\id NAM – NTB \h ནཱ་ཧུམ། \toc1 ༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ། \toc2 ནཱ་ཧུམ། \mt1 ༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ། \imt1 ལུང་སྟོན་པ་ནཱ་ཧུམ་གྱི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས། \is1 ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། \ipi ནཱ་ཧུམ་ཞེས་པ་ནི་སེམས་གསོའི་དོན་ཡིན། ལུང་སྟོན་པ་ཡོ་ནཱས་ཆོས་བསྒྲགས་པའི་སྐབས་སུ་ནིན་ཝེ་པ་རྣམས་ཀྱིས་འགྱོད་བཤགས་བྱས་པ་དང་། ཁོ་ཚོ་གཏོར་བཤིག་མ་བཏང་བར་གནས་སྐབས་སུ་ཅམ་འཇོག་བྱས་པ་རེད། དེ་ནས་ཅང་མ་འགོར་བར་ནིན་ཝེ་པ་རྣམས་ཀྱིས་གདུག་རྩུབ་དྲག་པོའི་གཏུམ་སྤྱོད་དང་ཁེངས་དྲེགས་ཡང་བསྐྱར་སྤེལ་བ་རེད། \is1 ཡི་གེར་འགོད་མཁན་དང་འགོད་དུས། \ipi ནཱ་ཧུམ་གྱི་ཕ་ཡུལ་ནི་ཨེལ་ཀོ་སི་ཡིན་པ་མ་གཏོགས་ཁོང་གི་སྐོར་ལ་ཤེས་རྟོགས་ཕྲན་ཙམ་ཡང་བྱུང་མེད། ཐ་ན་ཁོང་གི་སྐྱེས་ཡུལ་ངོ་མ་དེ་ཡང་སྙིང་གང་དུ་ཡོད་པའང་གསལ་པོ་མི་ཤེས། ལེའུ་གསུམ་པའི་ནང་དུ་ནཱ་ཧུམ་གྱིས་ནིན་ཝེ་གྲོང་ཁྱེར་འཇིག་པའི་ལུང་བསྟན་གནང་ཡོད། ལུང་བསྟན་དེ་ནི་སྤྱི་ལོ་སྔོན་གྱི་612ལོར་གྲུབ་པ་རེད། དེར་བརྟེན་ནཱ་ཧུམ་གྱིས་བཏང་བའི་བཀའ་གཉན་པོ་འདི་ནི་སྤྱི་ལོ་སྔོན་གྱི་612ནས་663ལོའི་བར་ཙམ་ལ་བྱུང་། ཧ་ལམ་དུས་དེའི་མཇུག་ཏུ་བྱུང་བ་ཡིན་སྲིད། \is1 བརྗོད་སྙིང་དང་གསུང་འཕྲིན། \ipi གཞུང་འདིའི་བརྗོད་བྱའི་སྙིང་པོ་ནི་ནིན་ཝེ་གྲོང་ཁྱེར་ལ་ཉེས་ཆད་བཅད་པའི་སྐོར་ཡིན། དེ་ནི་ནིན་ཝེ་པ་རྣམས་ཀྱིས་གཉའ་གནོན་དང་གདུག་རྩུབ་བཀོལ་བ། ལྷ་སྐུ་བསྟེན་པ། ངན་སེམས་བཅངས་པ་སོགས་ཀྱི་རྐྱེན་གྱིས་ཡིན། དཀོན་མཆོག་གི་དྲང་བདེན་དང་དྲང་གཞག་གི་རྒྱལ་སྲིད་ལ་མཐའ་མར་རྒྱལ་ཁ་འཐོབ་པ་དང་། ལས་ངན་པ་སྤྱད་པ་དང་བཙན་དབང་གིས་བཙུགས་པའི་རྒྱལ་སྲིད་ནི་ཨ་སུར་པ་ནང་བཞིན་འཇིག་པར་འགྱུར། མཇུག་མཐར་ནཱ་ཧུམ་གྱིས་འཇིག་རྟེན་ཡོངས་ཀྱི་བྱ་དངོས་ཕྲ་རགས་ཀུན་ལ་དབང་སྒྱུར་མཁན་དཀོན་མཆོག་ཡིན་པ་གསལ་བསྒྲགས་བྱས། དཀོན་མཆོག་ནི་བྱུང་རབས་ཐམས་ཅད་དང་མི་རིགས་ཀུན་གྱི་མངའ་བདག་ཡིན་པས་ཁོང་གིས་དེ་དག་གི་འབྱུང་འགྱུར་མཐའ་དག་དབང་དུ་བསྒྱུར་ཡོད། \is1 འཆར་ཟིན། \ipi 1. དཀོན་མཆོག་ཡ་ཝཱེ་ཁོང་ཉིད་ནིན་ཝེ་གྲོང་ཁྱེར་ལ་ཐུགས་ཁྲོས་པའི་སྐོར། ༼1:1-15༽ \ipi 2. ནིན་ཝེ་གྲོང་ཁྱེར་མེད་པར་གཏོང་བའི་སྐོར། ༼2:1-13༽ \ipi 3. ནིན་ཝེ་གྲོང་ཁྱེར་ལ་ཆག་སྒོ་འབྱུང་བའི་ལུང་བསྟན་གནང་བ། ༼3:1-19༽ \c 1 \cl ལེའུ་དང་པོ། \toc1 ༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ། \toc2 ནཱ་ཧུམ། \s1 ནིན་ཝེ་གྲོང་ཁྱེར་སྐོར་གྱི་ལུང་བསྟན། \p \v 1 དེ་ཡང་ནིན་ཝེ་གྲོང་ཁྱེར་སྐོར་གྱི་བཀའ་ལུང་སྟེ། ཨེལ་ཀོ་སི་པ་ནཱ་ཧུམ་ལ་ཐོབ་པའི་ཞལ་གཟིགས་ཀྱི་མདོ་ནི་འདི་ལྟ་སྟེ། \v 2 དཀོན་མཆོག་ཡ་ཝཱེ་ནི་ཕྲག་དོག་ཅན་དང་ལན་འཇལ་བའི་དཀོན་མཆོག་ཡིན་ལ། དཀོན་མཆོག་ཡ་ཝཱེས་ལན་འཇལ་བར་མ་ཟད་ད་དུང་ཐུགས་ཁྲོ་མེ་ལྟར་འབར་ཞིང་། ཁོང་གིས་ཉིད་ཀྱི་དགྲ་ལ་ལན་འཇལ་བ་དང་། ཁོང་ནི་དགྲ་ལ་ཐུགས་རབ་ཏུ་ཁྲོ་བ་ཡིན། \v 3 དཀོན་མཆོག་ཡ་ཝཱེ་རང་དགར་ཐུགས་མི་ཁྲོ་ལ། ཁོང་ནི་མཐུ་བོ་ཆེ་ཡིན་ཞིང་། ཁོང་གིས་རྩ་བ་ནས་ཉེས་ཅན་རྣམས་ཉེས་མེད་དུ་མི་བརྩི་སྟེ། དཀོན་མཆོག་ཡ་ཝཱེ་ནི་རླུང་འཚུབ་དང་དྲག་ཆར་ཁྲོད་ནས་ཕེབས་འོང་ལ། སྤྲིན་ཕུང་རྣམས་ཁོང་གི་ཞབས་འོག་གི་ས་རྡུལ་ཡིན་ནོ། ། \v 4 ཁོང་གིས་རྒྱ་མཚོར་བཀའ་བཀྱོན་གནང་བ་ཙམ་གྱིས་རྒྱ་མཚོ་སྐམ་ཞིང་། ཁོང་གིས་གཙང་པོ་ཐམས་ཅད་སྐམ་པར་མཛད་དེ། པཱ་ཤན་དང་ཀར་མེལ་གྱི་རྩྭ་ཐང་སྐམ་པ་དང་། ལེ་པཱ་ནོན་གྱི་མེ་ཏོག་ཡང་རྙིད་ནས་ལྷུང་བའོ། ། \v 