ཆུང་མ་རྣམས་ཀྱིས་རང་གི་སྤུན་ཟླ་ཡ་ཧུ་དཱ་པ་རྣམས་ཀྱི་ཕྱིར་འོ་དོད་དྲག་པོ་བཏོན་ཏེ། \v 2 ལ་ལས་ནི་ངེད་ཅག་ལ་བུ་དང་བུ་མོ་མི་གྲངས་མང་པོ་ཡོད་པས། འབྲུ་རིགས་ཟོས་ན་ད་གཟོད་གསོན་པོར་གནས་ཐུབ་བོ་ཞེས་དང་། \v 3 ལ་ལས་མུ་གེའི་དུས་སུ་འབྲུ་རིགས་ཉོ་བའི་ཕྱིར་རང་གི་ས་ཞིང་དང་། རྒུན་འབྲུམ་ར་བ་དང་། ཁང་པ་རྣམས་གཏའ་མར་བཞག་པ་ཡིན་ཟེར། \v 4 ལ་ལས་ངེད་ཅག་གིས་དངུལ་བསྐྱིས་ཏེ་རྒྱལ་པོ་ལ་ས་ཞིང་དང་རྒུན་འབྲུམ་ར་བའི་དཔྱ་ཁྲལ་ཕུལ་བ་ཡིན། \v 5 ད་ལྟ་ངེད་ཅག་གི་ལུས་ཕུང་ནི་ངེད་ཅག་གི་སྤུན་ཟླའི་ལུས་ཕུང་དང་འདྲ་བ་ཡིན། ངེད་ཅག་གི་ཕྲུ་གུ་དེ་ཚོའི་ཕྲུ་གུ་དང་འདྲ་བ་ཡིན་མོད། ལྟོས་དང་། ངེད་ཀྱིས་རང་གི་བུ་དང་བུ་མོ་རྣམས་གཡོག་པོར་བཏང་སྟེ། ངེད་ཅག་གི་བུ་མོ་འགའ་ཞིག་གིས་ཕྲོགས་ཟིན་པ་དང་། ཡང་ངེད་ཅག་གི་ས་ཞིང་དང་རྒུན་འབྲུམ་ར་བ་མི་གཞན་ལ་དབང་བ་ཡིན་པས། ངེད་ཅག་ཅི་བྱ་གཏོལ་མེད་དུ་གྱུར་ཞེས་སྨྲས་སོ། ། \v 6 ངས་དེ་དག་གི་སྐད་ངན་དང་གཏམ་འདི་རྣམས་ཐོས་པ་ཙམ་གྱིས་ཤིན་ཏུ་ཁྲོས་པར་གྱུར། \v 7 དེ་ནས་ངས་སེམས་ཐག་བཅད་ནས་སྐུ་དྲག་དང་འགོ་དཔོན་རྣམས་ལ་འདི་ལྟར། ཁྱོད་ཅག་གིས་རང་གི་སྤུན་རྣམས་ལ་དངུལ་གཡར་ཏེ་ཁེ་ཕན་བླངས་པ་རེད་ཅེས་གཤེ་གཤེ་བཏང་བ་དང་། ངས་མི་ཚོགས་ཆེན་པོ་ཞིག་བསྡུས་ནས་དེ་དག་ལ་རྒོལ་ཏོ། ། \v 8 ངས་དེ་རྣམས་ལ་འདི་ལྟར། ངེད་ཅག་གིས་ནུས་པ་ཡོད་རྒུ་བཏོན་ནས་རང་གི་སྤུན་ཡ་ཧུ་དཱ་པ་སྟེ་ཕྱི་ཕྱོགས་པ་རྣམས་ལ་བཙོངས་པ་དག་ཕྱིར་བླུས་པ་དང་། ཁྱོད་ཅག་གིས་ད་དུང་སྤུན་རྣམས་བཙོངས་ནས་ངེད་ཅག་ལ་དེ་དག་ཕྱིར་ཉོ་རུ་འཇུག་པ་ཡིན་ནམ་ཞེས་སྨྲས་པ་ལ། དེ་རྣམས་ཁ་རོག་བསྡད་ཅིང་ལན་ཅི་ཡང་འདེབས་མ་ནུས་སོ། ། \v 9 ཡང་ངས་དེ་ཚོ་ལ། ཁྱོད་ཅག་གིས་བྱེད་པའི་ལས་འདི་ལེགས་པོ་མི་འདུག ང་ཚོའི་དགྲ་བོ་ཕྱི་ཕྱོགས་པ་རྣམས་ལས་ངེད་ཅག་ལ་འཕྱ་སྨོད་མི་འབྱུང་བའི་ཕྱིར། ཁྱོད་ཅག་གིས་ལས་བྱེད་དུས་ངེད་ཀྱི་དཀོན་མཆོག་ལ་གུས་ཤིང་འཇིགས་པར་མི་རུང་ངམ། \v 10 ང་དང་ངའི་སྤུན་དང་གཡོག་པོས་ཀྱང་དངུལ་སྒོར་དང་འབྲུ་རིགས་འབངས་མི་ལ་བསྐྱི་དགོས་པ་དང་། ཚང་མས་སྐྱེད་ཀ་འདོར་རུང་བ་ཡིན། \v 11 དེ་རིང་དེ་དག་གི་ས་ཞིང་དང་རྒུན་འབྲུམ་ར་བ་དང་། སྐྱུ་རུ་རའི་ཚལ་དང་ཁང་པ་དང་། ཁྱོད་ཅག་གིས་བླངས་པའི་དངུལ་བུན་དང་འབྲུ་རིགས་དང་རྒུན་ཆང་གསར་པ་དང་སྣུམ་གསར་པ་བཅས་ཀྱི་བརྒྱ་ཆ་གཅིག་གི་སྐྱེད་ཀ་ཕྱིར་སྤྲོད་དགོས་ཞེས་སྨྲས་པ་ལ། \v 12 སྐུ་དྲག་དང་འགོ་དཔོན་རྣམས་ཀྱིས་འདི་ལྟར། ངེད་ཅག་གིས་ཕྱིར་སྦྱིན་པར་བྱའོ། །ཁྱེད་ཀྱིས་སྨྲས་པ་བཞིན་དུ་བྱེད་ཅིང་དེ་རྣམས་ལས་ཅི་ཡང་མི་ལེན་ཞེས་སྨྲས་པས། ངས་མཆོད་དཔོན་རྣམས་བོས་ཏེ། སྐུ་དྲག་དང་འགོ་དཔོན་རྣམས་ཀྱིས་ཇི་ལྟར་སྨྲས་པ་བཞིན་བྱེད་པར་མནའ་བསྐྱལ་དུ་བཅུག་གོ ། \v 13 ངས་ཡང་རང་གི་བྲང་ཁུག་སྤྲུགས་ནས་འདི་ལྟར། ཁ་བཤད་དོན་ལ་མི་གནས་པ་སུ་ཡིན་ཡང་དཀོན་མཆོག་གིས་དེ་སྤྲུགས་ནས་རང་གི་ཁང་པ་དང་སྡུག་ལས་བརྒྱབ་ནས་ཐོབ་པ་དང་ཕྲལ་ཏེ་སྟོང་བར་གྱུར་ཅིག་ཅེས་སྨྲས་པས། མི་ཚོགས་ཐམས་ཅད་ཀྱིས་ཨ་མེན་ཞེས་བརྗོད་ནས། དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་པ་དང་འབངས་མི་རྣམས་ཀྱིས་ཞལ་དོན་དེ་བཞིན་དུ་བགྱིས་སོ། ། \s1 ནེ་ཧེམ་ཡཱའི་སྒེར་སེམས་མེད་པ་དེ་མིག་ལྟོས་སུ་གྱུར་པ། \p \v 14 དེ་ཡང་། ང་རང་ཡ་ཧུ་དཱ་ཡུལ་གྱི་འགོ་དཔོན་དུ་གྱུར་པའི་ཉིན་ཏེ། རྒྱལ་པོ་ཨར་ཐག་ཤཱ་ཐི་ཡིས་རྒྱལ་སྲིད་བསྐྱངས་པའི་ལོ་ཉི་ཤུ་པ་ནས་སུམ་ཅུ་སོ་གཉིས་བར་དུ། བསྡོམས་པས་ལོ་བཅུ་གཉིས་ཀྱི་རིང་དུ་ང་དང་ངའི་སྤུན་གྱིས་འགོ་དཔོན་གྱི་ཕོགས་ཐོབ་མ་བླངས། \v 15 ངའི་སྔོན་གྱི་འགོ་དཔོན་གྱིས་འབངས་ཀྱི་འཁུར་བོ་ཇེ་ལྕི་རུ་བཏང་ནས། ཡང་འབངས་ནས་འབྲུ་རིགས་དང་རྒུན་ཆང་དང་དངུལ་སྲང་བཞི་བཅུ་བླངས་པ་དང་། ཐ་ན་དེ་དག་གི་གཡོག་པོ་རྣམས་ཀྱིས་ཀྱང་འབངས་ལ་དབང་ཤེད་བྱས། ཡིན་ཡང་ང་རང་དཀོན་མཆོག་ལ་གུས་ཤིང་འཇིགས་པས་དེ་ལྟར་མ་བྱས། \v 16 ཡང་ངས་ཧུར་ཐག་གིས་མཁར་གྱང་ཉམས་གསོ་བྱས་ལ། ང་ཚོས་ས་ཞིང་མ་ཉོས་ཤིང་། ངའི་གཡོག་པོ་ཐམས་ཅད་ཀྱང་མཉམ་དུ་འཛོམས་ནས་མཁར་ལས་བྱས་སོ། ། \v 17 ཉེ་འཁོར་གྱི་ཕྱི་ཕྱོགས་པ་རྣམས་ལས་འོངས་པའི་མི་ལས་གཞན། ཡ་ཧུ་དཱ་པ་དང་འགོ་དཔོན་བརྒྱ་དང་ལྔ་བཅུ་ཡིས་ང་དང་མཉམ་དུ་ངའི་གསོལ་ལྕོག་གི་ཁར་ཁ་ཟས་སྤྱད་དོ། ། \v 18 ཉིན་རེར་གླང་རེ་དང་ལུག་ཚོན་པོ་དྲུག་རེ་གྲ་སྒྲིག་བྱས་ལ། བྱ་འགའ་ཡང་ང་ལ་གྲ་སྒྲིག་བྱས། ཉིན་བཅུ་རེར་ཐེངས་གཅིག་ལ་རྒུན་ཆང་སྣ་ཚོགས་གང་མང་མང་གྲ་སྒྲིག་བྱས། འབངས་མི་རྣམས་ཀྱི་ཁྲལ་ལྕི་དྲགས་པས་ངས་དེ་དག་ལས་འགོ་དཔོན་གྱི་ཕོགས་ཐོབ་མ་བླངས་སོ། ། \v 19 ཀྱེ། ང་ཡི་དཀོན་མཆོག་ལགས། བདག་གིས་འབངས་མི་འདི་རྣམས་ཀྱི་ཆེད་དུ་དོན་གང་དང་གང་བྱས་པ་ཐམས་ཅད་ཁྱེད་ཀྱི་ཐུགས་སུ་བཟུང་ནས་ང་རང་དྲིན་གྱིས་སྐྱོང་བར་མཛོད། \c 6 \cl ལེའུ་དྲུག་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ནེ་ཧེམ་ཡཱས་དགྲ་བོའི་ཇུས་ངན་བརྟོལ་བ། \p \v 1 དེ་ནས་སན་པཱ་ལད་དང་ཏོ་བི་ཡཱ། ཨ་རབ་པ་གེ་ཤེམ་དང་། གཞན་དགྲ་བོ་ཀུན་གྱིས་ངས་མཁར་གྱང་བརྩིགས་ཚར་ཞིང་ཞིག་རལ་མེད་པ་ཐོས་པ་དང་། སྐབས་དེར་མཁར་སྒོ་ད་དུང་བཙུགས་མེད། \v 2 སན་པཱ་ལད་དང་གེ་ཤེམ་གཉིས་ཀྱིས་ངའི་རྩར་མི་མངགས་ནས་འདི་ལྟར། ཁྱོད་ཕེབས་ཤོག་དང་ངེད་ཅག་ཨོ་ནོའི་ཐང་གི་གྲོང་ཚོ་རུ་མཇལ་ཡོང་ཞེས་སྨྲས་བྱུང་། དོན་དངོས་སུ་དེ་དག་གིས་ང་ལ་གནོད་སྐྱེལ་འདོད་པ་རེད། \v 3 དེ་བས་ངས་མི་མངགས་ནས་དེ་ཚོར། ངས་ལས་ཀ་ཆེན་པོ་ལས་བཞིན་ཡོད་པས་ང་རང་མར་འགྲོ་མི་རུང་། ང་ཁ་བྲལ་ནས་མར་ཁྱོད་ཅག་དང་འཕྲད་དུ་སོང་སྟེ་ལས་ཀ་མཚམས་འཇོག་པར་བྱེད་ག་ལ་རུང་ཞེས་སྨྲས་སོ། ། \v 4 དེ་རྣམས་ཀྱིས་འདི་ལྟར་ཐེངས་བཞི་ལ་ངའི་རྩར་སྐད་བཏང་ཞིང་ངས་སྔར་བཞིན་ལན་བཏབ་བོ། ། \v 5 དེ་ནས་སན་པཱ་ལད་ཀྱིས་ཐེངས་ལྔ་པར་གོང་བཞིན་དུ་མི་མངགས་ཏེ་ལག་ཏུ་ཡི་གེ་ཐུམ་མེད་པ་ཞིག་བསྐུར་བྱུང་། \v 6 ཡིག་ཐོག་ཏུ་འདི་ལྟར། མི་རིགས་སོ་སོའི་ཁྲོད་དུ་འདི་འདྲ་ཞིག་གྲགས་བཞིན་ཡོད་ལ། གེ་ཤེམ་གྱིས་ཀྱང་འདི་བཞིན་སྨྲས་བྱུང་སྟེ། ཁྱོད་དང་ཡ་ཧུ་དཱ་པ་རྣམས་ཀྱིས་ངོ་ལོག་བྱེད་པའི་ཕྱིར། ཁྱོད་ཀྱིས་མཁར་གྱང་བརྩིགས་པ་ཡིན་ལ། གོ་ཐོས་ལྟར་ན། ཁྱོད་དེ་དག་གི་རྒྱལ་པོར་འགྱུར་བའི་དོན་དུ་ཡིན་ཟེར། \v 7 ཁྱོད་ཀྱིས་ཡེ་རུ་སཱ་ལེམ་དུ་མངགས་པའི་ལུང་སྟོན་པས་ཁྱོད་ལ་དམིགས་ནས་ཡ་ཧུ་དཱ་རུ་རྒྱལ་པོ་ཡོད་ཅེས་སྒྲོག་གོ །ད་ལྟ་གཏམ་འདི་དག་རྒྱལ་པོར་བསྒྲག་པར་འགྱུར། ཁྱོད་རང་ཤོག་དང་ངེད་རྣམས་ལྷན་ཅིག་ཏུ་གྲོས་བྱའོ་ཞེས་བྲིས་འདུག \v 8 དེར་ངས་ཁོ་ལ་སྐད་བཏང་སྟེ་འདི་ལྟར། ཁྱོད་ཀྱིས་སྨྲས་པའི་དོན་འདི་དག་གཅིག་ཀྱང་མེད། འདི་ནི་ཁྱོད་རང་གི་རྫུན་བཟོ་ཡིན་ནོ་ཞེས་སྨྲས་པ་ཡིན། \v 9 དེ་དག་གིས་ངེད་རྣམས་ལ་འཇིགས་བསྐུལ་ནས་འདི་ལྟར། དེ་རྣམས་ཀྱི་ལག་པའི་སྟོབས་ཞན་པར་གྱུར་ཅིག ལས་སྒྲུབ་མི་ཐུབ་ཅིང་། ལས་ཀ་རྫོགས་པར་བྱ་མི་ནུས་ཞེས་སྨྲས། ད་ལྟ་ངའི་ལག་པར་སྟོབས་གནང་བར་མཛོད་ཅིག \v 10 དེའི་རྗེས་སུ་ང་མཱས་ཧེ་ཏ་བེལ་གྱི་ཚ་བོའམ་དི་ལཱ་ཡའི་བུ་ཤེ་མ་ཡཱའི་ཁང་པར་ཕྱིན། སྐབས་དེར་ཁོས་སྒོ་བརྒྱབ་སྟེ་ཕྱིར་མི་འབུད་པ་དང་། ཁོ་ན་རེ། ངེད་གཉིས་དཀོན་མཆོག་གི་མཆོད་ཁང་གི་དཀྱིལ་དུ་འཛོམས་ཏེ་མཆོད་ཁང་གི་སྒོ་རྒྱག་པར་བྱའོ། །གང་ལ་ཞེ་ན། དེ་དག་ཁྱོད་རང་གསོད་དུ་འོང་བ་ཡིན། མཚན་མོ་འོངས་ནས་ཁྱོད་རང་གསོད་དོ་ཞེས་སྨྲས། \v 11 ངས་དེ་ལ། ང་ལྟ་བུའི་མི་ཞིག་འབྲོ་བར་བྱེད་དམ། ང་འདྲ་བའི་མི་ཞིག་གིས་རང་སྲོག་སྐྱོབ་པའི་ཆེད་དུ་མཆོད་ཁང་ནང་དུ་འབྱོལ་ལམ། ང་ནང་དུ་མི་འགྲོ་ཞེས་སྨྲས་སོ། ། \v 12 ངས་གསལ་པོར་བལྟས་པ་དང་། དཀོན་མཆོག་གིས་ཁོ་མ་མངགས་སོ། །ཁོ་རང་ཉིད་ཀྱིས་ང་ལ་གནོད་པའི་ལུང་བསྟན་ཏེ། ཏོ་བི་ཡཱ་དང་སན་པཱ་ལད་གཉིས་ཀྱིས་དེ་གླས་པ་རེད། \v 13 ང་ལ་འཇིགས་བསྐུལ་ནས་ངས་དེར་བསྟུན་ཏེ་སྡིག་པ་བྱེད་པ་དང་། མིང་ངན་བཞག་ནས་ཁོ་རྣམས་ཀྱིས་འཕྱ་སྨོད་བྱེད་པའི་ཕྱིར་དེ་གླས་པ་རེད། \v 14 ཀྱེ། ངའི་དཀོན་མཆོག་ལགས། ཏོ་བི་ཡཱ་དང་སན་པཱ་ལད་དང་ལུང་སྟོན་མ་ནོ་ཨད་ཡཱ་དང་། ལུང་སྟོན་པ་གཞན་དག་གིས་དོན་འདི་དག་བསྒྲུབས་དོན་ནི་ང་ལ་འཇིགས་བསྐུལ་བའི་ཕྱིར་ཡིན་པས། ཁྱེད་ཀྱིས་དེ་དག་ཐུགས་སུ་བཟུང་བར་མཛོད། \s1 མཁར་གྱང་ལེགས་འགྲུབ་བྱུང་བ། \p \v 15 ཨེ་ལུད་ཟླ་བའི་ཚེས་ཉེར་ལྔ་ཉིན་མཁར་གྱང་བརྩིགས་ཟིན་པ་དང་། བསྡོམས་པས་ཉིན་ལྔ་བཅུ་ང་གཉིས་ལ་ཉམས་གསོ་བྱས་སོ། ། \v 16 ངེད་རྣམས་ཀྱི་དགྲ་བོ་ཀུན་གྱིས་ཐོས་པ་དང་། ཕྱོགས་བཞིའི་མི་རིགས་རྣམས་འཇིགས་ཤིང་སྐྱོ་མདངས་ཤར། གང་ལ་ཞེ་ན། ལས་འདི་ངེད་ཀྱི་དཀོན་མཆོག་གིས་འགྲུབ་པར་མཛད་པ་དེ་དག་གིས་ཤེས་སོ། ། \v 17 ཡང་ཉིན་དེ་དག་གི་རིང་ལ་ཡ་ཧུ་དཱའི་སྐུ་དྲག་ཚོས་ཐེངས་མང་པོར་ཏོ་བི་ཡཱ་ལ་ཡི་གེ་བསྐུར་བ་དང་། ཏོ་བི་ཡཱས་ཀྱང་ཡིག་ལན་བསྐུར་ཏོ། ། \v 18 ཡ་ཧུ་དཱའི་ཡུལ་དུ་མི་མང་པོས་ཏོ་བི་ཡཱ་དང་མནའ་འབྲེལ་བྱས་སོ། །གང་ལ་ཞེ་ན། ཁོ་ནི་ཨ་རཱའི་བུ་ཤེ་ཀན་ཡཱའི་མག་པ་ཡིན་ལ། ཁོའི་བུ་ཡེ་ཧོ་ཧ་ནན་གྱིས་ཀྱང་པེ་རེག་ཡཱའི་བུ་མཱེ་ཤུལ་ལིམ་གྱི་བུ་མོ་བག་མར་བླངས་ཡོད་པའི་ཕྱིར་རོ། ། \v 19 དེ་དག་གིས་ཀྱང་ངའི་མདུན་དུ་ཏོ་བི་ཡཱ་ལ་གཏམ་བཟང་པོ་སྨྲས་པ་དང་། ངའི་གཏམ་ཡང་ཁོ་ལ་བཤད་དོ། །ཏོ་བི་ཡཱས་རྒྱུན་ཏུ་ང་ལ་ཡི་གེ་བསྐུར་ནས་འཇིགས་སྣང་བསྐུལ་ལོ། ། \c 7 \cl ལེའུ་བདུན་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \p \v 1 དེ་ནས་མཁར་གྱང་བརྩིགས་ཚར་བ་དང་། སྒོ་རྣམས་བསླངས་ཏེ། སྒོ་སྲུང་དང་མགུར་ལེན་མཁན། ལེ་ཝི་པ་རྣམས་བསྐོས་སོ། ། \v 2 ངས་རང་གི་སྤུན་ཧ་ནཱ་ནེ་དང་མཁར་རྫོང་གི་འགོ་དཔོན་ཧ་ནན་ཡཱ་གཉིས་ལ་ཡེ་རུ་སཱ་ལེམ་དུ་བདག་འཛིན་གྱི་འགན་བཀལ་ཏོ། །རྒྱུ་མཚན་ཧ་ནན་ཡཱ་ནི་མི་མང་པོ་ལས་གཞུང་རྒྱུད་དྲང་ཞིང་དཀོན་མཆོག་ལ་གུས་ཤིང་འཇིགས་པ་ཞིག་ཡིན་ནོ། ། \v 3 ཡང་ངས་དེ་དག་ལ། ཉི་མ་དྲོ་བའི་དུས་སུ་ད་གཟོད་ཡེ་རུ་སཱ་ལེམ་གྱི་མཁར་སྒོ་ཕྱེས་ཤིག ཡེ་རུ་སཱ་ལེམ་གྱི་འབངས་མི་མངགས་ནས་སོ་སོའི་ལས་རེས་བཞིན་རང་རང་གི་ཁང་པའི་མདུན་དུ་ས་བསྲུང་དགོས། དེ་དག་གིས་ད་དུང་སྲུང་བཞིན་པའི་སྐབས་སུ་སྒོ་རྣམས་བརྒྱབ་སྟེ་སྒོ་གཏན་ཡང་གནོན་དགོས་ཞེས་སྨྲས་སོ། ། \v 4 དེ་ཡང་གྲོང་ཁྱེར་དེ་ནི་རྒྱ་ཆེ་ནའང་། དེའི་ནང་རོལ་དུ་མི་ཉུང་ཞིང་ཁང་པའང་ད་དུང་བརྩིགས་མེད་པ་ཡིན་ནོ། ། \s1 བཙོན་ནས་ཕྱིར་འབྱོར་བ་རྣམས་ཀྱི་མིང་ཐོ། \p \v 5 དེ་ནས་ངའི་དཀོན་མཆོག་གིས་ང་ཡི་སེམས་བསྐུལ་ཏེ། ངས་ཁྱིམ་རབས་ཐོ་རུ་འགོད་པའི་ཕྱིར་སྐུ་དྲག་དང་འགོ་དཔོན་དང་འབངས་མི་བཅས་བསྡུས་པ་དང་། ཐོག་མར་འོང་མཁན་གྱི་ཁྱིམ་ཐོ་རྙེད་པ་དང་དེའི་སྟེང་དུ་འདི་ལྟར་བྲིས་ཡོད་དེ། \v 6 ཡ་ཧུ་དཱ་ཡུལ་གྱི་མི་འདི་རྣམས་ནི་སྔར་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་པཱ་པེལ་ལོན་ལ་བཙོན་དུ་ཁྲིད་པ་དང་། ད་ལྟ་ཁོ་རྣམས་བཙན་ཁྲིད་བྱས་པའི་ཡུལ་ནས་ཡར་ཐོན་ཏེ་ཡེ་རུ་སཱ་ལེམ་དང་ཡ་ཧུ་དཱའི་ཡུལ་དུ་སོ་སོའི་གནས་སུ་ཕྱིར་ལོག་པ་ནི་འདི་ལྟ་སྟེ། \v 7 དེ་དག་ནི་ཟེ་རུ་པཱ་པེལ་དང་། ཡེ་ཤུ་ཨ་དང་། ནེ་ཧེམ་ཡཱ་དང་། ཨ་ཟར་ཡཱ་དང་། ར་ཨས་ཡཱ་དང་། ན་ཧ་མ་ནི་དང་། མོར་དོ་ཀཱ་ཡི་དང་། པིལ་ཤན་དང་། མིས་ཕེ་རེད་དང་། པིག་ཝ་ཨི་དང་། ནེ་ཧུམ་དང་། པ་ཨ་ནཱ་དང་ལྷན་ཅིག་ཏུ་ཕྱིར་འོངས་སོ། །ཡེས་ར་ཨེལ་གྱི་སྐྱེས་པ་རྣམས་ཀྱི་བསྡོམས་གྲངས་ནི་འདི་ལྟ་སྟེ། \v 8 ཕཱར་ཨོ་སིའི་བུ་རྒྱུད་ཉིས་སྟོང་བརྒྱ་དང་བདུན་ཅུ་དོན་གཉིས་དང་། \v 9 ཤེ་ཕད་ཡཱའི་བུ་རྒྱུད་སུམ་བརྒྱ་བདུན་ཅུ་དོན་གཉིས། \v 10 ཨ་རཱའི་བུ་རྒྱུད་དྲུག་བརྒྱ་ལྔ་བཅུ་ང་གཉིས། \v 11 ཕཱ་ཧད་མོ་ཨབ་ཀྱི་བུ་རབས་ཚ་རྒྱུད་དེ་ཡེ་ཤུ་ཨ་དང་ཡོ་ཨབ་ཀྱི་བུ་རྒྱུད་ཉིས་སྟོང་བརྒྱད་བརྒྱ་བཅོ་བརྒྱད། \v 12 ཨེ་ལཱམ་གྱི་བུ་རྒྱུད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ང་བཞི། \v 13 ཟད་ཐུའི་བུ་རྒྱུད་ནི་བརྒྱད་བརྒྱ་བཞི་བཅུ་ཞེ་ལྔ། \v 14 ཟག་ཀ་ཨིའི་བུ་རྒྱུད་བདུན་བརྒྱ་དྲུག་ཅུ། \v 15 པིན་ནུ་ཨིའི་བུ་རྒྱུད་དྲུག་བརྒྱ་བཞི་བཅུ་ཞེ་བརྒྱད། \v 16 པེ་བཱ་ཨིའི་བུ་རྒྱུད་དྲུག་བརྒྱ་དང་ཉེར་བརྒྱད། \v 17 ཨས་གད་ཀྱི་བུ་རྒྱུད་ཉིས་སྟོང་སུམ་བརྒྱ་དང་ཉེར་གཉིས། \v 18 ཨ་དོ་ནི་ཀམ་གྱི་བུ་རྒྱུད་དྲུག་བརྒྱ་དྲུག་ཅུ་རེ་བདུན། \v 19 པིག་ཝ་ཨིའི་བུ་རྒྱུད་ཉིས་སྟོང་དྲུག་ཅུ་རེ་བདུན། \v 20 ཨ་དིན་གྱི་བུ་རྒྱུད་དྲུག་བརྒྱ་ལྔ་བཅུ་ང་ལྔ། \v 21 ཧི་ཟི་ཀི་ཡཱའི་བུ་རབས་ཚ་རྒྱུད་དེ་ཨ་ཏེར་གྱི་བུ་རྒྱུད་དགུ་བཅུ་གོ་བརྒྱད། \v 22 ཧ་ཤུམ་གྱི་བུ་རྒྱུད་སུམ་བརྒྱ་དང་ཉེར་བརྒྱད། \v 23 པེ་ཙ་ཨིའི་བུ་རྒྱུད་སུམ་བརྒྱ་དང་ཉེར་བཞི། \v 24 ཧ་རིབ་ཀྱི་བུ་རྒྱུད་ནི་བརྒྱ་དང་བཅུ་གཉིས། \v 25 གིབ་ཡོན་གྱི་བུ་རྒྱུད་དགུ་བཅུ་གོ་ལྔ། \v 26 པེད་ལེ་ཧེམ་པ་དང་ནེ་ཏོ་ཕཱ་པ་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད། \v 27 ཨ་ན་ཐོད་པ་བརྒྱ་དང་ཉེར་བརྒྱད། \v 28 པེད་བ་ཡ་མ་ཝེད་པ་བཞི་བཅུ་ཞེ་གཉིས། \v 29 ཀིར་ཡཱད་ཡེ་ཨ་རིམ་པ་དང་ཀེ་ཕི་རཱ་པ་དང་། པེ་ཨེ་རཱོད་པ་བདུན་བརྒྱ་བཞི་བཅུ་ཞེ་གསུམ། \v 30 རཱ་མ་པ་དང་གེ་བཱ་པ་དྲུག་བརྒྱ་དང་ཉེར་གཅིག \v 31 མིགས་མཱ་སི་པ་བརྒྱ་དང་ཉེར་གཉིས། \v 32 པེད་ཨེལ་པ་དང་ཨེ་ཡུ་པ་བརྒྱ་དང་ཉེར་གསུམ། \v 33 གཞན་ནེ་བོ་པ་ལྔ་བཅུ་ང་གཉིས། \v 34 ཨེ་ལཱམ་གཞན་དེའི་བུ་རྒྱུད་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ང་བཞི། \v 35 ཧ་རིམ་གྱི་བུ་རྒྱུད་སུམ་བརྒྱ་ཉི་ཤུ། \v 36 ཡེ་རུ་ཀོ་པ་སུམ་བརྒྱ་བཞི་བཅུ་ཞེ་ལྔ། \v 37 ལོད་དང་ཧ་དིད་དང་ཨོ་ནོའི་མི་བདུན་བརྒྱ་དང་ཉེར་གཅིག \v 38 སེ་ན་ཨ་པ་སུམ་སྟོང་དགུ་བརྒྱ་སུམ་ཅུ། \v 39 མཆོད་དཔོན་རྣམས་ལས། ཡེ་ཤུ་ཨའི་ཁྱིམ་ལ་གཏོགས་པའི་ཡེ་དཱ་ཡའི་བུ་རྒྱུད་དགུ་བརྒྱ་བདུན་ཅུ་དོན་གསུམ། \v 40 ཨིམ་མེར་གྱི་བུ་རྒྱུད་ཆིག་སྟོང་ལྔ་བཅུ་ང་གཉིས། \v 41 ཕཱ་ཤུར་གྱི་བུ་རྒྱུད་ཆིག་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་བདུན། \v 42 ཧ་རིམ་གྱི་བུ་རྒྱུད་ཆིག་སྟོང་བརྒྱ་དང་བཅུ་བདུན། \v 43 ལེ་ཝི་པ་རྣམས་ལས། ཧོ་དབ་ཡཱའི་བུ་རབས་ཚ་རྒྱུད་དེ་ཡེ་ཤུ་ཨ་དང་ཀད་མི་ཨེལ་གྱི་བུ་རྒྱུད་བདུན་ཅུ་དོན་བཞི། \v 44 མགུར་ལེན་མཁན་རྣམས་ལས། ཨ་སབ་ཀྱི་བུ་རྒྱུད་བརྒྱ་དང་བཞི་བཅུ་ཞེ་བརྒྱད། \v 45 སྒོ་སྲུང་རྣམས་ལས། ཤལ་ལུམ་གྱི་བུ་རྒྱུད་དང་། ཨ་ཏེར་གྱི་བུ་རྒྱུད། ཏལ་མོན་གྱི་བུ་རྒྱུད། ཨག་ཁུབ་ཀྱི་བུ་རྒྱུད། ཧ་ཏི་ཏ་ཡི་བུ་རྒྱུད། ཤོ་བཱའི་བུ་རྒྱུད་བཅས་བསྡོམས་པས་བརྒྱ་དང་སུམ་ཅུ་སོ་བརྒྱད། \v 46 མཆོད་གཡོག་རྣམས་ལས། ཙི་ཧཱའི་བུ་རྒྱུད་དང་ཧ་སུ་ཕའི་བུ་རྒྱུད་དང་། ཏབ་བ་ཨོད་ཀྱི་བུ་རྒྱུད་དང་། \v 47 ཀོ་རེས་ཀྱི་བུ་རྒྱུད་དང་། སི་ཨ་ཧའི་བུ་རྒྱུད་དང་། ཕ་དོན་གྱི་བུ་རྒྱུད་དང་། \v 48 ལེ་བ་ནཱ་ཡི་བུ་རྒྱུད་དང་། ཧ་ག་བཱ་ཡི་བུ་རྒྱུད་དང་། ཤལ་མཱ་ཨིའི་བུ་རྒྱུད་དང་། \v 49 ཧ་ནན་གྱི་བུ་རྒྱུད་དང་། གིད་དེལ་གྱི་བུ་རྒྱུད་དང་། ག་ཧར་གྱི་བུ་རྒྱུད་དང་། \v 50 རེ་ཨ་ཡཱ་ཡི་བུ་རྒྱུད་དང་། རེ་ཙིན་གྱི་བུ་རྒྱུད་དང་། ནེ་ཀོ་དཱའི་བུ་རྒྱུད་དང་། \v 51 ག་ཟམ་གྱི་བུ་རྒྱུད་དང་། ཨུ་ཟཱ་ཡི་བུ་རྒྱུད་དང་། ཕཱ་སེ་ཨའི་བུ་རྒྱུད་དང་། \v 52 པེ་སཱ་ཨི་ཡི་བུ་རྒྱུད་དང་། མེ་ཧུ་ནིམ་གྱི་བུ་རྒྱུད་དང་། ནེ་ཕུ་ཤཱ་སིམ་གྱི་བུ་རྒྱུད་དང་། \v 53 པག་པུག་གི་བུ་རྒྱུད་དང་། ཧ་ཀུ་ཕཱ་ཡི་བུ་རྒྱུད་དང་། ཧར་ཧར་གྱི་བུ་རྒྱུད་དང་། \v 54 པ་སི་ལུད་ཀྱི་བུ་རྒྱུད་དང་། མེ་ཧི་དཱ་ཡི་བུ་རྒྱུད་དང་། ཧར་ཤའི་བུ་རྒྱུད་དང་། \v 55 པཱར་ཀོས་ཀྱི་བུ་རྒྱུད་དང་། སི་ས་རཱ་ཡི་བུ་རྒྱུད་དང་། ཐེ་མཱའི་བུ་རྒྱུད་དང་། \v 56 ནེ་ཙི་ཡཱ་ཡི་བུ་རྒྱུད་དང་། ཧ་ཏི་ཕའི་བུ་རྒྱུད་བཅས་སོ། ། \v 57 སོ་ལོ་མོན་གྱི་གཡོག་པོའི་བུ་རབས་ཚ་རྒྱུད་ནི། སོ་ཏའི་བུ་རྒྱུད་དང་སོ་ཕེ་རེད་ཀྱི་བུ་རྒྱུད་དང་། ཕེ་རི་དཱའི་བུ་རྒྱུད་དང་། \v 58 ཡ་ཨཱ་ལ་ཡི་བུ་རྒྱུད་དང་། དར་ཀོན་གྱི་བུ་རྒྱུད་དང་། གིད་དེལ་གྱི་བུ་རྒྱུད་དང་། \v 59 ཤེ་ཕད་ཡཱ་ཡི་བུ་རྒྱུད་དང་། ཧད་ཏིལ་གྱི་བུ་རྒྱུད་དང་། ཕོ་ཁེ་རེད་ཧ་ཙེ་བཱ་ཡི་བུ་རྒྱུད་དང་། ཨ་མོན་གྱི་བུ་རྒྱུད་རྣམས་སོ། ། \v 60 མཆོད་གཡོག་དང་སོ་ལོ་མོན་གྱི་གཡོག་པོའི་བུ་རབས་ཚ་རྒྱུད་ཀྱི་བསྡོམས་གྲངས་ནི་སུམ་བརྒྱ་དགུ་བཅུ་གོ་གཉིས་ཡིན། \v 61 ཡང་རང་གི་ཕ་ཡི་རུས་རྒྱུད་དང་བུ་རབས་ཚ་རྒྱུད་རྣམས་ཡེས་ར་ཨེལ་ནས་ཐོན་པ་ཡིན་མིན་ལ་ར་སྤྲོད་བྱེད་མི་ནུས་ཤིང་། ཐེལ་མེ་ཝཱ་དང་། ཐེལ་ཧར་ཤ་དང་། ཀེ་རུབ་དང་། ཨད་དོན་དང་། ཨིམ་མེར་བཅས་ནས་ཐོན་པ་འདི་ལྟ་སྟེ། \v 