5 ཁོང་གི་སྤྱན་སྔར་རི་བོ་རྣམས་འདར་ཞིང་། རི་ཕྲན་རྣམས་ཞུ་བར་འགྱུར་ལ། ས་གཞི་ཁོང་གི་དྲུང་དུ་གཡོ་ཞིང་རྒུད་པར་འགྱུར་བ་དང་། ས་གཞི་དང་དེའི་སྟེང་དུ་གནས་པ་ཐམས་ཅད་ཀྱང་དེ་བཞིན་ཡིན་ནོ། ། \v 6 ཁོང་གི་ཁྲོ་གཏུམ་འོག་ཏུ་སུ་ཞིག་ཚུགས་ནུས་སམ། ཁོང་གི་ཐུགས་ཁྲོ་སུ་ཞིག་གིས་བཟོད་ཐུབ་བམ། ཁོང་གི་ཐུགས་ཁྲོ་ཆེན་པོ་ནི་མེ་ལྟར་འཕྱུར་བ་དང་། བྲག་རྡོ་ཡང་ཁོང་གི་དྲུང་དུ་གས་པར་གྱུར། \v 7 དཀོན་མཆོག་ཡ་ཝཱེ་ནི་ལེགས་པོ་ཡིན་ཏེ། དཀའ་སྡུག་གི་དུས་སུ་ཁོང་ནི་མི་རྣམས་ཀྱི་སྐྱབས་གནས་ཡིན་ལ། ཁོང་ལ་བརྟེན་པའི་མི་རྣམས་ཁོང་གིས་མཁྱེན་ནོ། ། \v 8 ཡིན་ན་ཡང་ཁོང་གིས་ཆུ་ལོག་ཆེན་པོས་ནིན་ཝེ་བསྣུབ་པར་མཛད་ཅིང་། ཁོང་གི་དགྲ་བོ་རྣམས་མུན་པའི་ནང་དུ་སྐྲོད་པར་འགྱུར། \p \v 9 ཀྱེ་ནིན་ཝེ་པ་རྣམས། ཁྱོད་རྣམས་ཀྱིས་ཇུས་ངན་གང་ཞིག་བཤམས་ནས་དཀོན་མཆོག་ཡ་ཝཱེར་རྒོལ་བ་ཡིན་ནམ། ཁོང་གིས་ཡོངས་སུ་མེད་པར་མཛད་ཅིང་། དཀའ་སྡུག་ཡང་བསྐྱར་འབྱུང་བར་མི་འགྱུར། \v 10 དེ་དག་ནི་དཀྲིས་ནས་མདུད་པ་བརྒྱབ་པའི་ཚེར་མ་བཞིན་དང་། ཆང་གིས་ར་བཟི་བའི་མི་དང་སོག་མ་སྐམ་པོ་ཡོངས་སུ་མེར་བསྲེགས་པ་དང་མཚུངས། \v 11 ངན་པ་འགོད་མཁན་ཏེ་ཇུས་ངན་བཤམས་ནས་དཀོན་མཆོག་ཡ་ཝཱེར་རྒོལ་བའི་མི་ནི་ཁྱོད་ལས་ཕྱི་རུ་ཐོན་ནོ། ། \p \v 12 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ནིན་ཝེ་པའི་དམག་ཆས་ཆ་ཚང་ཞིང་མི་གྲངས་མང་མོད། འོན་ཀྱང་དེ་དག་ཚར་དུ་བཅད་ནས་མེད་པར་འགྱུར། ཀྱེ་ཡ་ཧུ་དཱ། ངས་ཁྱོད་ལ་སྡུག་བསྔལ་མྱང་དུ་བཅུག་ན་ཡང་ད་ཕྱིན་ཆད་ཁྱོད་རང་སྡུག་ལ་མི་སྦྱར་རོ། ། \v 13 