62 དི་ལཱ་ཡ་ཡི་བུ་རྒྱུད་དང་། ཏོ་བི་ཡཱ་ཡི་བུ་རྒྱུད་དང་། ནེ་ཀོ་དཱའི་བུ་རྒྱུད་བསྡོམས་པས་དྲུག་བརྒྱ་ཞེ་གཉིས་ཡིན། \v 63 མཆོད་དཔོན་རྣམས་ལས། ཧ་བཱ་ཡཱ་ཡི་བུ་རྒྱུད་དང་ཧག་ཀོས་ཀྱི་བུ་རྒྱུད་དང་། པཱར་ཟི་ལ་ཨིའི་བུ་རྒྱུད་རྣམས་སོ། །པཱར་ཟི་ལ་ཨི་ཡིས་གིལ་ཨད་པ་པཱར་ཟི་ལ་ཨིའི་བུ་མོ་བག་མར་བླངས་པས་དེ་དག་གི་མིང་ལ་འདི་ལྟར་བཏགས་སོ། ། \v 64 འདི་ཚོས་གདུང་རབས་ལས་རང་རང་གི་ཁྱིམ་རྒྱུད་བཙལ་ཡང་མ་རྙེད་པས། འདི་དག་མི་གཙང་བར་བརྩིས་ཏེ་མཆོད་དཔོན་བྱས་མི་ཆོག་པ་ཡིན། \v 65 ཡང་འགོ་དཔོན་གྱིས་དེ་དག་ལ། མཆོད་དཔོན་གྱིས་ཨུའུ་རིམ་དང་ཐུའུ་མིམ་བཏགས་ནས་ཐོན་པའི་བར་དུ། དམ་པའི་ཟས་བཟའ་མི་རུང་བར་བསྐུལ་ཏོ། ། \v 66 མི་ཚོགས་ཀྱི་བསྡོམས་གྲངས་ནི་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ཡོད། \v 67 དེ་རྣམས་ལས་གཞན་གཡོག་པོ་དང་གཡོག་མོ་བདུན་སྟོང་སུམ་བརྒྱ་སུམ་ཅུ་སོ་བདུན་དང་། མགུར་ལེན་མཁན་སྐྱེས་ཕོ་མོ་ཉིས་བརྒྱ་བཞི་བཅུ་ཞེ་ལྔ་ཡོད། \v 68 དེ་དག་ལ་རྟ་བདུན་བརྒྱ་སུམ་ཅུ་སོ་དྲུག་དང་། བོང་བུ་ཉིས་བརྒྱ་བཞི་བཅུ་ཞེ་ལྔ་དང་། \v 69 རྔ་མོང་བཞི་བརྒྱ་སུམ་ཅུ་སོ་ལྔ་དང་། བོང་བུ་དྲུག་སྟོང་བདུན་བརྒྱ་ཉི་ཤུ་ཡོད་པ་ཡིན། \v 70 ཡང་ཚོ་དཔོན་ཁ་ཤས་ཀྱིས་མཁར་ལས་ཀྱི་ཕྱིར་ཞལ་འདེབས་ཕུལ་བ་དང་། འགོ་དཔོན་གྱིས་དཀོར་མཛོད་དུ་གསེར་གྱི་དོང་ཙེ་ཆིག་སྟོང་དང་། ཏིང་ཕོར་ལྔ་བཅུ་དང་། མཆོད་དཔོན་གྱི་ཆོས་གོས་ལྔ་བརྒྱ་དང་སུམ་ཅུ་ཐམ་པ་བཅས་ཕུལ་ཏོ། ། \v 71 ཡང་ཚོ་དཔོན་ཁ་ཤས་ཀྱིས་དཀོར་མཛོད་དུ་གསེར་གྱི་དོང་ཙེ་ཉིས་ཁྲི་དང་། དངུལ་མཱེ་ན་ཉིས་སྟོང་ཉིས་བརྒྱ་དང་། \v 72 གཞན་པའི་འབངས་མི་རྣམས་ཀྱིས་གསེར་གྱི་དོང་ཙེ་ཉིས་ཁྲི་དང་། དངུལ་མཱེ་ན་ཉིས་སྟོང་དང་། མཆོད་དཔོན་གྱི་ཆོས་གོས་དྲུག་ཅུ་རེ་བདུན་བཅས་ཕུལ་ཏོ། ། \v 73 དེ་ནས་མཆོད་དཔོན་དང་། ལེ་ཝི་པ། སྒོ་སྲུང་། མགུར་ལེན་མཁན། འབངས་མི་ཁ་ཤས། མཆོད་གཡོག ཡེས་ར་ཨེལ་པ་བཅས་ཚང་མ་རང་གི་གྲོང་ཁྱེར་དུ་གནས་ཏེ། ཡེས་ར་ཨེལ་པ་རྣམས་རང་གི་གྲོང་ཁྱེར་དུ་བསྡད་དོ། ། \c 8 \cl ལེའུ་བརྒྱད་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ཨེས་སི་རཱ་ཡིས་བཀའ་ཁྲིམས་ཡོངས་ཁྱབ་ཏུ་བཀླགས་པ། \p \v 1 ཟླ་བདུན་པ་ཚེས་དུས་སུ། འབངས་རྣམས་མི་གཅིག་ལྟར་ཆུ་སྒོའི་མདུན་གྱི་ཐང་ཆེན་དུ་འཛོམས་ནས། དྲུང་ཡིག་ཨེས་སི་རཱ་ལ། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་ལ་གསུངས་པའི་མོ་ཤེའི་བཀའ་ཁྲིམས་ཀྱི་གླེགས་བམ་ཁྱེར་ཡོང་བར་ཞུས། \v 2 དེར་ཟླ་བདུན་པའི་ཚེས་གཅིག་ཉིན་མཆོད་དཔོན་ཨེས་སི་རཱ་ཡིས་ཐོས་ཤིང་དོན་རྟོགས་ནུས་པའི་སྐྱེས་ཕོ་མོ་རྣམས་ཀྱི་མདུན་དུ་བཀའ་ཁྲིམས་ཀྱི་གླེགས་བམ་དེ་ཁྱེར་ཡོང་ནས། \v 3 སྔ་དྲོ་ནས་ཉིན་གུང་གི་བར་དུ་ཆུ་སྒོའི་མདུན་གྱི་ཐང་ཆེན་དུ་སྐྱེས་ཕོ་མོ་དང་དོན་རྟོགས་ནུས་པ་ཐམས་ཅད་ཀྱི་མདུན་དུ་བཀླགས་ཏེ། འབངས་ཐམས་ཅད་ཀྱིས་བཀའ་ཁྲིམས་ཀྱི་མདོ་དེ་ལ་རྣ་བ་བླགས་ནས་མཉན་ཏོ། ། \v 4 དེའི་དོན་དུ་བཟོས་པའི་ཤིང་སྟེགས་སྟེང་དུ་དྲུང་ཡིག་ཨེས་སི་རཱ་བཞེངས་ནས་བསྡད། ཁོའི་གཡས་ཕྱོགས་སུ་མད་ཐིད་ཡཱ་དང་། ཤེ་མཱ། ཨ་ན་ཡཱ། ཨུ་རི་ཡཱ། ཧིལ་ཀི་ཡཱ། མ་ཨ་སེ་ཡཱ་བཅས་ལངས་བསྡད་ཡོད། ཁོའི་གཡོན་ཕྱོགས་སུ་ཕེ་ད་ཡཱ་དང་། མེ་ཤཱ་ཨེལ། མལ་ཀི་ཡཱ། ཧ་ཤུམ། ཧས་བད་ད་ནཱ། ཟཱ་ཀར་ཡ། མཱེ་ཤུལ་ལིམ་བཅས་ལངས་བསྡད་ཡོད་དོ། ། \v 5 དེར་ཨེས་སི་རཱ་མཐོ་སར་བཞེངས་ནས་མི་ཚང་མའི་མཐོང་སར་མདོ་དེ་ཁ་ཕྱེས་པ་དང་། ཁོང་གིས་ཕྱེས་མ་ཐག་ཏུ་མི་ཐམས་ཅད་ཡར་ལངས་སོ། ། \v 6 ཨེས་སི་རཱས་བླ་ན་མེད་པའི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་པ་དང་། མི་ཐམས་ཅད་ཀྱིས་ལག་པ་ཡར་བརྐྱངས་ནས། ཨ་མེན། ཨ་མེན་ཞེས་ཞུས་ཤིང་། མགོ་བོ་བསྒུར་ཏེ་གདོང་སར་བཏུད་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བཙལ་ཏོ། ། \v 7 ཡང་ཡེ་ཤུ་ཨ་དང་། པཱ་ནི། ཤེ་རེབ་ཡཱ། ཡ་མིན། ཨག་ཁུབ། ཤབ་བེ་ཐ་ཨི། ཧོ་དི་ཡཱ། མ་ཨ་སེ་ཡཱ། ཀེ་ལི་ཏ། ཨ་ཟར་ཡཱ། ཡོ་ཟཱ་བད། ཧ་ནན། ཕེ་ལ་ཡཱ་དང་ལེ་ཝི་པ་རྣམས་ཀྱིས་འབངས་མི་རྣམས་ལ་བཀའ་ཁྲིམས་རྟོགས་སུ་བཅུག་པ་དང་། འབངས་ཐམས་ཅད་རང་རང་གི་གནས་སུ་ལངས་བསྡད་དོ། ། \v 8 དེ་དག་གིས་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་མདོ་གསལ་པོར་བཀླགས་ནས་དོན་སྨྲས་ཤིང་། འབངས་མི་རྣམས་ལ་བཀླགས་པའི་མདོ་ཡི་དོན་ཧ་གོ་རུ་བཅུག་གོ ། \v 9 འགོ་དཔོན་ནེ་ཧེམ་ཡཱ་དང་། མཆོད་དཔོན་དང་དྲུང་ཡིག་ཨེས་སི་རཱ་དང་། འབངས་མི་རྣམས་ལ་སློབ་སྟོན་བྱེད་པའི་ལེ་ཝི་པ་རྣམས་ཀྱིས་འབངས་རྣམས་ལ་འདི་ལྟར། དེ་རིང་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་ཉིན་དམ་པ་ཡིན་པས། མྱ་ངན་བྱས་ནས་མ་ངུ་ཞིག་ཅེས་སྨྲས། གང་ལ་ཞེ་ན། བཀའ་ཁྲིམས་ཐོས་ཏེ་ཁོ་ཚོ་ངུས་པས་ཡིན། \v 10 ནེ་ཧེམ་ཡཱས་ཁོ་རྣམས་ལ་འདི་ལྟར། ཁྱོད་རྣམས་སོང་སྟེ་ཤ་ཞིམ་པོ་ཟོ་ལ། བཏུང་བ་མངར་མོ་ཐུངས་ཤིག སྟ་གོན་བྱེད་མི་ནུས་པ་ལ་བགོས་ཤིག དེ་རིང་ནི་བདག་ཅག་གི་གཙོ་བོའི་ཉིན་དམ་པ་ཡིན་པས་སོ། །སེམས་མ་སྐྱོ་ཞིག དཀོན་མཆོག་ཡ་ཝཱེ་ལ་བརྟེན་ནས་བྱུང་བའི་དགའ་སྤྲོ་ནི་ཁྱོད་ཚོའི་སྟོབས་ཤུགས་ཡིན་ནོ་ཞེས་སྨྲས་པ་ལ། \v 11 ལེ་ཝི་པས་འབངས་མི་ཐམས་ཅད་ཁ་རོག་ལ་འདུག་ཏུ་བཅུག་སྟེ་འདི་ལྟར། ཁ་རོག་སྡོད་ཅིག དེ་རིང་ནི་ཉིན་དམ་པ་ཡིན་པས་སེམས་མ་སྡུག་ཅེས་སྨྲས། \v 12 འབངས་མི་ཐམས་ཅད་སོང་ནས་བཟའ་བཏུང་སྤྱད་པ་དང་། མི་གཞན་ལའང་བགོས་པས་ཐམས་ཅད་ཤིན་ཏུ་དགའ་བར་གྱུར། གང་ལ་ཞེ་ན། དེ་དག་གིས་ཁྲིད་སྟོན་གནང་བ་དག་རྟོགས་པས་སོ། ། \s1 སྤྱིལ་བུའི་དུས་ཆེན་བསྲུངས་པ། \p \v 13 དེའི་ཕྱི་ཉིན་འབངས་མི་ཀུན་གྱི་ཚོ་དཔོན་རྣམས་དང་། མཆོད་དཔོན་རྣམས་དང་། ལེ་ཝི་པ་རྣམས་བཀའ་ཁྲིམས་ཀྱི་ནང་དོན་སློབ་ཆེད་དྲུང་ཡིག་ཨེས་སི་རཱའི་དྲུང་དུ་འཛོམས་སོ། ། \v 14 དེར་དཀོན་མཆོག་ཡ་ཝཱེས་མོ་ཤེའི་ངག་བརྒྱུད་ནས་གསུངས་པའི་བཀའ་ཁྲིམས་ནང་དུ་ཟླ་བདུན་པའི་དུས་ཆེན་ལ་ཡེས་ར་ཨེལ་པ་རྣམས་སྤྱིལ་བུར་སྡོད་དགོས་པ་དང་། \v 15 གྲོང་ཁྱེར་ཐམས་ཅད་དང་ཡེ་རུ་སཱ་ལེམ་དུ་འདི་ལྟར། ཁྱོད་ཚོ་ཕྱི་རོལ་ཏུ་རི་ལ་སོང་ནས་སྐྱུ་རུ་རའི་ཤིང་གི་ཡལ་ག་དང་། རི་སྐྱེས་སྐྱུ་རུ་རའི་ཡལ་ག་དང་། པ་སངས་མེ་ཏོག་གི་ཡལ་ག་དང་། ཏ་ལའི་ཤིང་གི་ཡལ་ག་དང་། ལོ་འདབ་རྒྱས་པའི་ཤིང་སྣ་ཚོགས་ཀྱི་ཡལ་ག་རྣམས་བཏོགས་ནས། བཀའ་ཁྲིམས་ལས་གསུངས་པ་བཞིན་སྤྱིལ་བུ་བཟོ་བར་གྱིས་ཞེས་བསྒྲག་དགོས་ཞེས་པ་རྙེད་དེ། \v 16 འབངས་མི་རྣམས་ཕྱི་རོལ་ཏུ་སོང་ནས་སྡོང་པོའི་ཡལ་ག་ཁྱེར་འོངས་ཏེ། རང་རང་གི་ཁང་པའི་ཐོག་དང་ཁྱམས་ར་དང་། དཀོན་མཆོག་གི་མཆོད་ཁང་གི་ར་སྐོར་ནང་དང་། ཆུ་སྒོའི་ཐང་ཆེན་དང་། ཨེ་ཕཱར་ཡིམ་སྒོའི་ཐང་ཆེན་རྣམས་སུ་སྤྱིལ་བུ་བཟོས་སོ། ། \v 17 ཡང་བཙོན་ལས་ཐར་བའི་མི་ཚོགས་ཐམས་ཅད་ཀྱིས་སྤྱིལ་བུ་བཟོས་ནས་དེའི་ནང་དུ་གནས་སོ། །ནུན་གྱི་བུ་ཡོ་ཤུ་ཨའི་དུས་ནས་བཟུང་སྟེ་ཉིན་འདིའི་བར་དུ་ཡེས་ར་ཨེལ་པ་རྣམས་ཀྱིས་དེ་ལྟར་མ་བྱས་པ་ཡིན། དེའི་རྐྱེན་གྱིས་དེ་དག་ཤིན་ཏུ་དགའ་བར་གྱུར་ཏོ། ། \v 18 ཡང་ཨེས་སི་རཱ་ཡིས་ཉིན་དང་པོ་ནས་མཐའ་མཇུག་བར་དུ། ཉིན་ལྟར་དཀོན་མཆོག་གི་བཀའ་ཁྲིམས་བཀླགས་ཏེ། དེ་རྣམས་ཀྱིས་ཉིན་ཞག་བདུན་གྱི་རིང་ལ་དུས་ཆེན་བསྲུངས་ནས། ཉིན་བརྒྱད་པར་ཁྲིམས་སྲོལ་བཞིན་དུ་འདུ་འཛོམས་དམ་ནན་ཡོད་པ་བཅས་སོ། ། \c 9 \cl ལེའུ་དགུ་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ཡེས་ར་ཨེལ་པ་རྣམས་ཀྱིས་རང་ཉེས་ཁས་ལེན་གྱི་གསོལ་བ་བཏབ་པ། \p \v 1 དེ་ནས་ཟླ་འདིའི་ཚེས་ཉེར་བཞི་ཉིན་ཡེས་ར་ཨེལ་པ་རྣམས་ཀྱིས་མཉམ་གཅིག་ཏུ་སྨྱུང་གནས་བསྲུངས་ཤིང་། ལུས་ལ་རྩིད་རས་གྱོན་ཏེ་མགོ་ལ་ས་རྡུལ་བླུགས་སོ། ། \v 2 ཡང་ཡེས་ར་ཨེལ་པ་རྣམས་ཕྱི་ཕྱོགས་པ་ཐམས་ཅད་དང་རྩ་བ་ནས་བཀར་ཏེ། དེ་དག་ཡར་ལངས་ནས་རང་གི་སྡིག་པ་དང་རང་གི་ཕ་མེས་ཀྱི་སྐྱོན་རྣམས་མཐོལ་བཤགས་བྱས་སོ། ། \v 3 ཉིན་དེའི་བཞི་ཆའི་གཅིག་ལ་ཁོ་རྣམས་རང་ཉིད་ཀྱི་སར་ཡར་ལངས་ནས་རང་གི་དཀོན་མཆོག་ཡ་ཝཱེའི་བཀའ་ཁྲིམས་ཀྱི་མདོ་བཀླགས་པ་དང་། ཡང་ཉིན་དེའི་བཞི་ཆའི་གཅིག་ལ་སྡིག་པ་མཐོལ་བཤགས་བྱས་ནས་དཀོན་མཆོག་ཡ་ཝཱེ་ལ་ཕྱག་བཙལ་ཏོ། ། \v 