དེས་ཁྱོད་ཀྱི་མཇིང་ལ་བཀལ་བའི་གཉའ་ཤིང་ནི་ངས་ད་ལྟ་གཅོག་ཅིང་། ཁྱོད་ཀྱི་ལྕགས་ཐག་རྣམས་དུམ་བུར་གཅོད་པར་འགྱུར་ཞེས་གསུངས་སོ། ། \v 14 ནིན་ཝེའི་སྐོར་ལ་དཀོན་མཆོག་ཡ་ཝཱེས་བཀའ་བབས་པ་སྟེ། ཁྱོད་ཀྱི་མི་རབས་ཆད་དེ་མིང་ཙམ་ཡང་ལུས་པར་མི་འགྱུར་ལ། ངས་ཁྱོད་ཀྱི་ལྷ་ཁང་ནང་གི་སྐུ་འདྲ་བརྐོས་མ་དང་བླུག་སྐུ་རྣམས་མེད་པར་བཟོ་ཞིང་། ཁྱོད་ནི་ཐ་ཤལ་ཡིན་པས། ངས་ཁྱོད་ཀྱི་ཕྱིར་དུ་དུར་ས་གྲ་སྒྲིག་བྱེད་ངེས་ཡིན། \v 15 ལྟོས་ཤིག འཕྲིན་བཟང་སྒྲོག་ཅིང་ཞི་བདེ་ཁྱབ་སྒྲོག་བྱེད་མཁན་གྱི་ཞབས་ནི་རི་བོ་སྟེང་དུ་འཛེགས་ནས་ན་རེ། ཀྱེ་ཡ་ཧུ་དཱ། ད་ནི་ཁྱོད་ཀྱིས་དུས་ཆེན་སྲུངས་ལ་རང་གི་དམ་བཅའ་སྒྲུབས་ཤིག ཅིའི་ཕྱིར་ཞེ་ན། ཕྱིན་ཆད་མི་ངན་དེ་ཁྱོད་ཀྱི་དཀྱིལ་ནས་མི་འགྲོ་ཞིང་། དེ་ནི་རྩ་བ་ནས་མེད་པར་བཟོས་པའོ་ཞེས་གསུངས་སོ། ། \c 2 \cl ལེའུ་གཉིས་པ། \toc1 ༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ། \toc2 ནཱ་ཧུམ། \s1 ནིན་ཝེ་ལ་ཉེས་ཆད་གཅོད་པ། \p \v 1 ཀྱེ་ནིན་ཝེ། ཡུལ་ཁམས་གཏོར་མཁན་ཡར་འོངས་ནས་ཁྱོད་ལ་རྒོལ་བར་འགྱུར་བས། ཁྱོད་ཀྱིས་བཙན་རྫོང་བརྟན་པོར་སྲུངས་ཤིག གཟབ་གཟབ་ངང་ལམ་བཀག་ནས་ཁྱོད་ཀྱི་རྐེད་རགས་དམ་པོར་བཅིངས་ཏེ་སྟོབས་ཤུགས་ཆེ་རུ་སྐྱེད་ཅིག \v 2 ཡིན་ཡང་། ཡེས་ར་ཨེལ་གྱི་གཟི་དཔལ་བཞིན་དུ། དཀོན་མཆོག་ཡ་ཝཱེས་ཡ་ཀོབ་ཀྱི་གཟི་དཔལ་ཡང་བསྐྱར་གསོ་བར་མཛད་དེ། ཅི་ལ་ཞེ་ན། འཕྲོག་བཅོམ་བྱེད་མཁན་རྣམས་ཀྱིས་སྔར་དེ་དག་བཅོམ་ནས་སྟོངས་པར་བྱས་ཏེ། དེ་དག་གི་རྒུན་འབྲུམ་ཤིང་གི་ཡལ་ག་རྣམས་ཀྱང་བརླགས་པས་སོ། ། \p \v 3 དེའི་དཔའ་བོ་རྣམས་ཀྱི་ཕུབ་ནི་དམར་པོ་ཡིན་ཞིང་། དམག་མི་རྣམས་ཀྱིས་གྱོན་གོས་མཚལ་མདོག་གྱོན། དེས་ཕར་རྒོལ་བར་གྲ་སྒྲིག་བྱེད་པའི་དུས་སུ། ཤིང་རྟའི་རྣོ་ལྕགས་རྣམས་མེ་ལྟར་འོད་ཆེམ་ཆེམ་བྱེད་ཅིང་། རྟ་དམག་རྣམས་མགྱོགས་མྱུར་ངང་རྒྱུག་བཞིན་འདུག \v 4 ཤིང་རྟ་རྣམས་ནི་སྲང་ལམ་དུ་ཧར་རྒྱུག་བྱེད་ཅིང་། ཐང་ཆེན་དུ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། དེ་དག་ལ་བལྟས་ཚེ་དཔལ་འབར་དང་མཚུངས་ལ། རྒྱུག་དུས་སུ་གློག་འཁྱུག་པ་དང་འདྲའོ། ། \v 5 དེ་ནས་ཨ་སུར་རྒྱལ་པོས་ཁོང་གི་བློན་ཆེན་རྣམས་བསྡུས་པ་ན། དེ་དག་འཁྱར་འཁྱོར་དུ་འོངས་ཤིང་། བྲེལ་འཚུབ་ཆེན་པོས་མཁར་གྱི་སྟེང་དུ་འཛེགས་ཏེ། འགེབས་སྲུང་ཡོ་ཆས་ཡར་བསྒྲེངས་པའོ། ། \v 6 ཆུ་འགག་ཐམས་ཅད་ཕྱེས་པ་དང་། ཕོ་བྲང་ཡང་བསྣུབས་པར་གྱུར། \v 7 འདི་ལྟར་ཐུགས་ཐག་བཅད་ཟིན་པས་རྒྱལ་མོ་གཅེར་བུར་བཙོན་དུ་ཁྲིད་པ་དང་། ཕོ་བྲང་གི་ཞལ་ཏ་མ་རྣམས་ངུ་བའི་སྒྲ་ནི་ཕུག་རོན་བཞིན་ཡིན་ལ། མི་རེ་རེས་བྲང་ཁོག་རྡུང་བཞིན་ངུ་ཤུབ་བརྒྱབ་ཏོ། ། \v 8 གནའ་ནས་བཟུང་སྟེ་ནིན་ཝེ་ནི་ཆུ་རྫིང་ཞིག་དང་འདྲ་བར་གནས་ཀྱང་། ད་ནི་མི་རྣམས་ཕྱོགས་བཞིར་འབྲོའོ། །མི་རྣམས་ཀྱིས་སྐད་བརྒྱབ་སྟེ་མཚམས་ཞོག མཚམས་ཞོག་ཅེས་སྨྲས་ཀྱང་ཕྱིར་ལོག་མཁན་མ་བྱུང་ངོ་། ། \v 9 ཁྱོད་རྣམས་ཀྱིས་གསེར་དང་དངུལ་རྣམས་ཕྲོགས་ཤིག བསགས་དངུལ་རྫོགས་མཐའ་མེད་པ་དང་། མཛེས་སྡུག་ལྡན་པའི་ནོར་རྫས་རྩ་ཆེན་བགྲང་ལས་འདས་པ་ཡིན། \v 10 ད་ལྟ་སྟོང་བར་ལུས་ཤིང་དབེན་སྟོང་དུ་གྱུར་ནས་གཅིག་ཀྱང་ལུས་མེད་ལ། མི་སེམས་དཔའ་ཞུམ་པ་དང་པུས་མོ་གཉིས་འདར་ཏེ། རྐེད་པ་ཡོངས་ལ་ཟུག་གཟེར་ལངས་ནས་ངོ་མདངས་ཐམས་ཅད་སྐྱ་བོར་གྱུར་པའོ། ། \p \v 11 སེང་གེའི་བྲག་ཕུག་གང་དུ་ཡོད་དམ། སེང་གེ་དར་མ་གསོ་བའི་གནས་གང་དུ་ཡོད་དམ། ཕོ་སེང་དང་མོ་སེང་། སེང་ཕྲུག་རྣམས་འཇིགས་སྐྲག་མེད་པར་ལྷོད་ལྷོད་བྱས་ནས་བསྡད་ཆོག་པའི་གནས་གང་དུ་ཡོད་དམ། \v 12 