4 དེ་ནས་ཡེ་ཤུ་ཨ་དང་། པཱ་ནི། ཀད་མི་ཨེལ། ཤེ་བན་ཡཱ། པུན་ནི། ཤེ་རེབ་ཡཱ། པཱ་ནི། ཁེ་ན་ནི་བཅས་ལེ་ཝི་པ་རྣམས་ཀྱི་ཐེམ་པའི་ཁར་ལངས་ཏེ་སྐད་ཆེན་པོས་རང་གི་དཀོན་མཆོག་ཡ་ཝཱེ་ལ་སྐྱབས་བཅོལ་ཞུས། \v 5 ཡང་ཡེ་ཤུ་ཨ་དང་། ཀད་མི་ཨེལ། པཱ་ནི། ཧ་ཤབ་ནེ་ཡཱ། ཤེ་རེབ་ཡཱ། ཧོ་དི་ཡཱ། ཤེ་བན་ཡཱ། ཕེ་ཐ་ཡཱ་བྱ་བའི་ལེ་ཝི་པ་རྣམས་ཀྱིས་འདི་ལྟར། ཡར་ལོངས་ཤིག ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ལ་རྒྱུན་ནས་རྒྱུན་དུ་བསྟོད་པ་ཕུལ་ཞིག ཁྱེད་ཀྱི་གཟི་བརྗིད་ཀྱི་མཚན་ནི་བསྟོད་པ་འབུལ་འོས་པ་དང་། ཀུན་ལས་འཕགས་པའི་བསྟོད་པ་དང་བསྔགས་བརྗོད་འབུལ་འོས་སོ། ། \v 6 ཁྱེད་གཅིག་པོ་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་ནམ་མཁའ་དང་ནམ་མཁའི་མཁའ་དབྱིངས་མཛད་པ་དང་། དེ་དག་གི་དཔུང་ཚོགས་ཐམས་ཅད་དང་། ས་གཞི་དང་དེའི་སྟེང་གི་བྱ་དངོས་ཐམས་ཅད། རྒྱ་མཚོ་དང་དེའི་ནང་དུ་ཡོད་པ་ཐམས་ཅད་བཀོད་པར་མཛད་ཅིང་། ཁྱེད་ཀྱིས་དངོས་པོ་དེ་མཐའ་དག་ལ་ཚེ་སྲོག་གནང་ནས་སྐྱོང་བར་མཛད་པ་དང་། ནམ་མཁའི་དཔུང་ཚོགས་ཀྱིས་ཀྱང་ཁྱེད་ལ་བསྟོད་བསྔགས་བརྗོད་དོ། ། \v 7 ཁྱེད་ནི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་སྔོན་ཆད་ཨབ་རམ་བདམས་ཏེ་ཀལ་དི་པའི་ཨུར་ཞེས་པའི་ཡུལ་ནས་ཁྲིད་ཅིང་། དེའི་མིང་བརྗེས་ནས་ཨབ་ར་ཧམ་ཞེས་བཏགས་སོ། ། \v 8 ཁྱེད་ཀྱིས་ཁྱེད་ཀྱི་དྲུང་དུ་མི་དེའི་བློ་སེམས་དཀར་བ་གཟིགས་ནས་དེ་ལ་ཞལ་ཆད་བཞག་ཅིང་། ཀ་ན་ཨན་པ་དང་། ཧེད་པ། ཨེ་མོར་པ། ཕེ་རེ་ཟི་པ། ཡེ་བུ་སི་པ། གིར་གས་པ་བཅས་པའི་ཡུལ་རྣམས་ཁོའི་མི་མང་ལ་གནང་བར་ཞལ་གྱིས་བཞེས་ཤིང་། ཁྱེད་ཀྱིས་རང་ཉིད་ཀྱི་བཀའ་བཞིན་དུ་ཡང་མཛད། གང་ལ་ཞེ་ན། ཁྱེད་ནི་དྲང་བདེན་ལགས་པའི་ཕྱིར་རོ། ། \v 9 ཡང་ཨེ་ཅིབ་ཡུལ་དུ་བདག་ཅག་གི་ཕ་མེས་རྣམས་ཀྱིས་སྡུག་བསྔལ་མྱོང་བ་ཁྱེད་ཀྱིས་མཐོང་ཞིང་། དེ་དག་གི་རྒྱ་མཚོ་དམར་པོའི་འགྲམ་གྱི་སྨྲེ་ངག་ཐོས་སོ། ། \v 10 ཕཱར་ཨོལ་དང་དེའི་འཁོར་གཡོག་ཐམས་ཅད་དང་། དེའི་རྒྱལ་ཁབ་ཀྱི་འབངས་མིའི་ལུས་སྟེང་དུ་གྲུབ་རྟགས་དང་དོན་ངོ་མཚར་ཅན་རྣམས་མཛད་པ་སྟེ། དེ་དག་གིས་ངེད་ཅག་གི་ཕ་མེས་ལ་ང་རྒྱལ་གྱིས་ཁེངས་ནས་བརྙས་པ་ཁྱེད་ཀྱིས་མཁྱེན་པས་སོ། །ཁྱེད་ཀྱིས་རང་ཉིད་ལ་མིང་བཏོན་ནས་ད་ལྟའི་བར་དུ་ཡོད་པ་དེ་བཞིན་ནོ། ། \v 11 ཁྱེད་ཀྱིས་ངེད་ཀྱི་ཕ་མེས་རྣམས་ཀྱི་མདུན་ནས་རྒྱ་མཚོ་ཁག་གཉིས་སུ་མཛད་ནས། དེ་དག་རྒྱ་མཚོའི་དཀྱིལ་དུ་སྐམ་སར་ཕྱིན་ཏོ། །ཁྱེད་ཀྱིས་དེ་དག་ལ་ར་མདའ་བྱེད་མཁན་རྣམས་རྒྱ་མཚོའི་ནང་དུ་འཕངས་པ་དང་། རྡོ་ཞིག་ཆུ་གཏིང་ཟབ་ཀྱི་ནང་དུ་འཕེན་པ་ལྟར་མཛད་དོ། ། \v 12 ཉིན་མོར་སྤྲིན་གྱི་ཀ་བ་ཞིག་ལ་བརྟེན་ནས་དེ་དག་འཁྲིད་པར་མཛད་པ་དང་། མཚན་མོར་མེའི་ཀ་བ་ཞིག་གི་འོད་ལ་བརྟེན་ནས་དེ་དག་གང་དུ་བགྲོད་དགོས་པའི་ལམ་ལ་འཁྲིད་པར་མཛད། \v 13 ཁྱེད་རང་རི་བོ་སི་ནཱའི་སྟེང་དུ་ཕེབས་ཏེ་ནམ་མཁའ་ནས་དེ་དག་ལ་གསུང་གླེང་མཛད་ཅིང་། དྲང་གཞག་གི་སྒྲིག་སྲོལ་དང་བདེན་པ་ཉིད་ཀྱི་བཀའ་ཁྲིམས། ཁྲིམས་ལུགས་དང་བཀའ་རྒྱ་བཟང་པོ་བཅས་གནང་བ་དང་། \v 14 ཁྱེད་ཀྱི་ངལ་གསོ་བའི་ཉིན་དམ་པ་དེ་དག་ལ་མངོན་པར་མཛད་ཅིང་། ཁྱེད་ཀྱི་ཞབས་ཕྱི་པ་མོ་ཤེའི་ངག་གི་སྒོ་ནས་དེ་དག་ལ་བཀའ་རྒྱ་དང་། ཁྲིམས་ལུགས་དང་། བཀའ་ཁྲིམས་བཙུགས་སོ། ། \v 15 ཁྱེད་ཀྱིས་ནམ་མཁའ་ནས་དེ་དག་ལ་ཁ་ཟས་གནང་ནས་ལྟོགས་སྡུག་སེལ་བ་དང་། ཡང་བྲག་ངོས་ནས་ཆུ་བཏོན་ནས་དེ་དག་གི་སྐོམ་པ་སེལ་བར་བྱས། ཁྱེད་ཀྱིས་དེ་དག་ལ་ཡུལ་དེའི་ནང་དུ་སོང་སྟེ་ཁྱེད་ཀྱིས་སྔར་ནས་ཁོ་རྣམས་ལ་གནང་བར་ཁས་བླངས་པའི་ཡུལ་དེ་ལེན་པར་བཀའ་གསུངས་པ་ཡིན། \v 16 འོན་ཀྱང་ངེད་ཀྱི་ཕ་མེས་ཀྱིས་ང་རྒྱལ་བསྐྱེད་ནས་མཇིང་པ་གྱོང་པོ་བྱས་ཏེ་ཁྱེད་ཀྱི་བཀའ་ལ་མ་མཉན། \v 17 ཁོ་རྣམས་ཀྱིས་བཀའ་ལ་མ་མཉན་པ་དང་། ཁྱེད་ཀྱིས་དེ་རྣམས་ཀྱི་དཀྱིལ་དུ་བསྟན་པའི་དོན་ངོ་མཚར་ཅན་རྣམས་ཡིད་ལ་མ་དྲན་པར། རང་གི་མཇིང་པ་གྱོང་པོ་བྱས་ནས་བསམ་གཟས་ཏེ་ངོ་ལོག་བྱས་ཤིང་། རང་དགར་འགོ་དཔོན་ཞིག་ཀྱང་བསྐོས་ཏེ་སྔོན་ཆད་ཁོ་ཚོ་བྲན་གཡོག་ཏུ་བཀོལ་པའི་ཨེ་ཅིབ་ཡུལ་དུ་འགྲོ་བར་འདོད། འོན་ཀྱང་ཁྱེད་ནི་དགོངས་ཡངས་གནང་བའི་ཐུགས་རྗེ་ཅན་དང་། སྙིང་རྗེ་ཆེན་པོ་མངའ་བ། རང་དགར་ཐུགས་མི་ཁྲོ་བ། བྱམས་བརྩེ་མཐའ་ཡས་པའི་དཀོན་མཆོག་ལགས་པས་དེ་དག་མ་སྤངས་སོ། ། \v 18 དེ་དག་གིས་གསེར་གྱི་བ་ཕྲུག་\f + \ft འདིར་གསེར་གྱི་བ་ཕྲུག་ཅེས་པའི་གསེར་ནི་མདོ་འདིའི་ནང་དུ་ཁ་གསལ་མེད་མོད། ཨེ་ཅིབ་ནས་ཐོན་པའི་མདོ་ཡི་ནང་དུ་གསལ་བས་འདིར་སྣོན་སྒྱུར་བྱས་པ་ཡིན། \f*བླུགས་མ་ཞིག་བཟོས་ཏེ་འདི་ལྟར། ཁྱོད་ཅག་ཨེ་ཅིབ་ཡུལ་ནས་བཏོན་ཏེ་ཁྲིད་པའི་དཀོན་མཆོག་དེ་ནི་འདི་ཡིན་ཟེར་ཞིང་། སྐུར་བ་བཏབ་ནས་ཉེས་པ་ཆེན་པོ་བཟོས་སོ། ། \v 19 ཡིན་ན་ཡང་ཁྱེད་ཀྱི་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དེ་དག་དབེན་སྟོང་དུ་མ་སྤངས་པར། ཉིན་མོར་ལམ་དུ་འཁྲིད་པའི་སྤྲིན་གྱི་ཀ་བ་དང་། མཚན་མོར་འོད་གནང་བའི་མེའི་ཀ་བས་དེ་དག་བགྲོད་སའི་ལམ་ལ་ཁྲིད་དོ། ། \v 20 ཁྱེད་ཀྱི་ཐུགས་ཉིད་ལེགས་པོས་དེ་དག་ལ་བསླབ་བྱ་ཡང་གནང་བ་ཡིན། ཁྱེད་ཀྱི་མཱན་ནཱ་དེ་དག་གི་ཁ་ནས་ཕྱིར་མ་བླངས་པར། ཆུ་གནང་ནས་དེ་དག་གི་སྐོམ་པ་སེལ་ཏོ། ། \v 21 ལོ་ངོ་བཞི་བཅུའི་རིང་ལ་དབེན་སྟོང་དུ་ཁྱེད་ཀྱིས་དེ་དག་བསྐྱངས་པས། དེ་དག་ལ་མི་འདང་བ་གང་ཡང་མ་བྱུང་། དེ་དག་གི་གོས་རྣམས་རྙིང་ཧྲུལ་དུ་མ་གྱུར་པ་དང་། རྐང་པ་ཡང་སྐྲངས་མེད་དོ། ། \v 22 ཁྱེད་ཀྱིས་དེ་དག་ལ་རྒྱལ་ཁམས་དང་མི་རིགས་སོ་སོ་གནང་བ་དང་། ཡུལ་དེའི་གྲུ་ཟུར་དེ་དག་ཁོ་ཚོར་བགོས་ནས། དེ་དག་གིས་ཧེ་སི་པོན་གྱི་རྒྱལ་པོ་སི་ཧོན་གྱི་ཡུལ་དང་། པཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བའི་ཡུལ་རྣམས་བདག་ཏུ་བཟུང་ངོ་། ། \v 23 ཁྱེད་ཀྱིས་དེ་དག་གི་བུ་རྣམས་ནམ་མཁའི་སྐར་མ་ལྟར་དར་བར་མཛད་ནས། སྔར་ཁྱེད་ཀྱིས་དེ་དག་གི་མེས་པོ་རྣམས་ལ་ནང་དུ་སོང་ནས་ས་གཞི་དེ་བདག་གིར་བཟུང་ཞེས་ཞལ་བཞེས་མཛད་པའི་ཡུལ་དུ་དེ་དག་ཁྲིད་དོ། ། \v 24 དེ་ལྟར་བུ་རྒྱུད་དེ་དག་ཡུལ་དེའི་ནང་དུ་སོང་ནས་ཡུལ་དེ་དབང་བ་ཡིན། དེ་དག་གི་མདུན་དུ་ཡུལ་དེའི་མི་ཀ་ན་ཨན་པ་རྣམས་ཁྱེད་ཀྱིས་བཏུལ་ནས། ཡུལ་མི་རྣམས་དང་རྒྱལ་པོ་ནི་ཁོ་ཚོས་ཅི་འདོད་བཞིན་དུ་བྱེད་པའི་ཕྱིར་ཁྱེད་ཀྱིས་དེ་དག་ལ་སྤྲད་དོ། ། \v 25 དེ་དག་ལ་གྲོང་ཁྱེར་བརྟན་པོ་དང་ཡུལ་སྐྱིད་པོ་ཐོབ་ནས། ནོར་གྱིས་གང་བའི་ཁང་པ་དང་། ཆུ་ཡོད་པའི་ཁྲོན་པ་དང་། རྒུན་འབྲུམ་ར་བ་དང་། སྐྱུ་རུ་རའི་ཚལ་དང་། སིལ་སྡོང་མང་པོ་བཅས་ཐོབ་ཅིང་། དེ་དག་གིས་ཟོས་ཏེ་ཡིད་ཚིམས་ནས་ལུས་དར་བ་དང་། ཁྱེད་ཀྱི་བཀའ་དྲིན་ཆེན་པོའི་ནང་དུ་འཚོ་བ་སྐྱིད་པོ་རོལ་ཏོ། ། \v 26 འོན་ཀྱང་དེ་དག་གིས་བཀའ་ལ་མ་མཉན་པར་ཁྱེད་ལ་ངོ་ལོག་བྱས་ཤིང་། ཁྱེད་ཀྱི་བཀའ་ཁྲིམས་དེ་རྒྱབ་ཏུ་གཡུགས་ནས། ཁྱེད་ཀྱི་ཕྱོགས་སུ་འགུག་པའི་ཕྱིར་ཉེན་བརྡ་གཏོང་བའི་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད་ནས་སྐུར་འདེབས་ཀྱི་ཉེས་པ་ཆེན་པོ་བཟོས་སོ། ། \v 27 དེའི་ཕྱིར་ཁྱེད་ཀྱིས་དེ་དག་དགྲ་བོ་རྣམས་ཀྱི་ལག་ཏུ་སྤྲད་ནས། དགྲ་རྣམས་ཀྱིས་དེ་དག་ལ་མནར་གཅོད་བཏང་། དེ་དག་སྡུག་བསྔལ་གྱི་ནང་དུ་ཡོད་པའི་ཚེ་ཁྱེད་ལ་ཞུ་འབོད་བྱས་པ་དང་། ཁྱེད་ཀྱིས་ནམ་མཁའ་ནས་གསན་ཞིང་། ཁྱེད་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོས་སྐྱོབ་མཁན་མངགས་ཏེ་ཁོ་ཚོ་དགྲ་བོའི་ལག་ནས་ཐར་བར་མཛད་དོ། ། \v 28 འོན་ཀྱང་དེ་དག་གིས་བདེ་སྐྱིད་ངང་འཚོ་བ་ཡུད་ཙམ་རོལ་རྗེས། སླར་ཡང་ཁྱེད་ཀྱི་དྲུང་དུ་མི་དགེ་བའི་ལས་བྱས་པས། ཁྱེད་ཀྱིས་དེ་དག་དོར་ནས་དགྲ་བོའི་ལག་ཏུ་སྤྲད་པ་དང་། དགྲ་བོས་དེ་དག་དབང་འོག་ཏུ་བསྡུས། ཡང་སྔར་བཞིན་ཁྱེད་ལ་སྐྱབས་འབོད་ཞུས་པ་ལ། ཁྱེད་ཀྱིས་ནམ་མཁའ་རུ་གསན་ནས་ཐུགས་བརྩེ་བ་དང་བསྟུན་དེ་དག་ཡང་དང་བསྐྱར་དུ་ཐར་བར་མཛད་པ་ཡིན། \v 29 ཁྱེད་ཀྱིས་དེ་དག་ལ་བཀའ་ཁྲིམས་ཕྱོགས་སུ་བསྒྱུར་བར་སྐུལ་མ་བཏང་ཡང་། དེ་དག་གིས་ང་རྒྱལ་བསྐྱེད་ནས་ཁྱེད་ཀྱི་བཀའ་དང་དུ་མ་བླངས་པར། ཁྱེད་ཀྱི་སྒྲིག་སྲོལ་རྣམས་དང་འགལ་ནས་སྡིག་པ་བྱས། མི་སུས་ཀྱང་བཀའ་ཁྲིམས་བསྲུངས་ན་འཚོ་བར་འགྱུར། དེ་དག་གིས་རང་གི་གཉའ་མ་བསྒུར་བར་སྐེ་གཅུས་ནས་མཇིང་པ་གྱོང་པོ་བྱས་ཏེ་མ་མཉན་ནོ། ། \v 30 འོན་ཀྱང་ཁྱེད་ཀྱིས་ལོ་མང་པོར་ཐུགས་བཟོད་མཛད་ཅིང་། ལུང་སྟོན་པ་རྣམས་བརྒྱུད་ནས་ཁྱེད་ཀྱི་ཐུགས་ཉིད་ཀྱིས་དེ་དག་ལ་སྐུལ་མ་བཏང་ཡང་། དེ་དག་གི་རྣ་བ་མ་བཏུད། དེ་བས་ཁྱེད་ཀྱིས་དེ་དག་ཡུལ་སོ་སོའི་ཡུལ་མི་ལག་ཏུ་སྤྲད་དོ། ། \v 31 འོན་ཀྱང་ཁྱེད་ཀྱི་སྙིང་རྗེ་ཆེན་པོའི་རྐྱེན་གྱིས་དེ་དག་ཡོངས་སུ་རྩ་མེད་དུ་མ་བཏང་བ་དང་། དོར་བར་མ་བྱས་སོ། །གང་ལ་ཞེ་ན། ཁྱེད་ནི་ཐུགས་རྗེ་ཅན་དང་སྙིང་རྗེ་ཆེན་པོ་མངའ་བའི་དཀོན་མཆོག་ལགས་སོ། ། \v 32 ད་ནི་ཀྱེ་ཀྱེ་ངེད་ཅག་གི་དཀོན་མཆོག་ལགས། ཁྱེད་ནི་ཆེས་ཆེན་པོ་དང་། ནུས་མཐུ་བླ་ན་འཕགས་པ། ཆེས་འཇིགས་སུ་རུང་བ། དམ་བཅའ་བཞིན་དུ་མཛད་ཅིང་ཐུགས་བརྩེ་བར་མཛད་པའི་དཀོན་མཆོག་ལགས། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱི་དུས་ནས་དེ་རིང་གི་བར་དུ་ངེད་ཅག་གི་རྒྱལ་པོ་དང་སྐུ་དྲག་དང་། མཆོད་དཔོན་དང་། ལུང་སྟོན་པ་དང་། ཕ་མེས་དང་། འབངས་མི་ཡོངས་ཀྱི་སྟེང་དུ་བབས་པའི་སྡུག་བསྔལ་དེ་ཚང་མ་ཁྱེད་ཀྱིས་དོན་ཆུང་བར་མི་དགོངས་པར་མཛོད། \v 33 ངེད་ཅག་ལ་བྱུང་བའི་དོན་ཐམས་ཅད་ཀྱི་སྟེང་ནས་ཁྱེད་ནི་དྲང་བདེན་ལགས་ཏེ། ཁྱེད་ཀྱིས་མཛད་པ་ཐམས་ཅད་དྲང་བདེན་ཡིན་པ་དང་། ངེད་ཅག་གིས་བྱས་པ་ཐམས་ཅད་ནི་ངན་པ་ཡིན་ནོ། ། \v 34 ངེད་ཅག་གི་རྒྱལ་པོ་དང་། སྐུ་དྲག་དང་། མཆོད་དཔོན་དང་། ཕ་མེས་རྣམས་ཀྱིས་ཁྱེད་ཀྱི་བཀའ་ཁྲིམས་མ་བསྲུངས་པ་དང་། ཁྱེད་ཀྱི་བཀའ་རྒྱ་དང་ཁྱེད་ཀྱིས་དེ་དག་ལ་བསྐུལ་མ་བཏང་བ་རྣམས་ལའང་མ་མཉན་ནོ། ། \v 35 དེ་དག་གིས་རང་གི་རྒྱལ་ཁམས་ནས་ཁྱེད་ཀྱི་བཀའ་དྲིན་ཆེན་པོ་དང་དུ་བླངས་པ་དང་། ཁྱེད་ཀྱིས་དེ་དག་ལ་གནང་བའི་རྒྱ་ཆེ་ཞིང་ཕྱུག་པོ་ཡིན་པའི་ཡུལ་འདི་རུ། དེ་དག་གིས་ཁྱེད་ལ་ཞབས་ཕྱི་མ་བསྒྲུབས་པ་དང་རང་གི་ལས་ངན་པ་རྣམས་ཀྱང་མ་སྤངས་སོ། ། \v 36 གཟིགས་དང་། ད་ལྟ་ངེད་ཅག་ནི་གཡོག་པོར་གྱུར་ཏེ། ཁྱེད་ཀྱིས་ངེད་ཅག་གི་ཕ་མེས་རྣམས་ལ་ཐོན་རྫས་དང་སྐྱེ་དངོས་ཡིད་དུ་འོང་བ་ལོངས་སུ་སྤྱོད་པར་གནང་བའི་ཡུལ་ལ་གཟིགས་དང་། ངེད་ཅག་ཡུལ་འདི་རུ་གཡོག་པོར་གྱུར་ཏོ། ། \v 37 ས་འདིའི་ཐོན་རྫས་མང་པོ་རྒྱལ་པོ་རྣམས་ལ་དབང་བ་དང་། ངེད་ཅག་གི་སྡིག་པའི་རྐྱེན་གྱིས་ཁྱེད་ཀྱིས་རྒྱལ་པོ་རྣམས་ནི་ངེད་ཅག་ལ་དབང་བྱེད་པར་གནང་བ་དང་། དེ་རྣམས་ཀྱིས་ངེད་ཅག་གི་ལུས་ཕུང་དང་ཕྱུགས་ཟོག་གཉིས་ལ་གང་འདོད་བཞིན་དུ་དབང་བྱས་པས། ངེད་ཅག་སྡུག་བསྔལ་ཆེན་པོའི་ནང་དུ་ལྷུང་ངོ་ཞེས་ཞུས་ཤིག་སྨྲས་སོ། ། \s1 སྤྱི་གན་གྱི་སྟེང་ལ་མིང་རྟགས་བཀོད་པའི་མི། \p \v 38 བྱ་བ་འདི་ཐམས་ཅད་ཀྱི་རྐྱེན་གྱིས་འགྱུར་དུ་མེད་པའི་གན་རྒྱ་བྲིས་ཤིང་ངེད་རྣམས་ཀྱི་འགོ་དཔོན་དང་། ལེ་ཝི་པ་རྣམས་དང་། མཆོད་དཔོན་རྣམས་ཀྱིས་དེ་ལ་མིང་རྟགས་བཀོད་དོ། ། \c 10 \cl ལེའུ་བཅུ་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \p \v 1 མིང་རྟགས་བཀོད་པའི་མི་རྣམས་ནི། ཧ་ཁལ་ཡཱའི་བུ་སྟེ་འགོ་དཔོན་ནེ་ཧེམ་ཡཱ་དང་། ཚིད་ཀི་ཡཱ། \v 2 སེ་ར་ཡཱ། ཨ་ཟར་ཡཱ། ཡེ་རེམ་ཡཱ། \v 3 ཕཱ་ཤུར། ཨ་མར་ཡཱ། མལ་ཀི་ཡཱ། \v 4 ཧད་ཏུས། ཤེ་བན་ཡཱ། མལ་ལུག \v 5 ཧ་རིམ། མེ་རེ་མོད། ཨོ་བད་ཡཱ། \v 6 དཱ་ནེ་ཨེལ། གིན་ནེ་ཐོན། པཱ་རུག \v 7 མཱེ་ཤུལ་ལིམ། ཨ་བི་ཡཱ། མི་ཡཱ་མིན། \v 8 མ་ཨ་ཟི་ཡཱ། པིལ་ག་ཨི། ཤེ་མ་ཡཱ་བཅས་མཆོད་དཔོན་རྣམས་སོ། ། \v 9 ཡང་ལེ་ཝི་པ་ཨ་ཟན་ཡཱའི་བུ་ཡེ་ཤུ་ཨ་དང་། ཧེ་ན་དད་ཀྱི་བུ་རྒྱུད་ལས་པིན་ནུ་ཨི། ཀད་མི་ཨེལ་དང་། \v 10 དེ་དག་གི་སྤུན་རྣམས་ནི། ཤེ་བན་ཡཱ། ཧོ་དི་ཡཱ། ཀེ་ལི་ཏ། ཕེ་ལ་ཡཱ། ཧ་ནན། \v 11 མི་ཀ རེ་ཧོབ། ཧ་ཤབ་ཡཱ། \v 12 ཟག་ཀུར། ཤེ་རེབ་ཡཱ། ཤེ་བན་ཡཱ། \v 13 ཧོ་དི་ཡཱ། པཱ་ནི། པེ་ནེ་ནོ་བཅས་སོ། ། \v 14 འབངས་མིའི་འགོ་དཔོན་རྣམས་ནི། ཕཱར་ཨོ་སི། ཕཱ་ཧད་མོ་ཨབ། ཨེ་ལཱམ། ཟད་ཐུ། པཱ་ནི། \v 15 པུན་ནི། ཨས་གད། པེ་བཱ་ཨི། \v 16 ཨ་དོ་ནི་ཡཱ། པིག་ཝ་ཨི། ཨ་དིན། \v 17 ཨ་ཏེར། ཧི་ཟི་ཀི་ཡཱ། ཨ་ཟུར། \v 18 ཧོ་དི་ཡཱ། ཧ་ཤུམ། པེ་ཙ་ཨི། \v 19 ཧ་རིབ། ཨ་ན་ཐོད། ནོ་བཱ་ཨི། \v 20 མག་བི་ཨ་སི། མཱེ་ཤུལ་ལིམ། ཧེ་ཟིར། \v 21 མེ་ཤེ་ཟ་བ་ཨེལ། ཟཱ་ཏོག ཡད་དུ་ཨ། \v 22 ཕེ་ལད་ཡཱ། ཧ་ནན། ཨ་ན་ཡཱ། \v 23 ཧོ་ཤེ་ཨ། ཧ་ནན་ཡཱ། ཧ་ཤུབ། \v 24 ཧ་ལོ་ཧེས། ཕིལ་ཧཱ། ཤོ་བེག \v 25 རེ་ཧུམ། ཧ་ཤབ་ནཱ། མ་ཨ་སེ་ཡཱ། \v 26 ཨ་ཧི་ཡཱ། ཧ་ནན། ཨ་ནན། \v 27 མལ་ལུག ཧ་རིམ། པ་ཨ་ནཱ་རྣམས་སོ། ། \s1 སྤྱི་གན་གྱི་བརྗོད་བྱ། \p \v 28 གཞན་འབངས་མི་དང་མཆོད་དཔོན་དང་། ལེ་ཝི་པ། སྒོ་སྲུང་། མགུར་ལེན་མཁན། མཆོད་གཡོག ཉེ་འཁོར་གྱི་མི་རིགས་རྣམས་ལས་ལོགས་སུ་བཀར་ནས་དཀོན་མཆོག་གི་བཀའ་ཁྲིམས་ལ་བསྟུན་མཁན་དག་དང་། དེ་རྣམས་ཀྱི་ཆུང་མ་དང་བུ་དང་བུ་མོ་ལས་གོ་རྟོགས་ཡོད་པ་ཐམས་ཅད་ཀྱིས། \v 29 རང་རང་གི་སྐུ་དྲག་སྤུན་རྣམས་ལ་བསྟུན་ནས་དཀོན་མཆོག་གིས་ཞབས་ཕྱི་མོ་ཤེ་བརྒྱུད་ནས་གནང་བའི་བཀའ་ཁྲིམས་བཞིན་དུ་བྱེད་པ་དང་། བདག་ཅག་གི་གཙོ་བོ་ཡ་ཝཱེའི་བཀའ་རྒྱ་དང་སྒྲིག་ཁྲིམས་དང་ཁྲིམས་སྲོལ་བཞིན་དུ་གཟབ་ནན་ངང་བསྲུང་བར་མནའ་བསྐྱལ་བའོ། ། \v 30 ངེད་ཀྱིས་རང་གི་བུ་མོ་རྣམས་ཡུལ་འདིའི་མི་རྣམས་ལ་བག་མར་མི་སྟེར་བ་དང་། དེ་དག་གི་བུ་མོ་རྣམས་ཀྱང་རང་གི་བུ་རྣམས་ལ་མནའ་མར་མི་ལེན། \v 31 གལ་ཏེ་ཡུལ་མི་རྣམས་ཀྱིས་ངལ་གསོ་བའི་ཉིན་མོའམ་ཉིན་དམ་པར་ཚོང་རྫས་སམ་ཟས་རིགས་འཚོང་དུ་ཁྱེར་ཡོང་ན། ངེད་རྣམས་ཀྱིས་གཏན་ནས་མི་ཉོ། ལོ་བདུན་པ་རེ་ལ་ཞིང་ཡང་མི་རྨོ། དོམ་ཆད་པ་དག་ཀྱང་གཏན་ནས་འདེད་པར་མི་བྱའོ། ། \v 32 ངེད་རྣམས་ཀྱིས་དམ་བཅས་པ་ལྟར་ལོ་རེ་བཞིན་དངུལ་སྲང་གསུམ་ཆ་གཅིག་ཕུལ་ཏེ། དཀོན་མཆོག་གི་མཆོད་ཁང་དུ་བཀོལ་སྤྱོད་བྱེད་དོ། ། \v 33 སྤྱན་བསྟར་བག་ལེབ་དང་། རྒྱུན་དུ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་དང་སྦྱིན་སྲེག ངལ་གསོ་བའི་ཉིན་མོ་དང་། ཚེས་གཅིག་དང་དུས་ཆེན་ལ་འབུལ་བའི་སྦྱིན་སྲེག་དང་རྫས་དམ་པ་དང་། ཡེས་ར་ཨེལ་གྱི་སྡིག་བཤགས་མཆོད་པ་དང་། ངེད་ཀྱི་དཀོན་མཆོག་གི་མཆོད་ཁང་གི་ལས་ཐམས་ཅད་ཀྱི་ཕྱིར་བཀོལ་བ་ཡིན། \v 34 ངེད་རྣམས་ཀྱི་མཆོད་དཔོན་དང་ལེ་ཝི་པ་དང་འབངས་མི་རྣམས་ཀྱི་ནང་དུ་རྒྱན་བླངས་ཏེ། ལོ་རེར་ཕ་མེས་ཀྱི་དུས་བཅད་ལྟར་ཕུལ་བའི་བུད་ཤིང་ནི་རང་གི་དཀོན་མཆོག་གི་མཆོད་ཁང་དུ་བསྐྱལ་བ་དང་། བཀའ་ཁྲིམས་ནང་དུ་བཀོད་ཡོད་པ་བཞིན་རང་གི་དཀོན་མཆོག་ཡ་ཝཱེའི་མཆོད་ཁྲི་སྟེང་མེར་བསྲེགས་པའོ། ། \v 35 གཞན་ཡང་། ལོ་རེ་བཞིན་བདག་ཅག་གིས་ས་སྟེང་གི་ཐོན་རྫས་ཐོག་ཕུད་དང་ལྗོན་ཤིང་གི་འབྲས་བུ་ཐོག་མ་ཐམས་ཅད་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འབུལ་ལོ། ། \v 36 ཡང་བཀའ་ཁྲིམས་ནང་བཀོད་ཡོད་པ་བཞིན་དུ། ངེད་རྣམས་ཀྱིས་རང་གི་བུ་སྐྱེས་འགོ་དང་སྒོ་ཕྱུགས་ནས་སྐྱེས་པའི་སྔོན་མ་རྣམས་ངེད་ཀྱི་དཀོན་མཆོག་གི་མཆོད་ཁང་དུ་འབུལ་བ་དང་། དཀོན་མཆོག་གི་མཆོད་ཁང་དུ་ཞབས་ཏོག་སྒྲུབ་པའི་མཆོད་དཔོན་རྣམས་ལ་འབུལ་བར་བྱའོ། ། \v 37 རང་གི་ཐོག་ཕུད་ཀྱི་གྲོ་ཕྱེ་དང་། ཤིང་ཏོག་རིགས་ཐམས་ཅད་ཀྱི་འབྲས་བུ་དང་། རྒུན་ཆང་གསར་པ་དང་སྣུམ་གསར་པ་མཆོད་དཔོན་ལ་འབུལ་བ་དང་། བདག་ཅག་གི་དཀོན་མཆོག་གི་མཆོད་ཁང་གི་མཛོད་ཁང་དུ་བསྡུ་བར་བྱ། ངེད་ཅག་གི་ས་ཞིང་ནས་སྐྱེ་དངོས་ཐམས་ཅད་ཀྱི་བཅུ་ཆའི་གཅིག་ལེ་ཝི་པ་རྣམས་ལ་འབུལ་བ་དང་། ལེ་ཝི་པ་རྣམས་ཀྱིས་ངེད་ཅག་གི་མཁར་གྲོང་ནས་ས་ཞིང་ལས་བཅུ་ཆའི་གཅིག་ལེན་འོས་པས་སོ། ། \v 38 ལེ་ཝི་པ་རྣམས་ཀྱིས་བཅུ་ཆའི་གཅིག་ལེན་དུས། ཨ་རོན་གྱི་བུ་རྒྱུད་ཀྱི་མཆོད་དཔོན་ཞིག་ལེ་ཝི་པ་དང་མཉམ་དུ་ཡོད་དགོས། ལེ་ཝི་པ་རྣམས་ཀྱིས་ཀྱང་བཅུ་ཆའི་གཅིག་ལས་བཅུ་ཆའི་གཅིག་ངེད་ཀྱི་དཀོན་མཆོག་གི་མཆོད་ཁང་དུ་འབུལ་བ་དང་། མཛོད་ཁང་གི་ཁང་མིག་རྣམས་ཀྱི་ནང་དུ་འཇོག་དགོས། \v 39 གང་ལ་ཞེ་ན། ཡེས་ར་ཨེལ་པ་དང་ལེ་ཝི་པ་རྣམས་ཀྱིས་བསྡུ་བའི་འབྲུ་དང་། རྒུན་ཆང་གསར་པ་དང་། སྣུམ་གསར་པ་དག་གནས་མཆོག་གི་ཡོ་བྱད་ཡོད་པའི་མཛོད་ཁང་དུ་བསྡུས་ནས། ཞབས་ཏོག་འབུལ་བའི་མཆོད་དཔོན་དང་སྒོ་སྲུང་དང་། མགུར་ལེན་མཁན་ཐམས་ཅད་དེར་ཡོད་པ་དང་། ངེད་ཅག་གིས་རང་གི་དཀོན་མཆོག་གི་མཆོད་ཁང་སྣང་མེད་དུ་མི་བྱའོ་ཞེས་དམ་བཅས་སོ། ། \c 