ཕོ་སེང་གིས་སེང་ཕྲུག་གི་ཕྱིར་དུ་ཁ་ཟས་འདང་ངེས་ཕྲལ་བ་དང་། མོ་སེང་གི་ཆེད་དུ་གསོན་པོ་རྣམས་མིད་པ་དགག་ནས་བསད་དེ། རང་གི་བྲག་ཕུག་རི་དྭགས་ཀྱི་ཤ་ཡིས་གང་བ་དང་། ཤ་པགས་ཕྲལ་བ་དེས་དོང་ཡང་བཀང་བར་བྱས། \v 13 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་ལ་རྒོལ་བར་འགྱུར་ཞིང་། ངས་ཁྱོད་ཀྱི་ཤིང་རྟ་རྣམས་བསྲེགས་ནས་དུ་བར་བསྒྱུར་ལ། རལ་གྲི་ཡིས་ཁྱོད་ཀྱི་སེང་གེ་དར་མ་རྣམས་ཁྱུར་མིད་གཏོང་བ་དང་། ངས་ས་ནས་ཁྱོད་ཀྱི་གསོད་བྱ་རྣམས་མེད་པར་བཟོ་ཞིང་། ཁྱོད་ཀྱི་ཕོ་ཉའི་སྒྲ་ཡང་མི་ཡིས་ཡང་བསྐྱར་ཐོས་པར་མི་འགྱུར་རོ་ཞེས་གསུངས་སོ། ། \c 3 \cl ལེའུ་གསུམ་པ། \toc1 ༄༅། །ལུང་སྟོན་པ་ནཱ་ཧུམ་གྱི་མདོ། \toc2 ནཱ་ཧུམ། \s1 ནིན་ཝེ་ལ་ཆག་སྒོ་འབྱུང་བ། \p \v 1 མི་ཁྲག་བཞུར་དུ་བཅུག་པའི་གྲོང་ཁྱེར་འདི་ལ་ཆག་སྒོ་འབྱུང་བ་ཡིན། གྲོང་ཁྱེར་ཡོངས་ཀྱིས་མགོ་གཡོག་མགོ་སྐོར་གཏོང་ཞིང་གདུག་རྩུབ་ཀྱིས་ཁེངས་པ་དང་། འཕྲོག་བཅོམ་བྱེད་པའི་དོན་ནི་ནམ་ཡང་མཚམས་མ་ཆད། \v 2 རྟ་ལྕག་གི་སྒྲ་དང་འཁོར་ལོའི་སྒྲ་ནི་ཆེ་ཞིང་། རྟ་མཆོག་བང་གིས་རྒྱུག་པ་དང་ཤིང་རྟ་རྣམས་ལང་ལོང་གིས་རྒྱུག \v 3 རྟ་དམག་རྣམས་གདོང་མཆོང་བྱེད་པ་དང་། རལ་གྲིའི་འོད་ནི་ཆེམ་ཆེམ་དུ་འཕྲོ་ཞིང་། མདའ་དང་མདུང་ལས་འོད་འཕྲོས་ནས་མི་ཤིན་ཏུ་མང་པོ་བསད་དེ་མི་རོ་ཕུང་ཆེན་སྤུངས་ཡོད་ལ། མི་རོ་བགྲང་ལས་འདས་པས་མི་རྣམས་དེར་ཐོགས་ནས་སར་འགྱེལ་བ་སྟེ། \v 4 དེ་ནི་བྱད་གཟུགས་མཛེས་པའི་སྨད་འཚོང་མ་མང་པོས་ལོག་གཡེམ་བྱས་ཤིང་སྒྱུ་འཕྲུལ་སྟོན་པར་གོམས་ཡོད། དེས་གཡེམ་སྤྱོད་ལ་བརྟེན་ནས་མི་རིགས་ཀུན་བསླུས་ཤིང་སྒྱུ་འཕྲུལ་ལ་བརྟེན་ནས་མི་སྡེ་ཀུན་བྲན་དུ་བཀོལ་བས་སོ། ། \v 5 