11 \cl ལེའུ་བཅུ་གཅིག་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ཡེ་རུ་སཱ་ལེམ་དུ་བསྡད་ཡོད་པའི་མི། \p \v 1 ཡང་འབངས་མིའི་འགོ་དཔོན་རྣམས་ཡེ་རུ་སཱ་ལེམ་དུ་གཞི་སྡོད་བྱས་པ་དང་། དེའི་འཕྲོ་ཡི་འབངས་མི་རྣམས་ཀྱིས་རྒྱན་བླངས་ནས་མི་བཅུ་རེའི་ནང་ནས་གཅིག་བདམས་པ་དེ་གྲོང་ཁྱེར་དམ་པ་ཡེ་རུ་སཱ་ལེམ་དུ་གཞི་སྡོད་བྱས་པ་དང་། གཞན་མི་དགུ་བོ་ནི་གྲོང་ཁྱེར་གཞན་དུ་གནས་སོ། ། \v 2 ཡེ་རུ་སཱ་ལེམ་དུ་དགའ་མོས་ངང་འདུག་པར་འབངས་མི་ཐམས་ཅད་ཀྱིས་དེ་དག་ལ་བྱིན་གྱིས་བརླབས་པ་ཡིན། \v 3 ཡེས་ར་ཨེལ་པ་དང་། མཆོད་དཔོན། ལེ་ཝི་པ། མཆོད་གཡོག སོ་ལོ་མོན་གྱི་ཞབས་ཕྱི་པ་རྣམས་ཀྱི་བུ་རྒྱུད་ཡ་ཧུ་དཱའི་གྲོང་ཁྱེར་ནང་དུ་གནས་པ་དང་། རེ་རེ་རང་རང་གི་མཁར་གྲོང་ནང་དུ་རང་གི་ས་གནས་སུ་སྡོད་པ་དང་། ཡེ་རུ་སཱ་ལེམ་དུ་གཞི་སྡོད་བྱེད་པའི་ས་འདིའི་འགོ་དཔོན་རྣམས་ནི་འདི་ལྟ་སྟེ། \v 4 ཡེ་རུ་སཱ་ལེམ་དུ་གནས་པ་ནི་ཡ་ཧུ་དཱ་པ་ཁ་ཤས་དང་པེན་ཡཱ་མེན་པ་ཁ་ཤས་ཡོད་པ་སྟེ། ཡ་ཧུ་དཱ་པ་ལས་ཕེ་རེལ་ཟིའི་བུ་རྒྱུད་ཨ་ཐ་ཡཱ་ཡོད་པ་ཡིན། ཨ་ཐ་ཡཱ་ནི་ཨུ་ཟི་ཡཱའི་བུ་དང་། ཨུ་ཟི་ཡཱ་ནི་ཟཱ་ཀར་ཡའི་བུ་དང་། ཟཱ་ཀར་ཡ་ནི་ཨ་མར་ཡཱའི་བུ་དང་། ཨ་མར་ཡཱ་ནི་ཤེ་ཕད་ཡཱའི་བུ་དང་། ཤེ་ཕད་ཡཱ་ནི་མཱ་ཧ་ལ་ཨེལ་གྱི་བུའོ། ། \v 5 དེར་མ་ཟད་པ་རུག་གི་བུ་མ་ཨ་སེ་ཡཱ་ཡོད་པ་དང་། པ་རུག་ནི་ཀོལ་ཧོ་ཟེའི་བུ་དང་། ཀོལ་ཧོ་ཟེ་ནི་ཧ་ཟ་ཡཱའི་བུ་དང་། ཧ་ཟ་ཡཱ་ནི་ཨ་ད་ཡཱའི་བུ་དང་། ཨ་ད་ཡཱ་ནི་ཡོ་ཡ་རིབ་ཀྱི་བུ་དང་། ཡོ་ཡ་རིབ་ནི་ཟཱ་ཀར་ཡའི་བུ་དང་། ཟཱ་ཀར་ཡ་ནི་ཞི་ལོ་པའི་བུའོ། ། \v 6 ཡེ་རུ་སཱ་ལེམ་དུ་གནས་པའི་ཕེ་རེལ་ཟིའི་བུ་རྒྱུད་བསྡོམས་པས་བཞི་བརྒྱ་དྲུག་ཅུ་རེ་བརྒྱད་ཡོད། ཐམས་ཅད་དཔའ་རྩལ་ཅན་ཡིན། \v 7 ཡང་པེན་ཡཱ་མེན་པའི་ཁྲོད་སལ་ལུ་ཡོད་པ་དང་། སལ་ལུ་ནི་མཱེ་ཤུལ་ལིམ་གྱི་བུ་དང་། མཱེ་ཤུལ་ལིམ་ནི་ཡོ་ཨེད་ཀྱི་བུ་དང་། ཡོ་ཨེད་ནི་ཕེ་ད་ཡཱའི་བུ་དང་། ཕེ་ད་ཡཱ་ནི་ཀོ་ལ་ཡཱའི་བུ་དང་། ཀོ་ལ་ཡཱ་ནི་མ་ཨ་སེ་ཡཱའི་བུ་དང་། མ་ཨ་སེ་ཡཱ་ནི་ཨི་ཐི་ཨེལ་གྱི་བུ་དང་། ཨི་ཐི་ཨེལ་ནི་ཡེ་ཤ་ཡཱའི་བུའོ། ། \v 8 ཡང་དེའི་རྗེས་སུ་གབ་བ་ཨི་དང་སལ་ལཱ་ཨི་བཅས་མི་དགུ་བརྒྱ་དང་ཉེར་བརྒྱད་ཡོད་དོ། ། \v 9 ཟིག་རིའི་བུ་ཡོ་ཨེལ་ནི་དེ་དག་གི་འགོ་དཔོན་ཡིན་པ་དང་། ཧ་སེ་ནུ་ཨའི་བུ་ཡ་ཧུ་དཱ་ཞེས་བྱ་བ་ནི་ཡེ་རུ་སཱ་ལེམ་གྱི་འགོ་དཔོན་གཞོན་པ་ཡིན། \v 10 ཡང་མཆོད་དཔོན་རྣམས་ཀྱི་གྲས་ནས་ཡོ་ཡ་རིབ་ཀྱི་བུ་ཡེ་དཱ་ཡ་དང་། ད་དུང་ཡཱ་ཀིན་ཞེས་པ་དང་། \v 11 དཀོན་མཆོག་གི་མཆོད་ཁང་དུ་བདག་གཉེར་བྱེད་མཁན་སེ་ར་ཡཱ་ཡང་ཡོད་པ་དང་། སེ་ར་ཡཱ་ནི་ཧིལ་ཀི་ཡཱའི་བུ་དང་། ཧིལ་ཀི་ཡཱ་ནི་མཱེ་ཤུལ་ལིམ་གྱི་བུ་དང་། མཱེ་ཤུལ་ལིམ་ནི་ཟཱ་ཏོག་གི་བུ་དང་། ཟཱ་ཏོག་ནི་མེ་ར་ཡོད་ཀྱི་བུ་དང་། མེ་ར་ཡོད་ནི་ཨ་ཧི་ཏུབ་ཀྱི་བུ་ཡིན་ནོ། ། \v 12 ཡང་མཆོད་ཁང་དུ་ཞབས་ཏོག་སྒྲུབ་པ་དེ་དག་གི་སྤུན་བརྒྱད་བརྒྱ་དང་ཉེར་གཉིས་ཡོད་པ་ཡིན། དེར་མ་ཟད་ཨ་ད་ཡཱ་ཡོད་པ་སྟེ། ཨ་ད་ཡཱ་ནི་ཡེ་རོ་ཧམ་གྱི་བུ་དང་། ཡེ་རོ་ཧམ་ནི་ཕེ་ལལ་ཡའི་བུ་དང་། ཕེ་ལལ་ཡ་ནི་ཨམ་ཙིའི་བུ་དང་། ཨམ་ཙི་ནི་ཟཱ་ཀར་ཡའི་བུ་དང་། ཟཱ་ཀར་ཡ་ནི་ཕཱ་ཤུར་གྱི་བུ་དང་། ཕཱ་ཤུར་ནི་མལ་ཀི་ཡཱའི་བུའོ། ། \v 13 ཡང་ཁོ་ཚོའི་སྤུན་ཚོ་དཔོན་ཡིན་པ་ཉིས་བརྒྱ་བཞི་བཅུ་ཞེ་གཉིས་ཡོད་པ་དང་། ཡང་ཨ་མས་སཱ་ཨི་ཡོད་པ་སྟེ། ཨ་མས་སཱ་ཨི་ནི་ཨ་ཟ་ར་ཨེལ་གྱི་བུ་དང་། ཨ་ཟ་ར་ཨེལ་ནི་ཨ་ཧ་ས་ཨིའི་བུ་དང་། ཨ་ཧ་ས་ཨི་ནི་མེ་ཤིལ་ལེ་མོད་ཀྱི་བུ་དང་། མེ་ཤིལ་ལེ་མོད་ནི་ཨིམ་མེར་གྱི་བུའོ། ། \v 14 ཡང་དེ་དག་གི་སྤུན་དཔའ་རྩལ་ཅན་བསྡོམས་པས་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། དེ་དག་གི་འགོ་དཔོན་ནི་ཧ་གེ་དོ་ལིམ་གྱི་བུ་ཟབ་དི་ཨེལ་ཡིན། \v 15 ཡང་ལེ་ཝི་པ་རྣམས་ལས་ཤེ་མཱ་ཡ་ཡོད་པ་སྟེ། ཤེ་མཱ་ཡ་ནི་ཧ་ཤུབ་ཀྱི་བུ་དང་། ཧ་ཤུབ་ནི་ཨས་རི་ཀམ་གྱི་བུ་དང་། ཨས་རི་ཀམ་ནི་ཧ་ཤབ་ཡཱའི་བུ་དང་། ཧ་ཤབ་ཡཱ་ནི་པུན་ནིའི་བུའོ། ། \v 16 ཡང་ལེ་ཝི་པའི་ཚོ་དཔོན་ཤབ་བེ་ཐ་ཨི་དང་ཡོ་ཟཱ་བད་གཉིས་ཀྱིས་དཀོན་མཆོག་གི་མཆོད་ཁང་གི་ཕྱི་རོལ་གྱི་ལས་ལ་བདག་བྱེད་པ་ཡིན། \v 17 གསོལ་བ་འདེབས་པའི་ཚེ་བསྟོད་པ་འབུལ་བའི་དབུ་མཛད་དུ་མི་ཀཱ་ཡི་བུ་མད་ཐན་ཡཱ་ཡོད་པ་ཡིན། མི་ཀཱ་ནི་ཟབ་དིའི་བུ་དང་། ཟབ་དི་ནི་ཨ་སབ་ཀྱི་བུའོ། །ཡང་མད་ཐན་ཡཱའི་སྤུན་རྣམས་ལས་པག་པུག་ཡཱ་ནི་འགོ་དཔོན་གཞོན་པ་ཡིན་ལ། ད་དུང་ཨབ་དཱ་ཡོད་པ་སྟེ། ཨབ་དཱ་ནི་ཤམ་མུ་ཨའི་བུ་དང་། ཤམ་མུ་ཨ་ནི་ག་ལལ་གྱི་བུ་དང་། ག་ལལ་ནི་ཡེ་དུ་ཐུན་གྱི་བུའོ། ། \v 18 གྲོང་ཁྱེར་དམ་པ་རུ་གནས་པའི་ལེ་ཝི་པའི་བསྡོམས་གྲངས་ནི་ཉིས་བརྒྱ་བརྒྱད་ཅུ་གྱ་བཞི་ཡོད་པ་ཡིན། \v 19 སྒོ་སྲུང་ཨག་ཀུབ་དང་ཏལ་མོན་གཉིས་དང་། སྒོ་རེ་རེ་བསྲུངས་པ་དེ་དག་གི་སྤུན་བརྒྱ་དང་བདུན་ཅུ་དོན་གཉིས་ཡོད་པ་ཡིན་ནོ། ། \v 20 དེ་འཕྲོའི་ཡེས་ར་ཨེལ་པ་དང་མཆོད་དཔོན་དང་ལེ་ཝི་པ་ཐམས་ཅད་ཡ་ཧུ་དཱའི་གྲོང་ཁྱེར་སོ་སོ་རུ་རང་རང་གི་གནས་སུ་བསྡད་ཡོད། \v 21 མཆོད་གཡོག་རྣམས་ནི་ཨོ་ཕེལ་དུ་གནས་ཏེ། ཁོ་ཚོར་ཙི་ཧཱ་དང་གེས་པ་གཉིས་ཀྱིས་བདག་སྐྱོང་བྱེད་ཀྱི་ཡོད་པ་ཡིན། \v 22 ཡང་ཡེ་རུ་སཱ་ལེམ་དུ་གནས་པའི་ལེ་ཝི་པ་རྣམས་ཀྱི་འགོ་དཔོན་དང་། དཀོན་མཆོག་གི་མཆོད་ཁང་ལ་བདག་སྐྱོང་བྱེད་པའི་ལས་ནི་མགུར་ལེན་མཁན་ཨ་སབ་ཀྱི་བུ་རྒྱུད་ཨུ་ཟི་ཡིན་པ་དང་། ཨུ་ཟི་ནི་པཱ་ནིའི་བུ་དང་། པཱ་ནི་ནི་ཧ་ཤབ་ཡཱའི་བུ་དང་། ཧ་ཤབ་ཡཱ་ནི་མད་ཐན་ཡཱའི་བུ་དང་། མད་ཐན་ཡཱ་ནི་མི་ཀཱའི་བུའོ། ། \v 23 ཡང་རྒྱལ་པོའི་བཀའ་ལྟར་མགུར་ལེན་མཁན་དག་ལ་ཉིན་རེ་བཞིན་དུ་འབྲུ་ཕོག་སྦྱིན་པ་ཡིན། \v 24 ཡང་ཡ་ཧུ་དཱའི་བུ་ཟེ་རག་གི་བུ་རྒྱུད་ལས་བྱུང་བའི་མེ་ཤེ་ཟ་བེ་ཨེལ་གྱི་བུ་ཕེ་ཐ་ཡཱ་ནི་འབངས་མིའི་བྱ་བ་ཐམས་ཅད་བསྒྲུབ་པར་རྒྱལ་པོའི་སྐུ་མདུན་དུ་ཡོད་པ་ཡིན་ནོ། ། \s1 གྲོང་རྡལ་དང་གྲོང་ཚོ་གཞན་དུ་སྡོད་པའི་མི། \p \v 25 གྲོང་ཚོ་དང་ཞིང་ས་སོ་སོའི་སྐོར་ནི། ཡ་ཧུ་དཱ་པ་རྣམས་ནི་ཀིར་ཡཱད་ཨར་པཱ་དང་དེའི་གྲོང་རྡལ་དུ་གནས་པ་དང་། དི་བོན་དང་དེའི་གྲོང་རྡལ་དུ་གནས་པ་དང་། ཡེ་ཀབ་ཙེ་ཨེལ་དང་དེའི་གྲོང་ཚོ་རུ་གནས་པ་ཡིན། \v 26 གཞན་ཡང་། ཡེ་ཤུ་ཨ་དང་མོ་ལ་དཱ་དང་པེད་ཕེ་ལེད་དང་། \v 27 ཧ་ཚར་ཤུ་ཨལ་དང་པེར་ཤ་བཱ་དང་དེའི་གྲོང་རྡལ་རྣམས་དང་། \v 28 ཙིག་ལག་དང་མེ་ཁོ་ནཱ་དང་དེའི་གྲོང་རྡལ་རྣམས་དང་། \v 29 ཨེན་རིམ་མོན་དང་ཚོར་ཨ་དང་ཡར་མུད་དང་། \v 30 ཟཱ་ནོ་ཨ་དང་ཨ་དུལ་ལཱམ་དང་དེ་དག་གི་གྲོང་ཚོ་རྣམས་དང་། ལཱ་ཀི་སི་དང་དེའི་ཞིང་ས་རྣམས་དང་། ཨ་ཟེ་ཀཱ་དང་དེའི་གྲོང་རྡལ་རྣམས་དང་པེར་ཤ་བཱ་ནས་ཧིན་ནོམ་ལུང་པའི་བར་དུ་གཞི་སྡོད་བྱེད་པ་ཡིན། \v 31 པེན་ཡཱ་མེན་པ་རྣམས་ནི་གེ་བཱ་ནས་བཟུང་སྟེ། མིགས་མཱ་སི་དང་ཨ་ཡཱ་དང་པེད་ཨེལ་དང་དེའི་གྲོང་རྡལ་རྣམས་སུ་གཞི་སྡོད་བྱེད་པ་ཡིན། \v 32 ཨ་ན་ཐོད་དང་ནོབ་དང་ཨ་ནན་ཡཱ་དང་། \v 33 ཧ་ཟོར་དང་རཱ་མ་དང་གིད་ཏཱ་ཡིམ་དང་། \v 34 ཧ་དིད་དང་ཙེ་བོ་ཡིམ་དང་ནེ་བལ་ལད་དང་། \v 35 ལོད་དང་། ཨོ་ནོ་དང་ལག་ཤེས་ལུང་པའི་བར་དུ་གནས་པ་དང་། \v 36 ཡང་ཡ་ཧུ་དཱའི་ས་ཁུལ་གྱི་ལེ་ཝི་པ་ཁ་ཤས་པེན་ཡཱ་མེན་ལ་དབང་བ་ཡིན་ནོ། ། \c 12 \cl ལེའུ་བཅུ་གཉིས་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 མཆོད་དཔོན་དང་ལེ་ཝི་པའི་མིང་ཐོ། \p \v 1 འདི་དག་ནི་ཞིད་ཨལ་ཐེ་ཨེལ་གྱི་བུ་ཟེ་རུ་པཱ་པེལ་དང་ཡེ་ཤུ་ཨ་བཅས་དང་མཉམ་དུ་ཡར་འོངས་པའི་མཆོད་དཔོན་དང་ལེ་ཝི་པ་རྣམས་ཡིན་ཏེ། སེ་ར་ཡཱ་དང་། ཡེ་རེམ་ཡཱ། ཨེས་སི་རཱ། \v 2 ཨ་མར་ཡཱ། མལ་ལུག ཧད་ཏུས། \v 3 ཤེ་ཀན་ཡཱ། རེ་ཧུམ། མེ་རེ་མོད། \v 4 ཨིད་དོ། གིན་ནེ་ཐོ། ཨ་བི་ཡཱ། \v 5 མི་ཡཱ་མིན། མ་ཨད་ཡཱ། པིལ་གཱ \v 6 ཤེ་མ་ཡཱ། ཡོ་ཡ་རིབ། ཡེ་དཱ་ཡ་དང་། \v 7 སལ་ལུ། ཨ་མོག ཧིལ་ཀི་ཡཱ། ཡེ་དཱ་ཡ་བཅས་མི་འདི་དག་ནི་ཡེ་ཤུ་ཨའི་དུས་སྐབས་སུ་མཆོད་དཔོན་དང་། དེ་དག་གི་སྤུན་རྣམས་ཀྱི་འགོ་དཔོན་ཡིན་ནོ། ། \v 8 ཡང་ལེ་ཝི་པ་རྣམས་ལས། ཡེ་ཤུ་ཨ་དང་། པིན་ནུ་ཨི། ཀད་མི་ཨེལ། ཤེ་རེབ་ཡཱ། ཡ་ཧུ་དཱ། མད་ཐན་ཡཱ་དང་དེའི་སྤུན་རྣམས་ཀྱིས་བསྟོད་པའི་མགུར་མའི་དབུ་མཛད་ཀྱི་འགན་འཁུར་ཡོད། \v 9 དེར་མ་ཟད་དེ་དག་གི་སྤུན་པག་པུག་ཡཱ་དང་ཨུན་ནི་གཉིས་ཀྱིས་དེ་དག་གི་མདུན་དུ་ལངས་ནས་ཞབས་ཞུ་བྱས་སོ། ། \s1 མཆོད་དཔོན་ཆེན་པོ་ཡེ་ཤུ་ཨ་ཡི་བུ་རྒྱུད་རྣམས། \p \v 10 ཡང་ཡེ་ཤུ་ཨ་ལས་ཡོ་ཡ་ཀིམ་སྐྱེས། ཡོ་ཡ་ཀིམ་ལས་ཨེལ་ཡཱ་ཤིབ་སྐྱེས། ཨེལ་ཡཱ་ཤིབ་ལས་ཡོ་ཡ་དཱ་སྐྱེས། \v 11 ཡོ་ཡ་དཱ་ལས་ཡོ་ནཱ་ཐན་སྐྱེས། ཡོ་ནཱ་ཐན་ལས་ཡད་དུ་ཨ་སྐྱེས་སོ། ། \s1 ཚོ་དཔོན་དུ་སྡོད་པའི་མཆོད་དཔོན་རྣམས། \p \v 12 ཡོ་ཡ་ཀིམ་གྱི་དུས་སྐབས་སུ་མཆོད་དཔོན་རྣམས་ལས་ཚོ་དཔོན་བྱེད་པ་ནི་འདི་ལྟ་སྟེ། སེ་ར་ཡཱའི་རྒྱུད་དུ་མེ་ར་ཡཱ་ཡོད། ཡེ་རེམ་ཡཱའི་རྒྱུད་དུ་ཧ་ནན་ཡཱ་ཡོད། \v 13 ཨེས་སི་རཱའི་རྒྱུད་དུ་མཱེ་ཤུལ་ལིམ་ཡོད། ཨ་མར་ཡཱའི་རྒྱུད་དུ་ཡེ་ཧོ་ཧ་ནན་ཡོད། \v 14 མེ་ལི་ཀུའི་རྒྱུད་དུ་ཡོ་ནཱ་ཐན་ཡོད། ཤེ་བན་ཡཱའི་རྒྱུད་དུ་ཡོ་སེབ་ཡོད། \v 15 ཧ་རིམ་གྱི་རྒྱུད་དུ་ཨད་ན་ཡོད། མེ་ར་ཡོད་ཀྱི་རྒྱུད་དུ་ཧེལ་ཀཱ་ཨི་ཡོད། \v 16 ཨིད་དོའི་རྒྱུད་དུ་ཟཱ་ཀར་ཡ་ཡོད། གིན་ནེ་ཐོན་གྱི་རྒྱུད་དུ་མཱེ་ཤུལ་ལིམ་ཡོད། \v 17 ཨ་བི་ཡཱའི་རྒྱུད་དུ་ཟིག་རི་ཡོད། མིན་ཡ་མིན་གྱི་རྒྱུད་དང་མོ་ཨད་ཡའི་རྒྱུད་དུ་ཕིལ་ཏ་ཨི་ཡོད། \v 18 པིལ་གཱའི་རྒྱུད་དུ་ཤམ་མུ་ཨ་ཡོད། ཤེ་མ་ཡཱའི་རྒྱུད་དུ་ཡོ་ནཱ་ཐན་ཡོད། \v 19 ཡོ་ཡ་རིབ་ཀྱི་རྒྱུད་དུ་མད་ཏེ་ན་ཨི་ཡོད། ཡེ་དཱ་ཡའི་རྒྱུད་དུ་ཨུ་ཟི་ཡོད། \v 20 སལ་ལཱ་ཨིའི་རྒྱུད་དུ་ཀལ་ལ་ཨི་ཡོད། ཨ་མོག་གི་རྒྱུད་དུ་ཨེ་བེར་ཡོད། \v 21 ཧིལ་ཀི་ཡཱའི་རྒྱུད་དུ་ཧ་ཤབ་ཡཱ་ཡོད། ཡེ་དཱ་ཡའི་རྒྱུད་དུ་ནེ་ཐན་ཨེལ་ཡོད་པ་ཡིན་ནོ། ། \v 22 ཨེལ་ཡཱ་ཤིབ་དང་། ཡོ་ཡ་དཱ་དང་ཡོ་ཧ་ནན་དང་ཡད་དུ་ཨའི་དུས་སྐབས་སུ། ལེ་ཝི་པའི་ཕ་མེས་རྒྱུད་ཀྱི་ཚོ་དཔོན་རྣམས་ཀྱི་མིང་དང་མཆོད་དཔོན་རྣམས་ཀྱི་མིང་ཡང་ཏ་ཟིག་གི་རྒྱལ་པོ་དར་ཡཱའི་རིང་དུ་ལོ་རྒྱུས་ཟིན་ཐོའི་སྟེང་དུ་བྲིས་ཡོད་དོ། ། \v 23 ལེ་ཝི་པ་ལས་ཕ་མེས་རྒྱུད་ཀྱི་ཚོ་དཔོན་བྱེད་པ་རྣམས་ནི། ཨེལ་ཡཱ་ཤིབ་ཀྱི་བུ་ཡོ་ཧ་ནན་གྱི་དུས་སྐབས་བར་དུ་ལོ་རྒྱུས་ཟིན་ཐོའི་སྟེང་དུ་བྲིས་སོ། ། \v 24 ཡང་ལེ་ཝི་པ་རྣམས་ཀྱི་ཚོ་དཔོན་རྣམས་ནི། ཧ་ཤབ་ཡཱ་དང་ཤེ་རེབ་ཡཱ་དང་ཀད་མི་ཨེལ་གྱི་བུ་ཡེ་ཤུ་ཨ་བཅས་ཡིན་པ་དང་། དེ་དག་གི་སྤུན་རྣམས་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་བཀའ་བཞིན་དུ་བསྟོད་པ་དང་བཀའ་དྲིན་འབུལ་དུས་མདུན་དུ་ལངས་ནས་སྡོད་པ་ཡིན། \v 25 སྒོ་སྲུང་རྣམས་ནི་མད་ཐན་ཡཱ་དང་། པག་པུག་ཡཱ། ཨོ་བད་ཡཱ། མཱེ་ཤུལ་ལིམ། ཏལ་མོན། ཨག་ཁུབ་བཅས་ཡིན་ལ། མཛོད་ཁང་གི་སྒོ་བསྲུངས་ཏེ་ལངས་སྡོད་པའོ། ། \v 26 མི་འདི་དག་ཐམས་ཅད་ནི་ཡོ་ཚ་དག་གི་ཚ་བོའམ་ཡེ་ཤུ་ཨའི་བུ་ཡོ་ཡ་ཀིམ་དང་འགོ་དཔོན་ནེ་ཧེམ་ཡཱ་དང་། མཆོད་དཔོན་དང་དྲུང་ཡིག་ཨེས་སི་རཱའི་དུས་སྐབས་སུ་དེ་ལྟར་ཡོད་པ་ཡིན་ནོ། ། \s1 མཁར་གྱང་ལེགས་འགྲུབ་ཀྱི་མཛད་སྒོ། \p \v 27 ཡང་ཡེ་རུ་སཱ་ལེམ་གྱི་མཁར་གྱང་གི་ཆེད་དུ་སྟོན་མོར་རོལ་དུས། མང་ཚོགས་ཀྱིས་ལེ་ཝི་པ་རྣམས་ཡེ་རུ་སཱ་ལེམ་དུ་བསྡུ་བར་དེ་དག་གི་ས་གནས་སོ་སོ་ནས་བཙལ་ཏེ། བཀའ་དྲིན་ཞུ་བ་དང་གླུ་ལེན་པ་དང་། སྦུག་ཆལ་རྡུང་བ། རྒྱུད་མངས་དང་པི་ཝང་དཀྲོལ་བ་བཅས་ཀྱིས་དགའ་སྤྲོའི་ངང་སྟོན་མོའི་མཛད་སྒོར་རོལ་ཏོ། ། \v 28 དེ་ནས་མགུར་ལེན་མཁན་རྣམས་ཡེ་རུ་སཱ་ལེམ་གྱི་མཐའ་འཁོར་ནས་བསྡུས་ཏེ་ནེ་ཏོ་ཕཱ་པའི་གྲོང་ཚོ་དང་། \v 29 པེད་གིལ་གལ་དང་། གེ་བཱ་དང་ཨས་མ་ཝེད་ཀྱི་ཞིང་ས་ནས་འོངས། གང་ལ་ཞེ་ན། མགུར་ལེན་མཁན་རྣམས་ཀྱིས་ཡེ་རུ་སཱ་ལེམ་གྱི་ཉེ་འཁོར་དུ་རང་ཉིད་ཀྱི་ཕྱིར་གྲོང་ཚོ་རྣམས་བསྐྲུན་ཏོ། ། \v 30 དེར་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་རང་ཉིད་གཙང་སྦྲ་བྱས་ཤིང་། འབངས་མི་ཡང་གཙང་སྦྲ་བྱས་པ་དང་། མཁར་སྒོ་དང་མཁར་གྱང་ལའང་གཙང་སྦྲ་བྱས་སོ། ། \v 31 དེ་ནས་ངས་ཡ་ཧུ་དཱའི་འགོ་དཔོན་རྣམས་མཁར་གྱང་ཐོག་ཏུ་ཁྲིད་ནས། གཏང་རག་འབུལ་བའི་མགུར་ལེན་མཁན་རྣམས་རུ་ཁག་གཉིས་བྱས་ཏེ། རུ་ཁག་གཅིག་ནི་མཁར་གྱང་སྟེང་དུ་གཡས་ཕྱོགས་ཀྱི་ལྕི་བའི་སྒོ་ཡི་ཕྱོགས་སུ་ཕྱིན་ཏོ། ། \v 32 དེ་དག་གི་རྗེས་ནས་འགྲོ་བ་ནི་ཧོ་ཤ་ཡཱ་དང་ཡ་ཧུ་དཱའི་འགོ་དཔོན་གྱི་ཕྱེད་ཀ་ཡོད་དོ། ། \v 33 ཡང་ཨ་ཟར་ཡཱ་དང་། ཨེས་སི་རཱ་དང་། མཱེ་ཤུལ་ལིམ་དང་། \v 34 ཡ་ཧུ་དཱ་དང་། པེན་ཡཱ་མེན་དང་། ཤེ་མ་ཡཱ་དང་། ཡེ་རེམ་ཡཱ་བཅས་ཡོད་དོ། ། \v 35 ད་དུང་མཆོད་དཔོན་གྱི་བུ་རྒྱུད་ལས་དུང་འབུད་མཁན་ནི་ཟཱ་ཀར་ཡ་ཡོད་དེ། ཟཱ་ཀར་ཡ་ནི་ཡོ་ནཱ་ཐན་གྱི་བུ་དང་། ཡོ་ནཱ་ཐན་ནི་ཤེ་མ་ཡཱའི་བུ་དང་། ཤེ་མ་ཡཱ་ནི་མད་ཐན་ཡཱའི་བུ་དང་། མད་ཐན་ཡཱ་ནི་མི་ཀ་ཡཱའི་བུ་དང་། མི་ཀ་ཡཱ་ནི་ཟག་ཀུར་གྱི་བུ་དང་། ཟག་ཀུར་ནི་ཨ་སབ་ཀྱི་བུའོ། ། \v 36 ཡང་ཟཱ་ཀར་ཡ་ཡི་སྤུན་རྣམས་ནི། ཤེ་མ་ཡཱ་དང་། ཨ་ཟར་ཨེལ། མི་ལ་ལ་ཨི། གི་ལ་ལ་ཨི། མ་ཨ་ཨི། ནེ་ཐན་ཨེལ། ཡ་ཧུ་དཱ། ཧ་ནཱ་ནེ་བཅས་ཡོད་ལ། ཁོ་ཚོས་དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱི་རོལ་ཆས་ཁུར་ཡོད། དེ་དག་གི་སྔོན་དུ་དྲུང་ཡིག་ཨེས་སི་རཱ་ཕྱིན་ཏོ། ། \v 37 དེ་རྣམས་ཆུ་མིག་གི་སྒོ་ཞེས་པ་བརྒྱུད་དཱ་བིད་ཀྱི་གྲོང་ཁྱེར་གྱི་ཐེམ་སྐས་ནས་འཛེགས་ཏེ། མཁར་གྱང་གི་ངོས་ལ་ཡར་འགྲོ་ཞིང་། དཱ་བིད་ཀྱི་ཕོ་བྲང་ནས་ཤར་ཕྱོགས་ཀྱི་ཆུ་སྒོའི་བར་དུ་ཕྱིན་ཏོ། ། \v 38 ཡང་མགུར་ལེན་མཁན་གྱི་རུ་ཁག་གཞན་དེ་ཁ་ཕྱིར་འཁོར་ནས་སོང་། བདག་དང་འབངས་མི་ཕྱེད་ཀ་མཁར་གྱང་སྟེང་ནས་དེ་དག་གི་རྗེས་འབྲངས་ནས་སོང་སྟེ། མེ་ཐབ་མཁར་ནས་མཁར་གྱང་ཞེང་ཆེན་བར་དུ་ཕྱིན་ཏོ། ། \v 39 དེ་ནས་ཡང་ཨེ་ཕཱར་ཡིམ་གྱི་སྒོ་དང་། གནའ་སྒོ་དང་། ཉ་སྒོ་དང་། ཧ་ནན་ཨེལ་མཁར་དང་། ཧམ་མེ་ཨའི་མཁར་དང་། ལུག་སྒོའི་བར་དུ་ཕྱིན་ཏེ། སྲུང་སྒོར་ལངས་ནས་བསྡད་དོ། ། \v 40 དེ་ནས་མགུར་ལེན་མཁན་རུ་ཁག་གཉིས་པོ་དཀོན་མཆོག་གི་མཆོད་ཁང་དུ་ལངས་ནས་བསྡད་པ་དང་། དེར་བདག་དང་འགོ་དཔོན་ཕྱེད་ཀ་ཡོད་པ་ཡིན། \v 41 ད་དུང་ཨེལ་ཡ་ཀིམ་དང་། མ་ཨ་སེ་ཡཱ། མིན་ཡ་མིན། མི་ཀ་ཡཱ། ཨེལ་ཡོ་ཨེ་ནཱ་ཨི། ཟཱ་ཀར་ཡ། ཧ་ནན་ཡཱ་བཅས་དུང་འབུད་མཁན་མཆོད་དཔོན་རྣམས་ཡོད་དོ། ། \v 42 ཡང་མ་ཨ་སེ་ཡཱ་དང་ཤེ་མ་ཡཱ། ཨེ་ལི་ཨ་ཟར། ཨུ་ཟི། ཡེ་ཧོ་ཧ་ནན། མལ་ཀི་ཡཱ། ཨེ་ལཱམ་དང་ཨེ་བཟིར་བཅས་ཡོད། ཡང་མགུར་ལེན་མཁན་རྣམས་ཀྱིས་སྐད་ཆེན་པོས་མགུར་བླངས་ཤིང་། ཡིས་ར་ཧི་ཡཱ་ཡིས་ཁོ་ཚོར་དབུ་མཛད་བྱས་སོ། ། \v 43 ཉིན་དེར་ཁོ་ཚོས་དམར་མཆོད་རྒྱ་ཆེན་པོ་ཕུལ་བ་དང་དཀོན་མཆོག་གིས་དེ་རྣམས་ལ་དགའ་སྤྲོ་ཆེན་པོ་དང་བདེ་སྐྱིད་གནང་། ཁོ་ཚོར་དགའ་སྤྲོས་ཁེངས་པ་དང་། བུད་མེད་དང་བྱིས་པའང་དགའ་སྤྲོས་ཁེངས། ཡེ་རུ་སཱ་ལེམ་གྱི་དགའ་སྤྲོའི་སྒྲ་ནི་རྒྱང་རིང་ནས་ཀྱང་ཐོས་པར་གྱུར་ཏོ། ། \s1 ལས་འགན་སྣ་ཚོགས་སླར་གསོ་བྱུང་བ། \p \v 44 ཉིན་དེར་མི་འགའ་ཞིག་མཛོད་ཁང་དུ་བདག་གཉེར་བྱེད་པར་མངགས་པ་དང་། འདེགས་མཆོད་དང་། སྐྱེ་དངོས་ཀྱི་ཐོག་ཕུད་དང་། བཅུ་ཆའི་གཅིག་བླངས་པ་ནི་ཞལ་འདེབས་སུ་འབུལ་བ་དང་། གྲོང་རྡལ་སོ་སོའི་ཞིང་ས་ལྟར་དང་བཀའ་ཁྲིམས་ནང་བཞིན་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་སྐལ་དེ་མཛོད་ཁང་དུ་བསྡུས། ཡ་ཧུ་དཱ་པ་ནི་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་ཞབས་ཏོག་ལ་དགའ་བར་གྱུར་ཏོ། ། \v 45 མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་བརྩིས་ཏེ་གཙང་སྦྲ་བྱས་པ་དང་། མགུར་ལེན་མཁན་དང་སྒོ་སྲུང་རྣམས་ཀྱིས་ཀྱང་དཱ་བིད་དང་ཁོའི་བུ་སོ་ལོ་མོན་གྱི་བཀའ་ནང་བཞིན་བསྒྲུབས་སོ། ། \v 46 གང་ལ་ཞེ་ན། གནའ་སྔ་མོར་དཱ་བིད་དང་ཨ་སབ་ཀྱི་དུས་སྐབས་སུ་མགུར་ལེན་མཁན་རྣམས་ལ་དབུ་མཛད་ཡོད་པ་དང་། དཀོན་མཆོག་ལ་བསྟོད་པ་དང་བཀའ་དྲིན་འབུལ་བའི་མགུར་ཡང་ཡོད་དོ། ། \v 47 དེ་ཡང་ཟེ་རུ་པཱ་པེལ་དང་ནེ་ཧེམ་ཡཱའི་དུས་སྐབས་སུ། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་མགུར་ལེན་མཁན་དང་སྒོ་སྲུང་རྣམས་ལ་ཉིན་རེ་བཞིན་སྐལ་སྦྱིན་པ་དང་། ཡང་ལེ་ཝི་པ་རྣམས་ཀྱི་སྐལ་ལོགས་སུ་བཀར་བ་དང་། ལེ་ཝི་པ་རྣམས་ཀྱིས་ཀྱང་ཨ་རོན་གྱི་བུ་རྒྱུད་ཀྱི་སྐལ་ལོགས་སུ་བཀར་བའོ། ། \c 13 \cl ལེའུ་བཅུ་གསུམ་པ། \toc1 ༄༅། །ནེ་ཧེམ་ཡཱའི་མདོ། \toc2 ནེ་ཧེམ་ཡཱ། \s1 