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་ལ་རྒོལ་བར་འགྱུར་ཞིང་། ངས་ཁྱོད་ཀྱི་སྨད་གཡོགས་ཡར་བཀྱགས་ནས་གདོང་ལ་འགེབ་ཅིང་། མི་རིགས་ཀུན་ལ་ཁྱོད་གཅེར་བུ་ཡིན་པ་མཐོང་བར་བྱ་ཞིང་། རྒྱལ་ཁམས་རྣམས་ལ་ཁྱོད་ཀྱི་ངོ་ཚ་མཐོང་བར་འཇུག་གོ ། \v 6 ངས་མི་གཙང་བ་དང་ཞེན་ལོག་གི་རྫས་ནི་ཁྱོད་ཀྱི་སྟེང་དུ་འཕངས་ནས་ཁྱོད་ལ་བརྙས་བཅོས་གཏོང་ཞིང་། ཁྱོད་ནི་མི་རྣམས་ཀྱི་ངོ་མཚར་བའི་ལྟད་མོར་བསྒྱུར་བར་བྱའོ། ། \v 7 དེ་ནས་ཁྱོད་མཐོང་མཁན་ཐམས་ཅད་བྲོས་ནས་ཁྱོད་དང་འབྲལ་ཞིང་ན་རེ། ནིན་ཝེ་སྟོངས་པར་གྱུར་ཏོ། །སུ་ཞིག་དེའི་ཆེད་དུ་ཡིད་སྐྱོ་བར་འགྱུར་རམ་ཞེས་ཟེར་ཞིང་། ངས་གནས་གང་ནས་ཁྱོད་ལ་སེམས་གསོ་བྱེད་མཁན་རྙེད་ཐུབ་བམ་ཞེས་གསུངས་སོ། ། \p \v 8 ཁྱོད་རང་ནོ་ཨ་མོན་\f + \ft ནོ་ཨ་མོན་ཞེས་པ་ནི་ལྷོ་ཨེ་ཅིབ་ཀྱི་རྒྱལ་སའི་མིང་ཡིན་ལ། མིང་གཞན་དུ་ཐེ་པེ་སི་ཞེས་ཀྱང་བྱ། \f*ལས་སྟོབས་དང་ལྡན་པ་ཡིན་ནམ། ནོ་ཨ་མོན་ནི་ནེ་ལོ་གཙང་པོའི་ཆུ་རྒྱུན་འབབ་ཡུལ་དུ་ཆགས་ཤིང་། ཕྱོགས་བཞི་ཆུ་ཡིས་བསྐོར་ཡོད་པ་དང་། རྒྱ་མཚོ་དེ་ཡི་འཐབ་རགས་ཡིན་ལ། ཆུ་ནི་དེའི་ལྕགས་རི་ཡིན་ནོ། ། \v 9 གུ་ཤ་དང་ཨེ་ཅིབ་གཉིས་པོ་ནི་དེའི་འཛད་མཐའ་མེད་པའི་སྟོབས་ཤུགས་ཡིན་ཞིང་། །ཕུ་ཏཱ་པ་དང་ལེབ་ཡཱ་པ་གཉིས་ནི་དེའི་དཔུང་གྲོགས་ཡིན་ནོ། ། \v 10 ཡིན་ན་ཡང་དེ་ནི་ད་དུང་ཕར་བསྐྲད་ནས་བཙོན་དུ་ཁྲིད་པ་དང་། མོའི་ཕྲུ་གུ་རྣམས་ལམ་མདོ་དག་ཏུ་སར་བརྒྱབ་ནས་ཤི་བ་དང་། མི་རྣམས་ཀྱིས་མོའི་བཀུར་འོས་པ་རྣམས་ཀྱི་ཕྱིར་དུ་རྒྱན་འཕངས་ནས། མོའི་མི་ཆེན་མཐའ་དག་ལ་ལྕགས་སྒྲོག་བརྒྱབ་ཏོ། ། \v 11 ཡང་ཁྱོད་ནི་ཆང་གིས་བཟི་ཞིང་སྐུང་བར་འགྱུར་ཏེ། ཁྱོད་ཀྱིས་དགྲ་ཟླའི་རྐྱེན་དབང་གིས་སྐྱབས་བཅོལ་ས་འཚོལ་བར་འགྱུར། \v 12 ཁྱོད་ཀྱི་བཙན་རྫོང་ཐམས་ཅད་ནི་སྨིན་མ་ཐག་པའི་སེ་ཡབ་ཤིང་གི་ཤིང་ཏོག་དང་འདྲ་ཞིང་། གལ་ཏེ་གཡོ་བར་གྱུར་ན་ཟ་འདོད་ཀྱི་སྐྱེས་བུའི་ཁ་ནང་དུ་ལྷུང་བར་འགྱུར། \v 