ཕྱི་ཕྱོགས་ཀྱི་མི་རྣམས་དང་ཁ་བྲལ་བ། \p \v 1 ཉིན་དེར་འབངས་མིས་མོ་ཤེའི་མདོ་དེ་ཀློག་པ་ཐོས་ནས། ཨམ་མོན་པ་དང་མོ་ཨབ་པ་རྣམས་དཀོན་མཆོག་གི་ཚོགས་འདུའི་ཁྲོད་དུ་ནམ་ཡང་ཡོང་མི་ཆོག་པ་དེའི་ནང་དུ་བཀོད་ཡོད་པ་ཤེས་སོ། ། \v 2 གང་ལ་ཞེ་ན། དེ་དག་གིས་ཡེས་ར་ཨེལ་པ་རྣམས་བསུ་བར་བག་ལེབ་དང་ཆུ་ཁུར་ནས་མ་འོངས་པ་དང་། པེལ་ཨམ་གླས་ནས་དེ་རྣམས་ལ་དམོད་པ་བྱས་ནའང་། ངེད་ཀྱི་དཀོན་མཆོག་གིས་དམོད་པ་དེ་བྱིན་རླབས་སུ་བསྒྱུར་བར་མཛད་དོ། ། \v 3 ཡེས་ར་ཨེལ་པ་རྣམས་ཀྱིས་བཀའ་ཁྲིམས་དེ་ཐོས་མ་ཐག་ཏུ་རིགས་རྒྱུད་འདྲེས་མ་ཐམས་ཅད་ལས་སོ་སོར་ཕྱེས་སོ། ། \s1 ནེ་ཧེམ་ཡཱ་ཡིས་མཐའ་མཇུག་གི་བསྒྱུར་བཅོས་བྱས་པ། \p \v 4 ཡང་དོན་འདིའི་སྔོན་དུ་ཏོ་བི་ཡཱ་དང་གཉེན་ཉེ་ཡིན་པའི་མཆོད་དཔོན་ཨེལ་ཡཱ་ཤིབ་གཉིས་ཀྱིས། མངགས་བཅོལ་ལྟར་རང་ཅག་དཀོན་མཆོག་གི་མཆོད་ཁང་གི་མཛོད་ཁང་དུ་བདག་གཉེར་བྱེད་པ་དང་། \v 5 ཏོ་བི་ཡཱར་ཁང་པ་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་སྟེ། དེ་ནི་སྔོན་ཆད་འབྲུ་རིགས་ཀྱི་མཆོད་པ་དང་། སྤོས་དཀར་དང་། སྣོད་ཆས་བཅས་དང་། ཁྲིམས་སྲོལ་ལྟར་ལེ་ཝི་པ་རྣམས་དང་མགུར་ལེན་མཁན་དང་། སྒོ་སྲུང་བཅས་ལ་འབུལ་བྱའི་འབྲུ་དང་རྒུན་ཆང་། སྣུམ་བཅས་ཀྱི་བཅུ་ཆའི་གཅིག་དང་། མཆོད་དཔོན་ལ་དབང་བའི་འདེགས་མཆོད་བཅས་བསྡུས་ཡོད་པའི་ཁང་པ་ཡིན་ནོ། ། \v 6 དོན་འདི་ཐམས་ཅད་འབྱུང་དུས་སུ་ང་ནི་ཡེ་རུ་སཱ་ལེམ་དུ་མེད། གང་ལ་ཞེ་ན། པཱ་པེལ་ལོན་གྱི་རྒྱལ་པོ་ཨར་ཐག་ཤཱ་ཐིའི་སྲིད་ལོ་སོ་གཉིས་པར་ང་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། ཉིན་འགའ་ཤས་བསྡད་རྗེས་རྒྱལ་པོ་དང་འབྲལ་བའི་དགོངས་པ་ཞུས། \v 7 ཡེ་རུ་སཱ་ལེམ་དུ་སླེབས་ནས། ཨེལ་ཡཱ་ཤིབ་ཀྱིས་ཏོ་བི་ཡཱའི་ཆེད་དུ་དཀོན་མཆོག་གི་མཆོད་ཁང་གི་ཚོམས་སྐོར་ནང་དུ་ཁང་མིག་ཅིག་གྲ་སྒྲིག་བྱས་པའི་དོན་ངན་འདི་རྟོགས་པ་དང་། \v 8 ང་ཁོང་ཁྲོ་ཆེན་པོ་ལངས་ནས་ཏོ་བི་ཡཱའི་ཁྱིམ་གྱི་ནོར་རྫས་ཐམས་ཅད་མཛོད་ཁང་དེའི་ནང་ནས་ཕྱིར་འཕངས་སོ། ། \v 9 དེ་ནས་ངས་བཀའ་བསྒོས་ཏེ་ཁང་པ་དེའི་ནང་གཙང་མ་བྱས་པ་དང་། དཀོན་མཆོག་གི་མཆོད་ཁང་གི་སྣོད་ཆས་རྣམས་དང་། འབྲུ་རིགས་ཀྱི་མཆོད་པ་དང་། སྤོས་དཀར་རྣམས་སླར་དེའི་ནང་དུ་བཞག་གོ ། \v 10 ཡང་ངས་ལེ་ཝི་པ་རྣམས་ལ་ནོར་སྐལ་མི་སུས་ཀྱང་མ་སྤྲད་པས། ཞབས་ཏོག་སྒྲུབ་པའི་ལེ་ཝི་པ་དང་མགུར་ལེན་མཁན་ཀུན་པོ་རང་ཉིད་ཀྱི་ཞིང་སར་ཕྱིན་པ་ཤེས་ཚོར་བྱུང་། \v 11 དེ་ནས་ངས་འགོ་དཔོན་དག་ལ་གཤེ་གཤེ་བཏང་ནས་འདི་ལྟར། དཀོན་མཆོག་གི་མཆོད་ཁང་སྤངས་བཞག་པ་ཅི་ཡིན་ནམ་ཞེས་སྨྲས་ཤིང་། ངས་ལེ་ཝི་པ་རྣམས་མཉམ་དུ་བསྡུས་ཏེ་རང་རང་གི་ལས་སྣེར་བཞག་གོ ། \v 12 དེ་ནས་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་འབྲུ་དང་རྒུན་ཆང་གསར་པ་དང་། སྣུམ་གསར་པ་བཅས་ཀྱི་བཅུ་ཆའི་གཅིག་དཀོར་མཛོད་དུ་བསྐྱལ་བྱུང་། \v 13 ཡང་ངས་མཆོད་དཔོན་ཤེ་ལེམ་ཡཱ་དང་དྲུང་ཡིག་ཟཱ་ཏོག་དང་། ལེ་ཝི་པ་ཕེ་ད་ཡཱ་བྱ་བ་བཅས་གསུམ་པོ་དཀོར་མཛོད་ཀྱི་གཉེར་པར་བསྐོས་ཏེ། དེ་དག་གི་གཉེར་གཡོག་ཏུ་ཧ་ནན་བསྐོས། ཧ་ནན་ནི་ཟག་ཀུར་གྱི་བུ་དང་། ཟག་ཀུར་ནི་མད་ཐན་ཡཱའི་བུའོ། །དེ་དག་ནི་མི་གཞུང་དྲང་ཡིན་ཏེ། རང་གི་སྤུན་རྣམས་ལ་བགོ་བཤའ་རྒྱག་པ་ནི་དེ་དག་གི་ལས་འགན་ཡིན་ནོ། ། \v 14 ཀྱེ། ངའི་དཀོན་མཆོག་ལགས། ངས་རང་གི་དཀོན་མཆོག་གི་མཆོད་ཁང་དོན་དུ་སེམས་གཏིང་ནས་ལས་བཟང་པོ་བསྒྲུབས་པས་བདག་མ་འདོར་ཅིག འདིའི་ཕྱིར་དུའང་བདག་དྲན་དུ་གསོལ་ལོ། ། \v 15 ཉིན་དེ་དག་གི་རིང་ལ་ངས་ཡ་ཧུ་དཱ་རུ་མི་ཁ་ཤས་ཀྱིས་ངལ་གསོ་བའི་ཉིན་ལ་རྒུན་ཆང་འཚིར་གནོན་བྱེད་པ་དང་། ཚར་ཕོན་མང་པོ་བོང་བུ་ལ་ཁལ་འགེལ་བ་དང་། རྒུན་ཆང་དང་རྒུན་འབྲུམ་དང་། སེ་ཡབ་དང་ཁུར་པོ་གང་རུང་ཡེ་རུ་སཱ་ལེམ་དུ་ངལ་གསོ་བའི་ཉིན་མོར་སྐྱེལ་བ་མཐོང་ནས། དེ་དག་གིས་ཉོ་ཚོང་བྱེད་པའི་ཉིན་མོར་ངས་དེ་རྣམས་ལ་ཉེན་བརྡ་བཏང་བ་ཡིན། \v 16 དེར་མ་ཟད། ཡེ་རུ་སཱ་ལེམ་དུ་གནས་པའི་ཐཱར་པ་འགའ་ཤས་ཀྱིས་ཀྱང་ཉ་དང་ཚོང་རིགས་སྣ་ཚོགས་ནང་དུ་དྲངས་ནས་ངལ་གསོ་བའི་ཉིན་མོར་ཡ་ཧུ་དཱ་པ་རྣམས་ལ་བཙོངས་སོ། ། \v 17 དེར་ངས་ཡ་ཧུ་དཱའི་སྐུ་དྲག་རྣམས་ལ་གཤེ་གཤེ་བཏང་ནས་འདི་ལྟར། ཁྱོད་ཅག་གིས་ལས་ངན་པ་འདི་བྱས་ནས་ངལ་གསོ་བའི་ཉིན་མོ་བཙོག་པར་བྱེད་པ་ཅི་ཡིན་ནམ། \v 18 ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པས། བདག་ཅག་གི་དཀོན་མཆོག་གིས་ང་རང་ཚོ་དང་། ཐ་ན་གྲོང་ཁྱེར་འདིའི་སྟེང་དུ་གནོད་པ་འདི་ཚང་མ་བཏང་བ་མ་ཡིན་ནམ། ད་ལྟ་ངལ་གསོ་བའི་ཉིན་མོ་བཙོག་པར་བྱས་པ་དང་བསྟུན་ནས་ཁྱོད་ཅག་གིས་ཡེས་ར་ཨེལ་ལ་གཏུམ་དྲག་མང་པོ་བསྐྱལ་ཡོང་ངོ་ཞེས་སྨྲས་སོ། ། \v 19 ངལ་གསོ་བའི་ཉིན་གྱི་ཉིན་སྔོན་མ་ས་རུབ་ཁར་བདག་གིས་ཡེ་རུ་སཱ་ལེམ་གྱི་སྒོ་ཐམས་ཅད་ཟྭ་རྒྱག་དགོས་པ་དང་། ཡང་ངལ་གསོ་བའི་ཉིན་མོ་མ་འདས་བར་དུ་སྒོ་ཕྱེ་མི་ཆོག་པའི་བཀའ་བབས་པ་ཡིན། ཡང་ངལ་གསོ་བའི་ཉིན་མོར་གྲོང་ཁྱེར་ནང་དུ་ཁུར་པོ་བསྐྱལ་མི་ཡོང་བའི་ཆེད་དུ། བདག་གིས་གཡོག་པོ་འགའ་ཞིག་མངགས་ནས་མཁར་སྒོ་སྲུང་དུ་བཅུག་པ་ཡིན། \v 20 དེའི་རྐྱེན་གྱིས་ཚོང་པ་དང་ཚོང་རིགས་སྣ་ཚོགས་འཚོང་མཁན་རྣམས་ཐེངས་གཅིག་གཉིས་ལ་ཡེ་རུ་སཱ་ལེམ་གྲོང་ཁྱེར་ཕྱི་རོལ་ཏུ་ཞག་སྡོད་བྱས། \v 21 ངས་དེ་དག་ལ་ཉེན་བརྡ་བཏང་ནས་འདི་ལྟར། ཁྱོད་ཅག་གིས་ཅིའི་ཕྱིར་མཁར་གྱང་མདུན་ནས་མཚན་བསྐྱལ་ལམ། ཡང་བསྐྱར་འདི་འདྲ་བྱེད་ན་ངས་ཁྱོད་ཚོར་ལག་འགུལ་ངེས་ཡིན་ཞེས་སྨྲས་པས། དེ་ནས་བཟུང་དེ་དག་ངལ་གསོ་བའི་ཉིན་མོར་མ་འོངས་སོ། ། \v 22 ངས་ལེ་ཝི་པ་རྣམས་ལ་གཙང་སྦྲ་བྱས་ནས་ཡོང་སྟེ་མཁར་སྒོ་བསྲུང་དགོས་པ་དང་། ངལ་གསོ་བའི་ཉིན་མོ་དམ་པར་བརྩི་དགོས་པའི་བཀའ་བབས་པ་ཡིན། ཀྱེ། ངའི་དཀོན་མཆོག་ལགས། འདིའི་ཕྱིར་དུ་བདག་དྲན་པར་མཛོད། ཁྱེད་ཀྱི་ཐུགས་བརྩེ་བ་ཕུན་སུམ་ཚོགས་པས་བདག་ལ་གཟིགས་སུ་གསོལ་ལོ། ། \v 23 ཉིན་དེ་དག་གི་རིང་ལ་ཡང་བདག་གིས་ཡ་ཧུ་དཱ་པ་དག་ཨ་སི་དོད་པ་དང་། ཨམ་མོན་པ་དང་། མོ་ཨབ་པ་བཅས་ཀྱི་བུད་མེད་རྣམས་དང་གཉེན་བསྒྲིགས་པ་མཐོང་བྱུང་། \v 24 དེ་དག་གི་བུ་དང་བུ་མོ་རྣམས་ལས་ཕྱེད་ཀས་ཨ་སི་དོད་ཀྱི་སྐད་སྨྲ་བ་དང་། ཡང་ན་མི་རིགས་གཞན་པའི་སྐད་སྨྲ་ཞིང་། ཡ་ཧུ་དཱའི་སྐད་སྨྲ་མི་ཤེས་སོ། ། \v 25 ངས་དེ་དག་ལ་གཤེ་གཤེ་བཏང་ནས་དམོད་པ་བཏབ་སྟེ། མི་འགའ་ཞིག་ལ་གཅར་རྡུང་བྱས། དེ་དག་གི་མགོའི་སྐྲ་ཡང་བལ་ཞིང་། དཀོན་མཆོག་དཔང་དུ་བཙུགས་ནས་མནའ་བསྐྱལ་དུ་བཅུག་པ་སྟེ། ཁྱོད་ཅག་གིས་རང་གི་བུ་མོ་ཕྱི་རོལ་པའི་བུ་ལ་གཉེན་འབྲེལ་བྱེད་དུ་འཇུག་མི་ཆོག་པ་དང་། ཡང་རང་ཉིད་ཀྱི་བུ་ལ་དེ་དག་གི་བུ་མོ་ཆུང་མར་བླང་མི་ཆོག \v 26 ཡེས་ར་ཨེལ་གྱི་རྒྱལ་པོ་སོ་ལོ་མོན་གྱིས་ཀྱང་དོན་འདིའི་སྟེང་དུ་སྡིག་པ་མ་བྱས་སམ། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཁོང་ལྟ་བུའི་རྒྱལ་པོ་མེད་པ་དང་། དཀོན་མཆོག་གིས་ཁོང་ལ་ཧ་ཅང་གཅེས་པས་ཡེས་ར་ཨེལ་ཡོངས་ལ་བདག་སྐྱོང་བྱེད་པའི་རྒྱལ་པོར་བསྐོས་ཡོད། དེ་ལྟ་ནའང་ཕྱི་ཕྱོགས་པའི་བུད་མེད་རྣམས་ཀྱིས་ཁོང་སྡིག་པའི་ནང་ལྷུང་དུ་བཅུག་གོ ། \v 27 ང་ཚོས་ཁྱོད་ཅག་གིས་དོན་ངན་འདི་རྣམས་བྱེད་པ་རྒྱ་ཡན་དུ་བཏང་ནས། ཕྱི་ཕྱོགས་པའི་བུད་མེད་དང་གཉེན་བསྒྲིགས་ཏེ་ངེད་ཀྱི་དཀོན་མཆོག་ལ་སྡིག་པ་བྱེད་དུ་འཇུག་ག་ལ་རུང་ཞེས་སྨྲས་པའོ། ། \v 28 ཡང་མཆོད་དཔོན་ཆེན་པོ་ཨེལ་ཡཱ་ཤིབ་ཀྱི་བུ་ཡོ་ཡ་དཱའི་བུ་རྣམས་ལས་གཅིག་ནི་ཧོ་རོན་པ་སན་པཱ་ལད་ཀྱི་མག་པ་ཡིན་པས། ངས་ཁོ་རང་ངའི་མདུན་ནས་ཕར་བསྐྲད་པ་ཡིན། \v 29 ཀྱེ། ངའི་དཀོན་མཆོག་ལགས། དེ་དག་གི་སྡིག་པ་ཐུགས་སུ་དགོངས་པར་མཛོད་ཅིག དེ་དག་གིས་མཆོད་དཔོན་གྱི་གོ་གནས་སྦགས་ཤིང་། མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་དམ་བཅའ་དང་འགལ་ལོ། ། \v 30 དེ་ལྟར་ངས་ཁོ་རྣམས་ལ་གཙང་སྦྲ་བྱས་ཏེ། ཕྱི་ཕྱོགས་པ་རྣམས་ལ་གཏོགས་པ་ཐམས་ཅད་ལས་ཕྲལ་ཞིང་། ཡང་ངས་མཆོད་དཔོན་དང་ལེ་ཝི་པ་རྣམས་ཀྱི་ལས་རེས་གཏན་ལ་ཕབ་སྟེ་ཁོ་རྣམས་ལ་རང་རང་གི་ལས་འགན་བསྒྲུབ་ཏུ་བཅུག་ཅིང་། \v 31 དུས་ལྟར་འབུད་ཤིང་དང་སྐྱེ་དངོས་ཐོག་མ་རྣམས་ཕུལ་ཏོ། །ཀྱེ། ངའི་དཀོན་མཆོག་ལགས། བདག་ཐུགས་སུ་བཟུང་ནས་དྲིན་གྱིས་སྐྱོང་བར་མཛོད་ཅིག ། །།