13 ལྟོས་ཤིག ཁྱོད་ཀྱི་དམག་མི་ཐམས་ཅད་ནི་བུད་མེད་དང་འདྲ་སྟེ། ཁྱོད་ཀྱི་མངའ་ཁོངས་ནང་གི་སྒོ་ཆེན་རེ་རེ་དགྲ་ཟླའི་ཕྱོགས་སུ་ཕྱེས་ཤིང་། ཁྱོད་ཀྱི་སྒོ་གཏན་རྣམས་མེས་བསྲེགས་པའོ། ། \v 14 ཁྱོད་ཀྱིས་ཆུ་བླངས་ཏེ་རང་གི་ལྕགས་རི་རྣམས་བརྟན་པོར་བྱེད་པ་དང་དགྲ་ཡིས་མཐའ་ནས་བསྐོར་བར་གྲ་སྒྲིག་བྱས་ཏེ། འདམ་ནང་བབས་ཏེ་འཇིམ་པ་བརྫིས་ནས་སོ་ཕག་སྲེག་ཁུང་ཞིག་གསོ་བྱེད་དགོས། \v 15 གནས་དེར་མེ་ཡིས་ཁྱོད་བསྲེག་ཅིང་། རལ་གྲིས་ཁྱོད་ཚར་དུ་གཅོད་པ་དང་ཆ་ག་པ་ཟ་བ་བཞིན་དུ་ཁྱུར་མིད་གཏོང་བས། ཁྱོད་ཀྱི་མི་གྲངས་ནི་ཆ་ག་པ་དང་ཆ་ག་འབུ་བཞིན་མང་བར་གྱིས་ཤིག \v 16 ཁྱོད་ཀྱིས་རང་གི་ཚོང་པ་འཕེལ་བར་བྱས་ནས་ནམ་མཁའི་སྐར་མ་ལས་ཀྱང་མང་ནའང་། ཆ་ག་པས་ཟོས་ཚར་རྗེས་འཕུར་འགྲོ་བ་ཡིན། \v 17 ཁྱོད་ཀྱི་གཙོ་འཛིན་ནི་ཆ་ག་འབུ་བཞིན་མང་ཞིང་། ཁྱོད་ཀྱི་དམག་དཔོན་ནི་ཨ་ཚག་ཚག་པའི་ཁྱུ་ལྟར་ཡོད་དེ། ནམ་ཟླ་འཁྱག་དུས་ར་སྐྱོར་གྱི་སྟེང་དུ་སྡོད་པ་དང་། ཉི་མ་འཆར་དུས་ཚང་མ་འཕུར་འགྲོ་ཞིང་། དེ་རྣམས་གང་དུ་ཡོད་པ་མི་ཡིས་རྟོགས་པར་མི་འགྱུར་རོ། ། \p \v 18 ཀྱེ་ཨ་སུར་གྱི་རྒྱལ་པོ། ཁྱོད་ཀྱི་ལུག་རྫི་རྣམས་གཉིད་དུ་ཡུར་བ་དང་། ཁྱོད་ཀྱི་སྐུ་དྲག་རྣམས་ངལ་གསོས་པས། ཁྱོད་ཀྱི་མི་སྡེ་རྣམས་རི་ལུང་ཀུན་ལ་ཁ་ཐོར་དུ་སོང་ནས་དེ་རྣམས་བསྡུ་མཁན་གཅིག་ཀྱང་མེད་དོ། ། \v 19 ཁྱོད་ཀྱི་རྨ་ཁ་ལ་གསོ་ཐབས་མེད་དེ། ཁྱོད་ལ་བྱུང་བའི་རྨ་ཁ་ནི་ཤིན་ཏུ་ཚབས་ཆེན་ཡིན་ནོ། །ཁྱོད་ཀྱི་དོན་དེ་ཐོས་མཁན་རྣམས་ཀྱིས་ཁྱོད་ཀྱི་ཕྱོགས་སུ་ཐལ་མོ་རྡེབ་པར་འགྱུར། ཅི་ལ་ཞེ་ན། ཁྱོད་ཀྱིས་རྒྱུན་ཆད་མེད་པར་སྤྱོད་ངན་སྤྱད་པ་དེའི་གནོད་འཚེ་མ་ཐེབས་པ་སུ་ཞིག་ཡོད་དམ།། །།